དམངས་གཙོ།༼ཞར་བཀོད་གཅིག་ཡོད༽

བདག་ཉིད་ཆེན་མོ་གྷན་དྷི། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-20

  ཕྱིའི་རྒྱལ་ཁབ་བམ་མི་རིགས་གང་ཞིག་ཡིན་རུང་། “རང་སྲིད་རང་སྐྱོང” (Self-government) ནི་སྲིད་གཞུང་གང་དེའི་སྟངས་འཛིན་འོག་རང་དབང་དང་རང་བཙན་བརྩོན་ལེན་བྱེད་པར་གོ་དགོས།
  གལ་ཏེ་ང་ཚོ་རང་དབང་གི་མི་རུ་འཚོ་གནས་བགྱི་མི་ཐུབ་ཚེ། ང་ཚོ “ཆོག་ཤེས” (content) ཉི་ཚེ་བ་ཞིག་གི་ངང་གཏན་དུ་འཆི་ངེས་རེད།
  དཔྱོད་ཤེས་ཀྱི་དོན་གནད་ཐད་མང་མོས་ཀྱི་སྤྱི་མཚུངས་འགྲོ་ལུགས་དེ་གཏན་ནས་གནས་ཐབས་མེད་ཅིང་། ཉམ་ང་འཁོས་ཞན་གྱི་གནས་བབ་འོག་ཏུ་མ་ཟད། སོ་སོའི་སྐྱེས་ཐོབ་ཀྱི་རང་དབང་ཤོར་བའི་མི་ཞིག་ཡོད་མི་སྲིད་པར་ང་ལ་ཡིད་ཆེས་ངེས་རྙེད་བྱུང་།
  ང་ཚོས་རང་མོས་སུ་བསྟུན་པར་འདྲ་བའི་བྲན་བསྒྱུར་འོག་དབྱིན་ཇི་སྲིད་གཞུང་གི་གོ་མཚོན་ལ་འགན་བབ་དེ་ཙམ་མེད་སྙམ།  
  ས་སྟེང་འདིའི་དབང་ཤུགས་ལ་པུས་བཙུགས་ཏེ་བློ་ཐག་རྦད་ཆོད་ཀྱིས་དགག་བཞག་ཚ་ནན་གཏོང་བ་ལས་ལྷག་པའི་སྙིང་སྟོབས་གཞན་གང་ཡང་མེད། རྔམ་བརྗིད་ཇི་འདྲ་ཆེ་རུང་། མིའི་བླ་སྲོག་ལ་ཟུག་རྔུ་ཙམ་ཡང་མེད་དུས། ཡིད་རྟོན་ཧྲིལ་བོ་ཞིག་གི་ཁྲོད་བླ་སྲོག་དེའང་ཁེར་རྐྱང་དུ་འཚོ་རྒྱུ་ལས་འོས་མེད།
  ང་ཚོར་འཐོབ་རུང་བའི་ཕྱི་དོན་གྱི་རང་དབང་དེ་ནི་ཏག་ཏག་ནང་དོན་གྱི་རང་དབང་དང་རྟེན་འབྲེལ་གྱིས་གྲུབ་ཅིང་། དེ་འདྲའི་རང་དབང་ཞིག་འཕེལ་ཞིང་བསྐྱེད་པ་ལ་ང་རང་ཚོས་ནན་ཏུར་བསྐུལ་ངེས་ཡིན། གལ་ཏེ་འདི་ནི་རང་དབང་གི་ལྟ་བ་ཡང་དག་ཅིག་ཡིན་དུས། ང་ཚོས་ངེས་པར་དུ་ནང་དོན་གྱི་རང་དབང་ལ་ལེགས་བཅོས་དང་དཔྱིས་ཕྱིན་ཡོང་བ་དམིགས་སུ་འཛིན་དགོས་པ་གོར་མ་ཆག།
  ངེས་པ་དོན་གྱི་དམངས་གཙོ་རིང་ལུགས་ནི་འཚེ་མེད་ཞི་བ་རྣལ་མ་ཞིག་སྟེ། རང་ཉིད་ཀྱི་རང་དབང་སྲུང་འཛིན་བགྱིད་པའི་དོན་ཡིན། དེའི་རྐྱེན་པས། ཁོས་རང་གི་རྒྱལ་ཁབ་དང་། མཐར་ཐུག་འགྲོ་བ་མིའི་རིགས་ཀྱི་རང་དབང་ཡང་འགན་སྲུང་ཐུབ་པར་བྱེད།  
  དམངས་གཙོའི་ལམ་ལུགས་དང་དེའི་ངེས་ཟིན་ནི་འཛམ་གླིང་སྟེང་གི་ཆེས་རླབས་ཆེ་བའི་བྱ་བཞག་ཅིག་རེད། དམངས་གཙོའི་སྲིད་གཞུང་ཞིག་གི་ཞེ་འཁོན་དང་། རྨོངས་རྟུལ། རྣམ་རྟོག་བཅས་ནི་སྲིད་གཞུང་གང་དེ་མུན་ནག་གམ་རང་གི་སྲོག་གཅོད་ཀྱི་ཉེར་ལེན་དུ་འགྲོ་སྲིད།  
  ངའི་མི་རིགས་ཀྱི་དམངས་གཙོའི་ལྟ་གྲུབ་འོག་གཉོམ་ཆུང་འཁོས་ཞན་དག་ལའང་བཙན་དབང་ཅན་དང་འདྲ་མཉམ་གྱི་གོ་སྐལ་ཐོབ་ཅིང་། དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་མ་གཏོགས་གཞན་གང་དུའང་འབྱུང་མི་ཐུབ།
ཁེ་དབང་གི་འབྱུང་རྩ་དངོས་ནི “འགན་འཁྲི” (duty) ཡིན་ལ། གལ་ཏེ་ང་ཚོས་རང་འཁྲིའི་འགན་བབ་འཁུར་ཏུ་ལེན་ན། ང་ཚོའི་སྐྱེས་ཐོབ་ཀྱི་ཁེ་དབང་དག་འཚོལ་ཞིང་བསྙེག་པར་ཐག་མི་རིང་།
གལ་ཏེ་ང་ཚོས་གཟུར་མེད་ཀྱི་འགན་འཁྲི་རྨང་ནས་དོར་ཏེ་ཁེ་དབང་ཁོ་ནའི་རྗེས་སུ་འདུར་ཚེ། དེ་ནི་ནམ་ཡང་ཟིན་ཏུ་མེད་པའི་ཆོས་དངོས་རིགས་ཤིག་སྟེ་ང་ཚོར་བྱོལ་ཅིང་། ང་ཚོ་དེའི་རྗེས་སུ་ཅི་ཙམ་བསྙེགས་པ་དེ་ཙམ་དུ་དེའང་རྒྱང་ནས་རིང་དུ་བྱེར་འགྲོ།
ང་རང་ལ་མཚོན་ན། སྲིད་དོན་གྱི་དབང་ཤུགས་ནི་ལྡོག་ཏུ་མེད་པ་ཞིག་རེད་ཀྱང་། འཇོན་ནུས་ཅན་གྱི་མིའི་ཐབས་ཇུས་ནི་ཚེ་སྲོག་གི་གྲུབ་ཆ་རེ་རེའི་ཁྲོད་ཀྱི་མཐུན་རྐྱེན་ཆེས་ལེགས་ཤོས་དེ་རེད་འདུག།
  དོན་དངོས་ཀྱི་དམངས་གཙོ་ནི་འཚེ་མེད་ཞི་བའི་འབྲས་རྟགས་ཁོ་ན་ཡིན་པར་ང་རང་ཡིད་ཆེས་ཡོད། འཛམ་གླིང་སྟེང་གི་རྒྱལ་ཕྲན་ཟླ་སྒྲིལ་གྱི་གྲུབ་ཚུལ་དེ་འཚེ་མེད་ཞི་བའི་གཞི་རྩའི་ཐོག་གོང་མཐོར་གཏོང་ཐུབ་ཅིང་། དྲག་པོའི་དབང་དུ་སོང་ན་འཇིག་རྟེན་གྱི་བྱ་གཞག་ཡོད་ཚད་བློས་གཏོང་རྒྱུ་ལས་མ་འདས།
  ངའི་འདོད་དོན་ནི། ང་ཚོ་མོས་པའི་སྲིད་གཞུང་དེ་ནི་གྲངས་ཉུང་མི་རིགས་སམ་བཙན་དབང་གི་འོག་ནས་མ་ཡིན་པར། བཅོས་སྒྱུར་གྱི་སྟེང་ནས་སྒྲིག་འཛུགས་བྱེད་པར་སྨོན་བཞིན་ཡོད། དེ་ཡང་གལ་ཏེ་མི་རྒྱུད་དཀར་པོའི་དམག་དཔུང་གིས་མི་རྒྱུད་ནག་པོ་བྲན་ཏུ་འགོད་པའི་སྲིད་ཇུས་ཀྱི་འགྱུར་ལྡོག་ཅིག་ཡིན་ན་ནི། ང་ཚོར་ཟིང་རྙོག་གི་མཁོ་སྒྲུབ་ཅིག་གཞར་ཡང་མ་མཆིས།
   དོན་ཅི་ཞིག་འབྱུང་ཡང་ང་ཚོས་མི་གྲངས་རྩིས་བཤེར་བྱ་རྒྱུ་མིན། ཉི་མ་དེ་རིང་གི་གནས་སྟངས་ལས་ཀྱང་ཆེས་འཇིགས་སུ་རུང་བ་ཞིག་མིན་ཡང་། ཁོང་ཚོས་དེ་སྔོན་ལྟར་ང་རང་ཚོར་བཙན་གནོན་དང་བཙན་འཕྲོག་གི་སྦྱོར་ངན་གཅིག་མཚུངས་ཤིག་མྱོང་དུ་འཇུག་རྩིས་རེད།
  ངས་ནི་གང་ཟག་སྒེར་གྱི་རང་དབང་ལ་བརྩི་འཇོག་བྱེད་ཀྱང་། ཡིན་ནའང་ཁྱེད་ཀྱིས་མི་དེ་ནི་རླབས་ཆེ་བའི་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པ་མི་བརྗེད་པར་གྱིས། ཁོས་རང་ཉིད་ཀྱི “རང་དོན་རིང་ལུགས” (individualism) དེའང་སྤྱི་ཚོགས་ཀྱི་དགོས་མཁོའི་འཕེལ་རིམ་དང་བསྟུན་ཏེ་ད་ལྟའི་གནས་བབ་འོག་ནར་སོན་པ་ཡིན་ལ།
  འགོག་རྒོལ་མེད་པའི་རང་དོན་རིང་ལུགས་ནི་ཤིང་ནགས་ཁྲོད་ཀྱི་འཚོ་བའི་འགྲོ་ལུགས་ལེགས་པོ་ཞིག་ཡིན། ང་ཚོས་སྤྱི་ཚོགས་ཀྱི་བཀག་རྒྱ་དང་མི་སྒེར་གྱི་རང་དབང་བར་གྱི “དབུ་མའི་ལམ་ཕྱོགས” (the mean) ལ་རྒོལ་རྡུང་གཏོང་བའི་སྦྱོར་བ་ཉམས་སུ་མྱངས་ཤིང་། ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་སླད་དུ།
   སྤྱི་ཚོགས་གང་དེའི་བཀག་རྒྱར་བསྟུན་ཤེས་བྱ་བའང་སྐྱེས་བུ་སྒེར་དང་སྤྱི་ཚོགས་ཀྱི་སྤུས་ཀའམ་རིན་དོད་མཐོར་འདེགས་གཏོང་བ་དང་། འགྲོ་བ་མི་ཚང་མ་ཚོགས་སྡེ་གཅིག་གི་ཚོགས་མི་ལྟ་བུ་ཡིན་པར་ངེས་ཤེས་རྙེད་པ་ཡིན།
བཟང་སྤྱོད་ཀྱི་གོམས་གཤིས་ནི་ཐུན་མོང་གི་བཟོད་བསྲན་ཏུ་མཐོང་རྐྱེན། འཆར་རྟོག་མི་འདྲ་བའི་གྲུ་ཟུར་རེ་རེ་ནས་ང་ཚོས་དྲང་བདེན་ངེས་ཤིང་། མིའི “དཔྱོད་ཤེས” (Conscience) ཀྱང་གཅིག་མཐུན་གྱི་ཆོས་ཤིག་མིན་སྟབས། དེ་ཡང་སྐྱེས་བུ་སྒེར་སོ་སོའི “སྤྱོད་ལམ” (conduct) གྱི་སྣེ་ཤན་པ་ཆེས་ལེགས་པོ་ཞིག་ཡིན། མིའི་དཔྱོད་ཤེས་ཀྱི་རང་དབང་དང་ལྷན་ཅིག།
 འགྲོ་བ་མིའི་སྟེང་བཙན་འགེལ་བྱེད་པའི་སྤྱོད་ལམ་དེ་ནི་བཟོད་དཀའ་བའི་ཇུས་གཏོགས་རིགས་ཤིག་རེད།
ལར་ཤེས་རིག་སྣ་མང་གི་ལྟ་ཚུལ་མི་འདྲ་བ་དག་དགྲ་རུ་འཛིན་པར་གོ་མི་རུང་། དེ་ལྟར་བགྱིས་ཚེ། ངའི་བདག་མོ་དང་ངེད་གཉིས་ཀ་གཞན་གྱི་དགྲ་ཟླར་འགྱུར་སྲིད། མིའི་ཡུལ་འདིར་ང་རང་ལྟ་གྲུབ་ཆིག་རྐྱང་གི་གང་ཟག་གཉིས་དང་ཕྲད་པར་མ་བྱུང་། ངེད་རང “བྲམ་ཟེའི་ཆོས” (Gita) བྱེད་མཁན་ཞིག་ཡིན་པའི་ཆ་ནས།
  ངས་རྒྱུན་པར་རིང་ལུགས་དང་མི་མཐུན་པའི་གྲུབ་མཐའ་གཞན་པར་བརྩི་མཐོང་བྱེད་ཅིང་། ཆོས་ལུགས་གང་དེའི་མི་རིགས་ལའང་རང་གི་ཉེ་དུ་ཀུན་དང་འདྲ་བར་བརྩེ་བ་བཅངས་ཡོད།
ངས་ནི་བགྲང་དུ་མེད་ཅིང་བླ་རུ་མཐོ་བའི “གྲུབ་མཐའ” (doctrine) ཁག་དབར་གྱི་ལྟ་བ་ཕྱོགས་རེ་བར་ཡིད་མི་རྟོན། རྒྱུ་མཚན་དེ་ཡང་ལེགས་པོར་མཐོང་མཁན་བརྒྱ་ཆའི 51 དང་མོས་པ་འཆང་མཁན་བརྒྱ་ཆའི 49 ལྷག་ཅིག་ཟིན་པའི་དད་ལྡན་མི་མང་གིས་རང་གི་གཅེས་སྲོག་ཀྱང་འདོར་བར་སྤོབས་པའི་དམིགས་ཡུལ་ཞིག་འགྲུབ་ཆེད་ཡིན་པ་མངོན་གསལ་རེད། དེ་ལྟའི་ལྟ་གྲུབ་ནི་ཡ་ང་སྙིང་རྗེ་མེད་པ་ཞིག་སྟེ། འགྲོ་བ་མིའི་རིགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཀྱིན་ཡོད། མིའི་རིགས་ཀྱི་དབུ་འཕང་མཐོ་རུ་འདེགས་པའི་རིང་ལུགས་ཁོ་ན་ད་གཟོད་ཡང་དག་པ་ཡིན་ལ། དེ་ཡང་གཞན་དོན་དུ་རང་དོན་བློས་གཏོང་ཆེན་པོ་ཞིག་ལས་ལེགས་འགྲུབ་འབྱུང་གི་ཡོད།  
  རང་གི་དཔྱོད་ཤེས་ཀྱི་སྐུལ་འདེད་ལ་གདོང་གཏོད་པའི་མི་དེ་ནི་དོན་གོ་ཅི་ཡང་མི་ཆོད་པའི་དབུ་ཁྲིད་ཅིག་སྟེ། ཁོས་གཞན་གྱི་ལྟ་ཚུལ་ཅི་རིགས་ལ་མགོ་བོ་སྨད་རྐྱང་བྱེད་ངེས། གལ་ཏེ་ཁོ་པར་རང་ཉིད་བརྟན་བརླིང་དང་འཁྲིད་སྟོན་བྱེད་པའི་སེམས་གཏིང་གི་གདུང་འབོད་ཙམ་ཡང་མེད་དུས། ཁོ་རང་གཏད་སོ་བྲལ་བའི་གྲུ་གཟིངས་ཤིག་དང་འདྲ་བར་མཚོ་རླུང་གིས་བསྐྱོམ་ཡོང་།
མཐར་ཐུག་གི་དམིགས་འབེན་ཞིག་དང་སྒྲིག་འཛུགས་ཤིག་གི་སྒྲོམ་གཞིའི་ཁྲོད་རྒྱལ་ཁབ་དེའང་དྲག་སྤྱོད་རིང་ལུགས་ཀྱི་ཚབ་མཚོན་ལྟ་བུ་ཡིན། མི་སྒེར་རེ་རེར་ཤ་ཁྲག་གདོས་བཅས་ཀྱི་ཚེ་སྲོག་བདོག་ཀྱང་། རྒྱལ་ཁབ་ནི་སྲོག་མེད་ཀྱི་འཕྲུལ་ཆས་ཤིག་ཡིན་དུས། དེ་ལའང་དེ་ཡིས་གསོན་ཤུགས་བསྩོལ་རྒྱུ་ལས་གང་དེའི་དྲག་སྤྱོད་ཀྱི་རང་གཤིས་བསྒྱུར་མི་བཏུབ།
  དེང་གི་དམངས་གཙོའི་དུས་འདིར་ཀུན་གྱིས་དམངས་གཙོ་ནི་མེད་མི་རུང་བ་ཞིག་ཏུ་འདོད་དེ། རྒྱལ་དམངས་ཀྱི་བརྩོན་སེམས་གཅིག་ཏུ་སྒྲིལ་བ་ལས་ད་གཟོད་འདུན་མ་དེའི་འབྲས་སུ་སྨིན་པ་རེད། དེ་ཡང་ཟད་དུ་མེད་པའི་མིའི་བརྩོན་འགྲུས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཕུགས་བསམ་ཞིག་མངོན་དུ་འགྱུར་བ་ལ་ཆེས་ལེགས་པར་འཁུམས་ཀྱང་། སྤྱི་ཚོགས་སྒྲིག་འཛུགས་ཀྱི་སྟོབས་ཤུགས་ཀྱི“འདུ་ཤེས” (conscious) བསྐྱེད་མི་ཐུབ།  རང་དབང་ནི་ཁྲག་དྲི་བྲོ་བའི་དམར་གསོད་ཆེན་པོ་ཞིག་ལས་འཐོབ་ཀྱི། གཡོ་ཟོལ་གྱི་སྦྱོར་ངན་ཙམ་ལས་མི་ཐོབ་པར་ངས་ཡིད་ཆེས་གཙང་མ་བགྱིད།
  གལ་ཏེ་རང་དབང་གི་རིན་ཐང་གཞལ་ཚེ། རང་དབང་གི་གནད་དོན་དེའང་འཕྱ་དམོད་ཀྱི་གནས་སུ་འགྱུར་བར་མ་ཟད། རང་དབང་ལོངས་སུ་སྤྱོད་པའི་མི་ཀུན་གྱི་སྡེབ་འཚོང་ཐད་དུའང་གཏོར་བརླག་ཐེབས་ངེས། མི་སུ་ཞིག་གི་ལག་ངོར་ཉེས་མེད་མི་དམངས་ཚོའི་ཁྲག་དམར་འགོས་ན། ཁོ་པ་ཚོའི་རང་དབང་དང་དམངས་གཙོ་དེའང་ཡང་དག་པ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད།
མི་རྒྱུད་དཀར་པོའི་འགན་ཁུར་དངོས་ནི་མི་རྒྱུད་ནག་པོ་ཚོར་ཕྱི་ཚུལ་གྱི་སྲུང་སྐྱོབ་བྱེད་པའམ། ཡང་ན་རང་རློམ་དང་ཁེངས་དྲེགས་ཆེན་པོའི་ངང་མིའི་ཤ་མདོག་ལ་བལྟོས་ཏེ་བྲན་ཏུ་གཟུད་རྒྱུ་དེ་མ་ཡིན་པར། རང་གི་བྲང་ཁོག་ཏུ་ཟ་བཞིན་པའི་གཡོ་ཁྲམ་མཇུག་ལྡོག་རྒྱུ་དེ་རེད།
   ད་ནི་མི་རིགས་དཀར་པོས་ཀྱང་འགྲོ་བ་མིའི་རིགས་དང་ཁེ་དབང་འདྲ་མཉམ་གྱི་བརྩི་འཇོག་བྱེད་པའི་དུས་ལ་བབ་ཡོད། འགྲོ་བ་མིའི་རིགས་འདི་ཉིད་མ་གཞི་ནས་བགྲོད་ལམ་ཞིག་གི་བཞི་མདོར་གནས་ཤིང་། དེ་ཡང་མིའི་འགྲོ་ལུགས་དང་ནགས་ཚལ་གྱི་འགྲོ་ལུགས་གཉིས་དབར་གདམ་གསེས་བྱ་དགོས་པ་ཞིག་ཡིན།
  ཉེན་ཁ་གང་ཡང་མེད་ས་ན་མིའི་སྒྲིག་འཛུགས་ཤིག་ཀྱང་ཡོད་མི་སྲིད་ལ། ལོག་སྤྱོད་དང་དམའ་འབེབས་ཀྱི་གོ་སྐལ་ཇི་ལྟར་མོད་ན་མིའི་སྒྲིག་འཛུགས་ཀྱང་དེ་ཙམ་གྱི་གཞི་རྒྱ་ཆེ་བ་ཡོད།
  དམངས་གཙོ་ནི་སྒྲིག་འཛུགས་ཆེན་པོ་ཞིག་ཡིན་པས། དེ་ལའང་བཟོད་དཀའ་བའི་བརྙས་བཅོས་དང་ལོག་སྤྱོད་ཀྱི་འགན་དབང་ཡོད། དེས་ན། ལེགས་བཅོས་གཏོང་བ་ནི་མ་མཐར་ཡང་འབྱུང་ཉེན་གྱི་ལོག་སྤྱོད་ཇེ་ཉུང་དུ་གཏོང་བ་ཡིན་གྱི། དམངས་གཙོ་ལ་བཞོལ་བ་ཡེ་ནས་མ་རེད།
  སྲིད་གཞུང་ལེགས་པོ་ཞིག་གིས་རང་སྲིད་རང་སྐྱོང་གི་ཚབ་བྱེད་མི་ཐུབ་ལ། གང་ལའང་མི་གཏོགས་པར་བརྩོན་པའི་རིག་གནས་དེ་གཞར་ཡང་འཚོ་མི་བཏུབ།
  མི་ཞིག་རང་གི་ཡིད་རྟོན་གྱི་ཕྱོགས་སུ་འགྲེངས་ཏེ་བསམ་ཚུལ་འཆད་དགོས། ཚབས་ཆེ་བའི་མེ་སྐྱོན་ཁྲོད་འགན་ཁུར་ཅི་ཡང་མེད་པའི་མི་དེར་བཟོད་གླགས་བྱེད་དཀའ་བ་ཞིག་ཡིན།
དཀོན་མཆོག་ནི་ཚེ་སྲོག་གི་འཚོ་ལུགས་དང་འབྲལ་དུ་མེད་དུས། དེ་ལའང་མིང་བྱང་གཞན་ཞིག་གི་སྟེང་ནས་འབོད་ངེས། སྐད་ཆ་གཞན་ཞིག་གིས་བཤད་ན། མིའི་འགྲོ་ལུགས་དང་སྒྲིག་བཟོ་བ་གཉིས་ཟུང་དུ་སྒྲིལ་ཡོད་པ་རེད།
  སྲིད་གཞུང་གི་ལེགས་ཉེས་གང་ཞིག་ཡིན་ཀྱང་། “དམངས་གཙོའི་བླ་སྲོག” (The spirit of democracy) ནི་དྲག་ཤུགས་ཀྱི་ཁྲོད་དུ་གསར་འཛུགས་བྱེད་མི་བཏུབ།
  གལ་ཏེ་རྒྱ་གར་བས་ཀྱང་རང་ཉིད་བདེན་པར་བརྟོད་དེ་བརྩེ་བའི་རམ་འདེགས་ཁོ་ནར་བརྟེན་ནས་སྡོད་ཚེ། དེ་ཡང་མི་ཞིག་གིས་རང་ཉིད་མི་ཅི་ལྟ་བུ་ཞིག་བྱའམ་སྙམ་པར་བསྡད་དེ། མཐར་རང་ཉིད་རྩ་བ་ནས་བརླག་པ་དང་གཉིས་སུ་མེད་དོ།།

          འཚེ་མེད་ཞི་བའི་ཐབས་ལམ།

  “འཚེ་མེད་ཞི་བའི་ཐབས་ལམ” (Nonviolence) ནི་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་ཁྱད་དུ་གསོད་པའི་སྟོབས་ཤུགས་འཛད་མེད་ཅིག་དང་། མིའི་བློ་རིག་གིས་གསར་རྩོམ་མཛད་པའི་གོ་མཚོན་གྱི་གཏོར་བཤིག་ལས་ཀྱང་ཆེས་ནུས་སྟོབས་དང་ལྡན་པ་ཞིག་ཡིན་པ་རེད།
 གཏོར་བརླག་ནི་མིའི་ཚུལ་ལུགས་དང་མཐུན་པ་ཞིག་མ་ཡིན། མི་ནི་རང་དབང་གིས་འཚོ་ཞིང་འཆི་བར་ཡང་ཨང་གསར་བྱེད་ངེས། གལ་ཏེ་སྐྱབས་གནས་ཤིག་འདོད་ཚེ། མི་ནི་རང་གི་སྤུན་ཟླའི་ལག་ཏུ་འཚེ་བར་མི་འགྱུར། གནད་ཀ་ཇི་འདྲ་ཡིན་རུང་། མི་གསོད་དང་ཤི་རྨས་ཐེབས་མཁན་སུ་ཞིག་གིས་གཞན་པར་སྲོག་གཅོད་དང་མནར་གཅོད་གཏོང་བ་ནི་འགྲོ་བ་མིའི་ཉེས་སྐྱོན་རིགས་ཤིག་ཡིན་པ་རེད།
  ང་རང་ཚོ་ཇི་སྲིད་དབར་ལུས་ཤུགས་ཀྱི་བརྩོན་པ་ཁོ་ནས་འཚོ་བ་དེ་སྲིད་དུ་འཚེ་མེད་ཞི་བའི་ཐབས་ལམ་ཡང་དག་ཅིག་བདོག་མི་སྲིད། རྒྱུ་མཚན་མི་ཡུལ་དུ་འཚོ་ཞིང་གཞེས་པ་ལ་ང་ཚོར་མ་མཐར་ཡང་བར་གསེང་ཕྲན་བུ་ཙམ་མཁོ་ཆེ། ཁྱོད་ཀྱིས་རང་གི་ལུས་ཕུང་ཁོ་ནར་འཚོ་གཟིགས་གནང་དུས། ཡང་དག་པའི་འཚེ་མེད་ཞི་བའི་ཐབས་ལམ་དེའང་རིགས་པའི་གཞུང་ལུགས་ཙམ་ལས་འདའ་མི་བཏུབ། དེ་ཡང
   “ང་ཚོས་འཁྱུག་ཙམ་མའི་འཚོ་བར་བརྩོན་ལེན་བགྱི་དགོས” ཞེས་གྷི་རེ་སིའི་དབྱིབས་ཚད་རིག་པ་བ་ཨཱོ་ཁི་ལཱེ་ཌ (Euclid) ཡིས་བསྟན་དོན་དང་ཤིན་ཏུ་མཚུངས།
ངའི་དགྲ་རུ་ལང་མཁན་སུ་ཞིག་གིས་རྣོ་གྲི་ཤུབས་ལས་བཏོན་རུང་། ངས་ཁོང་ལ་བརྩེ་བ་ཕོར་གང་འདྲེན་རྒྱུ་ལས་ཅི་ཡང་ནུས་མི་སྲིད། དེ་ནི་ངས་ཁོ་པ་རང་ཉིད་དང་སེམས་ཐག་ཉེ་རུ་གཏོང་བའི་རེ་སྨོན་ཙམ་ཡིན། ངས་ནི་རྟག་ཏུ་མི་དང་མིའི་དབར་འཁོན་སེམས་འཛིན་མི་ཕོད་ཅིང་། རང་ཉིད་སླར་ཡང་མི་ཡུལ་འདིར་འཚོ་བའི་ལྟ་བར་ཡིད་ཆེས་གནངས།
   ང་ནམ་ཡང་དེ་འདྲའི་རེ་བཞག་ཅིག་གི་ཁྲོད་དུ་འཚོ་ངེས་ཡིན་ཞིང་། ཚེ་འདིར་ང་རང་དེ་ལྟར་འཚོ་གནས་མ་ཐུབ་ཀྱང་། ཚེ་རབས་ཕྱི་མར་ངས་སྐྱེ་འགྲོ་ཀུན་ལ་མཛའ་བརྩེ་ཡི་འཐམ་འཁྱུད་བྱ་ཡང་སྲིད།
བརྩེ་དུང་ནི་འཇིག་རྟེན་འདིའི་སྣང་སྲིད་ཐམས་ཅད་ཀྱི་ཁྲོད་གཞོམ་གཞིག་མེད་པའི་སྟོབས་ཤུགས་ཙམ་དུ་མ་ཟད། ཆེས་སྙེམས་ཆུང་བའི་འཆར་སྣང་ཞིག་ཀྱང་ཡིན་པ་རེད།       
སྡུག་བསྔལ་གྱི་མུན་པ་སངས་པའི་ཉི་ཟེར་ཀློང་དུ། ཕན་ཚུན་དབར་ཤ་འཁོན་དང་སྡང་སྡིགས་ཅི་ཡང་མེད་ལ། རྨོངས་པས་རྫབ་ཅིང་སྲ་འཐས་སུ་གྱུར་པའི་སེམས་པ་དེའང་བཞུ་བར་འགྱུར་ངེས།
སྟ་གོན་རེ་ལ་ཕམ་ཁ་རེ་དང་བཅས་ང་ནི་ནུས་མེད་ཅོལ་ཆུང་ངང་དེ་འདྲའི་རེ་བཞག་ཅིག་གིས་སྟོང་མོད། ཕམ་ཉེས་དེ་དག་གིས་ང་རང་སྔར་ལས་ཀྱང་ཉེན་ཁའི་ཁྲོད་ཀྱི་མེལ་ཚེ་བ་ཞིག་ཏུ་བསྐུལ་ཞིང་ངའི་ཡིད་རྟོན་ལ་གསོན་ཤུགས་བསྩལ་བྱུང་།
   ངས་ནི་འཚེ་མེད་དང་བདེན་ལུགས་ལ་དཔྱད་འཇུག་བྱེད་པའི་ཡིད་རྟོན་གྱི་མིག་ཟུང་འདི་ལས་ང་རང་ཚོར་མི་ཡུལ་འདིར་འགན་འཁྲི་ཅི་ཙམ་ཡོད་པ་རྟོགས་ཀྱང་། དེ་ཡང་ངན་དང་གནོད་ཀྱི་ཤན་སྟོབས་ཆེ་བའི་འདུ་ཤེས་རིགས་ཤིག་རེད།
ང་རང་དེ་འདྲའི་རེ་སྨོན་གྱིས་ཕངས་ཀྱང་། ང་ནི་འཚེ་མེད་ཞི་བའི་རིག་པར་དཔྱོད་ཤེས་བྱེད་མཁན་ཞིག་ཡིན། འཚེ་མེད་ཞི་བའི་རིག་པའི་ཟབ་ཚད་ཅི་ཞིག་གིས་ང་རང་རྗེས་འབྲང་བ་གཞན་དག་དང་འདྲ་བར་འགྱེལ་གྲབས་བྱེད།
འཚེ་མེད་ཞི་བའི་ཆ་རྐྱེན་དང་པོ་ནི་ཁོར་ཡུག་འདིའི་ཚེ་སྲོག་གི་ཚོགས་ཀྱི་དྲང་བདེན་ཡིན། དེ་ཡང “མིའི་ལྷན་གཤིས” (human nature) སུ་རེ་སྨོན་འཆང་བ་ཐལ་དྲགས་ཡོད་ཀྱང་སྲིད་མོད། ཅི་སྟེ་ངས་ནི་དེ་ལྟར་རང་མི་འདོད། ཡིན་ན་ཡང་། དམའ་འབེབས་སམ་འུད་བརྗོད་ཀྱི་སླད་དུ “མིའི་སྐྱེས་ཐོབ་ཀྱི་འཁོས་དཔག” (the capacity of human nature) ལ་དེ་འདྲའི་ལུང་འཛིན་ཁོ་ནས་ཨུ་ཚུགས་བྱེད་དགོས་པ་ཆེར་མི་འདུག།
  ང་ཚོས་རང་ལ་དགའ་བའི་མི་ཁོ་ནར་དུངས་པར་བྱེད་པ་ནི་འཚེ་མེད་ཞི་བའི་རིང་ལུགས་མ་རེད། ང་ཚོས་རང་ཉིད་ལ་སྡང་བའི་མི་ལ་དགའ་བར་བྱེད་པ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཉིད་ཡིན། བརྩེ་གདུང་གི་ཆེས་བླ་ན་མཐོ་བའི་ཁྲེལ་བག་གི་ལམ་དུ་བསྐྱོད་རྒྱུ་དེ་ཇི་འདྲའི་དཀའ་ཚེགས་དང་ལྡན་པ་ཞིག་ཡིན་པ་ངས་ཀྱང་ཤེས་ཡོད།
   འོན་ཏེ་རླབས་ཆེ་བའི་བྱ་བཞག་ཡོད་ཚད་དེ་འདྲའི་སྒྲུབ་ཁག་པ་ཞིག་ག་ལ་ཡིན། སྡང་ཟུག་གི་ཁྲོད་དུ་མཛའ་ཞིང་བརྩེ་བའང་ཆེས་དཀའ་ཁག་ཞིག་རེད་ཀྱང་། གལ་ཏེ་ང་ཚོས་དེ་ལྟ་ཞིག་འདོད་དུ་ཆུག་ན། དཀོན་མཆོག་གི་བྱམས་སེམས་ལས་ཆེས་དཀའ་བའི་བྱ་བཞག་འདི་དག་ངང་གིས་འགྲུབ་སླ་བར་འགྱུར། སྒེར་དོན་དང་འདྲ་བར།མི་རིགས་འཆམ་མཐུན་དུ་འཚོ་རྒྱུ་དེའང་རྔམ་ཚ་བའི་སྡུག་བསྔལ་ཀུན་འཕྲེད་དུ་བརྒལ་བ་ལས་བགྲོད་ལམ་གཞན་མེད་པ་ངས་མཐོང་མྱོང་། བདེ་སྐྱིད་ཀྱི་འཚོ་བ་ནི་གཞན་ལ་མནར་གཅོད་བཏང་བའི་ན་ཟུག་ལས་འགྲུབ་འོང་བ་ཞིག་མ་རེད། དེ་ནི་ཕ་རོལ་བོར་གནོད་པའི་ཕྱི་རོལ་ཏུ་མི་རང་ཉིད་ཀྱིས་རང་མོས་སུ་ལས་ལ་གཞོལ་རྒྱུ་ཞིག་ཡིན་འདུག།
  དྲང་བདེན་རྡོག་བརྫིས་གཏོང་བའི་སྤྱི་ཚོགས་ལ་གདོང་གཏོད་པའམ། གནས་གང་ཞིག་ཏུ་དོན་ཅི་ཞིག་འབྱུང་ཡང་ཆོག།ངེས་པ་དོན་གྱི་འཚེ་མེད་སྨྲ་བ་ཞིག་ཡོད་མ་མཆིས།  
  སྐྱེས་བུ་ཞིག་དང་ཁོའི་སྤྱོད་ལམ་ཟུང་རྦད་དེ་ཐ་དད་དུ་སྣང་བའི་བྱ་བྱེད་གཉིས་རེད། དེ་ཡང་ལམ་ལུགས་ཤིག་འགོག་ཅིང་རྒོལ་བ་མི་ཚུལ་དང་ཤིན་ཏུ་མཐུན་མོད། ལམ་ལུགས་གང་དེ་གསར་དུ་འཇུག་མཁན་ལ་དགག་པ་ནི་མི་དེས་རང་ཉིད་ཕ་རོལ་བོར་འདྲ་མཉམ་བྱ་བར་གེགས་རྐྱེན་བཟོས་པ་ཡིན།
   རྒྱུ་མཚན་ང་ཚོ་ཚང་མ་སྤུ་སྨྱུག་གཅིག་གི་སྣག་སྣུམ་དང་གསར་རྩོམ་པ་གཅིག་གི་བུ་ཕྲུག་ལྟ་བུ་ཡིན་པས་དང་། ང་རང་ཚོའི་རྒྱུད་ན་དེ་འདྲའི་དཔག་ཏུ་མེད་ཅིང་ཁྱད་དུ་འཕགས་པའི “རྣམ་དཔྱོད་ཀྱི་ནུས་སྟོབས” (the divine powers) ཞིག་མངའ་བས་སོ། །འགྲོ་བ་མིའི་རང་གཤིས་ལ་ཁྱད་གསོད་བྱེད་པ་ནི་མིའི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་ནུས་པར་དམའ་ཕབ་པ་རེད། དེས་ན། འགྲོ་བ་མི་གཅིག་ལ་འཚེ་བར་བྱེད་པའང་འཇིག་རྟེན་ཡོངས་ཁྱབ་ཏུ་གནོད་བྱས་པ་ཡིན།
  འཚེ་མེད་ཞི་བ་ནི་འགྲོ་མི་ཚང་མར་འདྲ་མཉམ་གྱིས་གཞུག་ཏུ་རུང་བའི་སྟོབས་ཤུགས་ཤིག་རེད། དེ་ལྟའི་སྟོབས་ཤུགས་ཞིག་བརྒྱུད་སྤྲོད་ཀྱིས་མི་ཚང་མ་དཀོན་མཆོག་གི་བྱམས་བརྩེའི་ཀློང་དུ་ཡིད་རྟོན་གྱི་འཚོ་བ་འབོགས་སྟབས། འགྲོ་མི་ཡོངས་ཁྱབ་ཏུ་འདྲ་མཉམ་གྱི་བྱམས་བརྩེ་ཐོབ་ཅིང་། འཚེ་མེད་ཞི་བའི་ཐབས་ལམ་ནི “ཚུལ་མཐུན་ལུགས་མཐུན་གྱི་འཚོ་བར” (the law of life) ཁས་འཆེས་ན།
 ནམ་དུ་ཁེར་རྐྱང་རིང་ལུགས་ཀྱི་སྦྱོར་བ་མི་རྩོམ་པར། སྤྱི་ཚོགས་འཆམ་མཐུན་གྱི་འདུ་ཤེས་ཤིག་ངང་གིས་བསྐྱེད་ངེས།
གལ་ཏེ་ང་རང་ཚོ་འཚེ་མེད་རིང་ལུགས་པ་རྣལ་མ་ཞིག་ཡིན་དུ་ཆུག་ན། སྐྱེ་འགྲོ་མཆོག་དམན་གྱི་དབྱེ་བ་མེད་པར་སུ་ལའང་མི་དབང་བའི་གོ་ལ་རིལ་མོ་འདིའི་སྟེང་གི་ཆོས་གང་ཞིག་བདག་གིར་འཛིན་པའི་ཧམ་སེམས་འཆང་མི་རུང་།
འཚེ་མེད་ཞི་བའི་ཐབས་ལམ་གྱིས་མི་ངན་མཐུན་སྡེབ་ཀྱི་ཉེས་ཆད་དང་དུ་ལེན་དགོས་པའི་གོ་བརྡ་ཞིག་ཤུགས་ཀྱིས་སྟོན་པར་བྱེད།
འཚེ་མེད་སྨྲ་བ་ཚོས་རང་གི་ཁྱད་འཕགས་རྣམ་དཔྱོད་ཀྱི་ནུས་པ་དང་དཀོན་མཆོག་གི་བྱམས་བརྩེར་སྐྱབས་སུ་འགྲོ་བ་ལས་གཞན་ཅི་ཡང་བགྱི་མི་ནུས། རང་གི་རིག་ཤེས་ཀྱི་ནུས་པ་དང་དཀོན་མཆོག་གི་སྙིང་རྗེ་མེད་དུ་ཆུག་ན། ཁོ་རང་ཤ་འཁོན་དང་། སྡང་བའི་ཟུག་རྔུ། འཇིགས་དངངས་སོགས་ཅི་ཡང་མེད་ཀྱང་འཆི་བར་མི་སྤོབས།
འཆི་ཡང་མི་ནུས་པའི་དཔའ་གདེང་དེ་འདྲ་མིའི་ཡིད་སེམས་ལ་དཀོན་མཆོག་གིས་སྦྱིན་པའི་རང་རྟོན་ལས་བྱུང་ཞིང་། དཀོན་མཆོག་གི་མདུན་དུ་མི་སུ་ལའང་འཇིགས་པ་བྲལ། འགས་གཏོར་ཁྲོད་ཀྱི་སྐྱི་གཡའ་བའི་སྐྱོ་གར་ལས་ཕྱུང་བའི་ཚུལ་མཐུན་གྱི “ཀུན་སྤྱོད” (moral) ནི་རྒོལ་ལན་སྤྲོད་པའི་འབར་མདེལ་གྱིས་ཀྱང་བསྣུབ་པར་མི་འགྱུར།
 ཐ་ན་དྲག་ཤུགས་ལ་དྲག་པོའི་རྒོལ་ལན་སློག་མི་ནུས་པ་ལྟ་བུ་ཡིན།
  འགྲོ་མི་ཀུན་འཚེ་མེད་ཞི་བའི་ཐབས་ལམ་རྐྱང་བར་བརྟེན་ནས་དྲག་ཤུགས་ཀྱི་སྡོམ་གཅུན་ལས་ཐར་དགོས་པར་འདོད། མཛའ་བརྩེ་ནི་ཤ་འཁོན་ཏུ་མནའ་བོར་བའི་དགྲ་ཟླ་ཞིག་ཡིན་རུང་། རང་གི་གྲོགས་སུ་འགུག་པའི་སྨན་མཆོག་ཅིག་ཡིན། དེ་འདྲའི་སྨན་བཟང་ནི་འཚེ་མེད་ཞི་བའི་ཐབས་སུ་ད་གཟོད་སྨིན་ཐུབ།  
  གལ་སྲིད་འཇིགས་པ་དང་བྲལ་བའི་སྙིང་རུས་ཤིག་མེད་ཚེ། ངེས་དོན་གྱི་འཚེ་མེད་ཞི་བའི་ཐབས་ལམ་བགྲོད་པ་ནི་མི་སྲིད་པ་ཞིག་རེད།  
  འཁོན་འཛིན་འགའ་ཡང་མེད་པའི་འཚེ་མེད་སྨྲ་བ་ཞིག་གི་རྩོད་གླེང་དེ་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱུགས་བཤེར་ཐེངས་གཅིག་བཏང་བ་ཡིན་ཕྱིན། མཐར་དགྲ་ཟླ་ཡོད་ཚད་གྲོགས་སུ་འགྱུར་ངེས།   
བདེན་པས་རྟག་བརྟན་གྱི་བརྩེ་བའི་རྣམ་འགྱུར་སྟོན། དེའི་རྐྱེན་དྲང་བདེན་ནི་སྟོབས་ཤུགས་ཀྱི་རྣམ་གྲངས་སུ་བཞེད་ཆོག་སྟབས། ངས་ནི་རྒྱ་གར་གྱི་རང་དབང་ལས་འགུལ་ལ “བདེན་པའི་ཨུ་ཚུགས” (satyagraha) ཞེས་འབོད་ཅིང་། དེ་ལྟའི་སྟོབས་ཤུགས་ནི་མིའི་རིགས་ཀྱི་བརྩེ་བ་དང་། འཚེ་མེད། དྲང་སྙོམས་བཅས་སུ་བལྟམས་པར་བཞེད།
  ངས་ནི་དྲག་སྤྱོད་དང་སྡར་མའི་སྤྱོད་ལམ་གཉིས་དབར་གདམ་གསེས་གཅིག་ལས་མེད་པར་ཡིད་ཆེས་བདོག་ཅིང་། དྲག་སྤྱོད་ཀྱི་བསླབ་བྱའང་གཏོང་ངེས་ཡིན། ངས་ད་ཕྱིན་ད་དུང་དྲག་པོའི་ཐབས་སུ་ཡི་རང་མཁན་ཚོར་རྒྱབ་རྟེན་བྱེད་ངེས་ཡིན།
ངས་ནི་རྒྱ་གར་འདི་ཉིད་དྲག་ཆས་ལ་བརྟེན་ནས་རང་གི་རྩིས་ཐང་སྲུང་སྐྱོབ་བྱེད་དུ་འཇུག་འདོད་ཀྱི། བག་འཁུམས་པའི་ངང་རང་ཉིད་ལ་རྩིས་མེད་དང་དམའ་འབེབས་བྱ་བར་ཡ་ལན་ཙམ་ཡང་མེད་པར་སྡོད་གཞུག་རྒྱུ་མིན། འཚེ་མེད་ཞི་བའི་སྒུལ་ཤུགས་ཀྱི་ཆ་རྐྱེན་ནི་སྡུག་བསྔལ་ལ་ངེས་ཤེས་འདྲོང་རྒྱུ་དེ་རེད་ལ།དེ་ཡང་བཙན་རྒྱལ་རིང་ལུགས་ཀྱི་འདོད་ཞེན་མཐའ་དག་ལ་སྙེམས་ཆུང་འཁོས་ཞན་ངང་མགོ་བོ་སྨད་པར་གོ་མི་རུང་། འོན་ཀྱང་བཙན་དབང་གི་འདོད་དོན་ལ་གདོང་གཏོད་པའི་མིའི་བླ་སྲོག་ཧྲིལ་བོ་ཞིག་གི་རྩོད་ལེན་ལ་གོ་དགོས།
  འཚེ་མེད་ཞི་བའི་རང་སྟོབས་ནི་རང་བྱུང་རྫས་འགྱུར་གྱི་ནུས་ཤུགས་ལས་ཀྱང་ཆེས་གཞལ་དུ་མེད་ཅིང་ཟད་དུའང་མེད་པའི་སྟོབས་ཤུགས་ཤིག་ཡིན།
ཅི་སྟེ་ངས་ནི་མིའི “ཀུན་སློང” (motive) གི་རིན་ཐང་ལ་ཤ་ཚ་དང་ཡིད་སྨོན་བྱེད་ངེས་ཡིན། སྤྱོད་བཟང་གི་རྩ་དོན་ལ་གཞོལ་དགོས་ཀྱང་། ང་ནི་དྲག་སྤྱོད་རིང་ལུགས་ལ་མི་སྟུན་མཁན་ཞིག་ཡིན། མི་ཚེའི་མྱོང་ཚོར་མཐའ་དག་གིས་རྟག་བརྟན་གྱི་བཟང་སྤྱོད་ནི་དྲག་སྤྱོད་དང་བདེན་པ་རྡོག་རོལ་ཏུ་གཏོང་བ་ལས་འབྱུང་ཐབས་མེད་པར་ང་རང་ཡིད་ཆེས་སུ་བཅུག་སོང་།  
  སྐབས་བསྟུན་རིང་ལུགས་ནི་ལད་ཟློས་ཙམ་མ་རེད། དེ་ཡང་སིམ་འཛུལ་དང་འགོག་སྲུང་གི་སྟོབས་ཤུགས་ཤིག་ཡིན་ཞིང་། “མི་བསྟུན་པའི་ལངས་ཕྱོགས” (Noncooperation) ནི་མི་ངན་མཐུན་སྡེབ་ལ་གཏད་པའི་ངོ་རྒོལ་རིགས་ཤིག་ཡིན།  
གལ་ཏེ་བརྩེ་བའམ་འཚེ་བ་མེད་པའི་ཐབས་ལམ་ཉིད་ང་ཚོ་འགྲོ་བ་མིའི་རིགས་ཀྱི་རིང་ལུགས་དང་མི་མཐུན་ཟེར་ན་ནི། ངའི་རྩོད་བཤེར་ཧྲིལ་བོ་ཁ་འཐོར་ཡ་ཆག་ཏུ་འགྱུར་ངེས།  
འཚེ་མེད་ཞི་བའི་ཐབས་ལམ་དུ་མི་དམངས་ལ་གོ་མཚོན་ཞིག་ཡོད། དེ་ནི་བུད་མེད་དང་། བྱིས་པ། ཐ་ན་རྒན་འཁོགས་ཤིག་གིས་ཀྱང་སྲིད་གཞུང་གི་དབང་ཤུགས་ལ་འགོག་རྒོལ་བགྱི་བར་འཁོལ་ནུས། གལ་ཏེ་ཁྱེད་ལ་བློ་སྤོབས་ཞུམ་མེད་ཅིག་འབོགས་ཚེ། ཁྱེད་ལ་ལུས་ཀྱི་ཟུངས་ཤུགས་ཕྲན་ཙམ་མེད་ཀྱང་གནོད་པའི་ལས་ཅི་ཡང་ལྡོག་ནུས།
  “གལ་ཏེ་དྲག་པོའི་བླ་སྲོག” (the spirit of violence) གིས་དམངས་ཀྱི་ཡིད་སེམས་ཡོངས་སུ་སྡོམ་གཅུན་བཏང་ཚེ། དེ་ནི་འཇིག་རྟེན་འདིའི་སྣང་བརྙན་ཆེས་སྐྱི་གཡའ་བ་ཞིག་ཡིན་ཞིང། མཐར་བསམ་ངན་དེས་མིའི་སྤྱི་ཚོགས་ཧྲིལ་བོར་གཏོར་བཤིག་ཚབས་ཆེན་ཐེབས་ཡོང་། འཚེ་མེད་ཞི་བ་ནི་མིའི་འདོད་ཞེན་གྱི་གྱོན་ཆས་ལྟ་བུ་ཞིག་མ་ཡིན་པར།
   འགྲོ་བ་མིའི་སེམས་ཁོང་གི་འཚེ་མེད་ཞི་བའི་གོ་བབ་ནི་ནམ་ཡང་སིལ་བུར་གཏོར་མི་ནུས་པའི་མིའི་རིགས་ཀྱི་བསམ་པའི་འབྲེལ་ཐག་ལྟ་བུ་ཡིན།
             ༼རྒྱ་གར་གྱི་རྩོམ་མཁན་ཌ་རཱོ་དྷེ . སེ་ཌལ་གྱིས་གཙོ་སྒྲིག་བྱས་པའི<<གྷན་དྷི་ཡི་རྣམ་དཔྱོད>> <<The wisdom of Gandhi>> ལས་སྤྱི་ལོ་གོ་ལྔ་ལོར་བསྒྲིགས་གྲུབ་ཅིང་སྟོང་ལོ་བཅུ་གསུམ་ལོར་ན་བུན་གྱིས་བསྒྱུར་གྲུབ༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གཙོ།༼ཞར་བཀོད་གཅིག་ཡོད༽

2013-06-20 བདག་ཉིད་ཆེན་མོ་གྷན་དྷི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།