ཚེ་རིང་བའི་གདམས་ངག

  ཐེངས་ཤིག སུའུ་ཏུང་ཕོའོ་ཡི་གྲོགས་ཀྲང་ཨིག་གིས་ཤོག་བུ་ཞིག་དང་སྨྱུ་གུ་ཞིག་བསྣམས་ནས་སུའུ་སྐུ་ཞབས་ལ་གཏད་དེ་ལེགས་བཤད་ཅིག་འབྲི་དགོས་པའི་རེ་བ་བཏོན།རབ་ཡིན་ན་ལུས་ཕུང་བདེ་ཐང་གི་སྐོར་ནས་འབྲི་དགོས་པའི་རེ་ཞུ་མཛད། སུའུ་ཏུང་ཕོས་བསམ་བློ་ཞིབ་མོ་ཞིག་བཏང་རྗེས་མགོ་བོ་ལྡེམ་ཙམ་བྱས་ཤིང་“ད་ལྟ་ངས་ཁྱོད་ལ་ལུས་ཕུང་བདེ་ཞིང་ཚེ་རིང་ནད་མེད་ཀྱི་སྨན་སྣ་བཞི་ངོ་སྤྲོད་བྱེད”བཅས་བཤད། དེ་ནས་སུའུ་སྐུ་ཞབས་ཀྱིས་དཀར་འཇམ་གྱི་ཤོག་བུའི་ངོས་སུ་ལྡེམ་མྱུར་གྱི་སྨྱུག་རྩལ་བཀོལ་དེ་ལེགས་བཤད་ཤོ་ལོ་ཀ་ཞིག་བྲིས་པ་འདི་ལྟ་སྟེ། “དང་པོ་མི་དགེ་ཉོན་མོངས་དུག་གསུམ་རིང་དུ་སྤོངས།།གཉིས་པ་སྔ་ལངས་སྔ་ཉལ་གོམས་སྲོལ་བཟང་བོ་སྐྱོངས།།གསུམ་པ་ལུས་ཀྱི་སྦྱོང་བརྡར་སྣ་མང་རྟག་ཏུ་བྱོས།།བཞི་བ་ཟས་ཀྱི་སྦྱོར་བ་ཡང་དག་རྒྱུན་དུ་བསྟེན།།” ཀྲང་ཨིག་གིས་ལེགས་བཤད་འདི་ཐེངས་ཤིག་བཀླགས་རྗེས་“འདི་ནས་སྨན་ཞིག་གང་ན་བྲིས་འདུག”ཅེས་ཅི་ཡིན་ཆ་མི་འཚལ་ངང་དྲིས། “འདི་ནི་ལུས་ཕུང་བདེ་ཞིང་ཚེ་ཐག་རིང་བའི་མན་ངག་ཡིན”སུའུ་སྐུ་ཞབས་ཀྱིས་འཛུམ་དམུལ་ངང་དེ་ལྟར་བཤད། རེད་ཡ།“དང་པོ་མི་དགེ་ཉོན་མོངས་དུག་གསུམ་རིང་དུ་སྤོངས།།”ཞེས་པ་ནི་གང་ཟག་ཅིག་ཡིན་ན་དུས་ནམ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་དུ་འགྲོ་མི་རུང་ལ།མཚན་སྙན་དང་ཁེ་གྲགས་འབའ་ཞིག་གི་ཆེད།བསམ་བློ་གཏོང་རྒྱུ་མང་དྲགས་ན་རིང་མོར་རྒས་སླ་བ་དང་ཉིད་ཀྱི་འཚོ་བར་དོན་སྙིང་མེད་འགྲོ  དེ་ལས་ལྡོག་སྟེ།འཇིག་རྟེན་གྱི་དོན་ཆུང་རིང་དུ་སྤངས་ཤིང་དཀྱེལ་ཡངས་སམ་བློ་གཤོགས་ཡངས་པས་ཉིན་རེའི་འཚོ་བ་ཕར་ལ་བསྐྱལ་ན།མི་ཚེ་དོན་དང་ལྡན་པར་འགྱུར་ཞིང་བདེ་སྐྱིད་ཅེས་པའི་ཡིག་འབྲུ་གཉིས་པོར་ཡང་དུས་རྒྱུན་རེག་ཐུབ་ངེས་ཡིན།
  “གཉིས་པ་སྔ་ལངས་སྔ་ཉལ་གོམས་སྲོལ་བཟང་བོ་སྐྱོངས།།”ཞེས་པའང་གཙོ་བོ་མི་རང་ཉིད་ཀྱི་འགྲོ་འདུག་འཆག་ཉལ་ལམ་དུས་ཚོད་ཀྱི་འདུ་ཤེས།བདེ་ཐང་གི་འདུ་ཤེས་སོགས་མཐོ་རུ་བཏེགས་ནས་ཚད་ལྡན་གྱི་གོམས་གཤིས་ཡག་པོ་ཞིག་ཉིད་ལ་ཆགས་རྒྱུའི་རེ་བ་དང་།གོམས་སྲོལ་བཟང་བོ་ནི་མི་ཚེ་བདེ་སྐྱིད་དང་ལུས་ཕུང་བདེ་ཐང་གི་སྨན་དུ་འགྱུར་བའི་སྐུལ་མ་བཏབ་པ་རེད།
  “གསུམ་པ་ལུས་ཀྱི་སྦྱོང་བརྡར་སྣ་མང་རྟག་ཏུ་བྱོས།།”ཞེས་པས་མི་ལུས་བདེ་སྲུང་གི་བྱ་བ་དེ་ཚད་ངེས་ཅན་ཞིག་གི་སྟེང་སྦྱོང་བརྡར་ལ་ཤིན་ཏུ་རག་ལས་ཕྱིར།མི་ནི་དུས་རྒྱུན་སོས་དལ་བག་ཕེབས་སུ་སྡོད་མི་རུང་བར་ལུས་ཀྱི་འགུལ་བསྐྱོད་ལའང་དོ་སྣང་དང་གཙིགས་ཆེན་བྱས་ན་སེམས་ཁམས་བདེ་ཞིང་ལུས་ཕུང་སྟོབས་ལྡན་དུ་འགྱུར་བར་ཕན་ནུས་བླ་ལྷག་ཅིག་ཡོད་ངེས་པ་བསྟན།
  “བཞི་བ་ཟས་ཀྱི་སྦྱོར་བ་ཡང་དག་རྒྱུན་དུ་བསྟེན།།”ཞེས་པ་ནི་གཙོ་བོ་བཟའ་བཏུང་གི་ཐད་ནས་གླེང་བ་སྟེ།ཟས་ཀྱི་རོ་མངར་ཕུན་སུམ་ཚོགས་མིན་དེས་ལུས་ཕུང་བདེ་ཐང་གི་ཆར་ཐད་ཀར་ནུས་པ་ཐོན་ཐུབ་ཀྱིན་མི་འདུག་རྐྱེན།མིས་ངེས་པར་དུ་ཆུ་ཚོད་དང་བཟའ་བཏུང་གི་སྤྱོད་ལམ་གཉིས་མཐུན་བསྡེབས་ལེགས་པོ་བྱས་ན་དེ་ནི་ཉིད་ལ་འཚམས་པའི་ཚན་རིག་གི་བྱེད་ཐབས་ཤིག་ཡིན་པ་གསལ་བོར་བཤད་ཡོད།
སུའུ་སྐུ་ཞབས་ཀྱི་གི་ལེགས་བཤད་འདིས་དོན་དངོས་སུ་སིམས་ཁམས་དང་གཉིད་འཆག  འགུལ་བསྐྱོད་དང་བཟའ་བཏུང་ཕྱོགས་བཞི་ནས་ལུས་ཕུང་བདེ་ཐང་ལ་ཐེབས་པའི་ནུས་པ་དང་དེའི་གལ་ཆེན་རང་བཞིན་སྐོར་ནན་གྱིས་བསྟན་ཡོད། བདེ་ཐང་གི་ལྟ་བ་འདི་དེང་གི་འཚོ་བར་ཡང་ཤིན་ཏུ་རན་ཞིང་རིན་ཐང་ཆེ།
        ༼བཀྲ་ཤིས་རྒྱལ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་བའི་གདམས་ངག

2013-06-26 ཕུའུ་ཀྲོ་ཧིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།