རང་དབང་།

          རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས། ཨེ་ལེ་ཡ།(1895-1952)ཧྥ་རན་སིའི་དེང་རབས་སྙན་ངག་པ།ཁོང་གིས་དེང་རབས་རིང་ལུགས་ལས་བརྒལ་བའི་རིག་རྩལ་མཐུན་ཚོགས་བཙུགས་ཤིང་།ཁོས་སྙན་ངག་ལ་རབ་རིབ་སྙན་ངག་གི་རོ་བྲོ་ཅུང་ཙམ་བྱུགས་ཡོད།དར་མའི་སྐབས་སུ་ཁོས་སྙན་ངག་མང་དུ་སྤེལ་ཅིང་དངོས་ཡོད་འཚོ་བ་མཚོན་པ་དང་མིའི་ནང་སེམས་ཀྱི་བརྩེ་བ་མཚོན་པ།འབྱུང་འགྱུར་ཕུགས་བསམ་གྱི་མཛེས་དཔལ་ལ་བསྙེགས་ཤིང་།ཁོང་གི་སྙན་ཚིག་ལ་དྭངས་གཙང་བབ་ཆགས་ཀྱིས་བྱུགས་ཡོད།སྙན་ངག་བརྩམས་ཆོས་ལ་༼འགན་འཁྲི་དང་སེམས་ཁྲལ༽་སོགས་མཆིས།
  
ངའི་སློབ་ཆུང་སློབ་མའི་སྦྱང་དེབ་ཀྱི་སྟེང་དུ
ངའི་མདུན་ཅོག་སྟེང་དང་སྡོང་ཤུན་གྱི་ངོས་སུ
བྱེ་མའི་སྟེང་དང་ཁ་བའི་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ངས་ཀློག་མྱོང་བའི་ཤོག་གྲངས་རེ་རེའི་སྟེང་དུ
ཤོག་གྲངས་སྟོང་བ་རེ་རེའི་ངོས་སུ
རྡོ་བའི་སྟེང་དང་ཁྲག་གི་ངོས་སུ
ཤོག་བུ་དང་ཐལ་རྡུལ་ཡིན་ཀྱང
ངས་ཁྱེད་ཀྱི་མིང་ཡིག་བརྐོས

གསེར་ཆུ་བྱུགས་པའི་འཇིམ་བག་གི་ངོས་སུ
འཐབ་མོ་བའི་གོ་མཚོན་གྱི་སྟེང་དུ
རྒྱལ་བོའི་གསེར་ཞྭའི་སྟེང་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

མྱ་ངམ་ཐང་གི་རྩྭ་སྟུག་པོ་སྟེང་དུ
བྱ་ཚང་གི་སྒྲོ་གཤོག་ངོས་སུ
ངའི་བྱིས་དུས་ཀྱི་བྲག་ཅའི་ཀློང་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

མཚན་མོའི་གཟི་དཔལ་གྱི་སྟེང་དུ
ཉིན་མཚན་གྱི་ཤོག་ཧྲུལ་ངོས་སུ
ཕན་ཚུན་ལ་གཉེན་རྟགས་རྒྱག་པའི་དུས་བཞིའི་ཁྲོད་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

བར་སྣང་གིས་བདག་ལ་བསྐྱུར་བའི་ཆག་རོ་ཡོད་ཚད་ཀྱི་སྟེང་དུ
རྫིང་ནང་དུ་འཚེར་བའི་ཉི་ཟེར་ངོས་སུ
གཙང་ངོགས་སུ་ལྡེམ་པའི་ཟླ་བའི་སྟེང་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

གྲོ་ཞིང་ཁ་རུ  གནམ་སའི་མཚམས་སུ
ཕུན་རོན་གྱི་གཤོག་སྣེ་རུ
གྲིབ་གཟུགས་ཀྱི་གཙུབ་བརྡར་ཁྲོད
ངས་ཁྱེད་ཀྱི་མིང་ཡིག་བརྐོས

འོད་སྣང་གི་ཉག་མ་རེ་རེའི་ངོས་སུ
གཙང་བོའི་ངོས་དང་གཡོལ་གྲུའི་སྟེང་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

སྤྲིན་གྱི་ལྦུ་བའི་སྟེང་དུ
དྲག་རླུང་གི་རྔུལ་ཆའི་སྟེང་དུ
ངལ་ཞིང་དུབ་པའི་ཆར་རླུང་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

འོད་ཆེམ་ཆེམ་གྱི་སྣང་བརྙན་ངོས་སུ
མཚོན་མདོག་གི་དུང་བརྡའི་ཁྲོད་དུ
རང་བྱུང་གི་བདེན་ལུགས་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

གཉིད་སད་པའི་ལམ་ཕྲན་གྱི་སྟེང་དུ
ཁོད་རྫོགས་པའི་གཞུང་ལམ་གྱི་ངོས་སུ
རྒྱ་ཆེ་བའི་ཐང་ཆེན་གྱི་སྟེང་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

བཀར་ཟིན་པའི་གློག་ཞུའི་ངོས་སུ
གཟིམས་སོང་བའི་གློག་འོད་སྟེང་དུ
ང་དང་འབྲེལ་བ་ཡོད་པའི་ཁྱིམ་ཐབས་རེ་རེའི་ཁྲོད་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ཤུན་པ་བཤུས་སོང་བའི་ཀུ་ཤུ་ཕྱེད་ཀའི་སྟེང་དུ
ཕྱེད་ཀ་ནི་མེ་ལོང  ཕྱེད་ཀ་གཞན་དེ་ནི་བདག་གི་མལ་ཁང
ཉ་ལྕིབས་སྟོང་བ་ལྟ་བུའི་འབོལ་ཁྲིའི་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ང་དང་འདྲིས་གོམས་ཆེ་བའི་སྒོ་ཁྱི་དང་གཟན་ཆས་ཀྱི་ངོས་སུ
ཁོའི་དྲན་རིག་རྒོད་པའི་རྣ་ལྕོག་སྟེང་དུ
ཁོའི་གླེན་ཚུགས་ཀྱི་སྡེར་མོའི་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ངའི་སྒོ་མདུན་གྱི་མཆོང་ཟམ་སྟེང་དུ
ང་ལ་རྒྱུས་ཡོད་ཀྱི་ཆིན་ནེའི་དངོས་རྫས་ཀྱི་སྟེང་དུ
རྟེན་འབྲེལ་ཤིས་བརྗོད་བསུ་བའི་མེ་རླབས་ཀྱི་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ཡོད་ཚད་འཆམ་མཐུན་ཡིན་ཆོག་པའི་ཤ་ཁྲག་གི་སྟེང་དུ
ངའི་གྲོགས་པོ་ཚོའི་དཔྲལ་བའི་སྟེང་དུ
ཕན་ཚུན་ལ་བསྲིང་པའི་ལག་ཟུང་རེ་རེའི་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

དྭངས་ཤིང་གསལ་བའི་སྒེའུ་ཁུང་གི་ཤེལ་ལེབ་སྟེང་དུ
བློ་རིག་གཅིག་སྒྲིམས་ཀྱི་མཆུ་སྒྲོས་ངོས་སུ
ལྷིང་འཇགས་ལེབ་མོ་ཞིག་གི་ཕྱི་ལོགས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ང་རྡུལ་དུ་བརླགས་པའི་ཉེན་ཁའི་གནས་སུ
ཞིག་རུལ་དུ་གྱུར་བའི་མཆོད་རྟེན་ངོས་སུ
ངལ་དུབ་ཀྱི་ལྟེབས་པའི་གྱང་རུལ་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ངའི་རེ་ཞུ་སྟོང་བའི་ལྷ་ཚོགས་ཤི་བོ
དམར་རྗེན་རྗེན་གྱི་ཁེར་རྐྱང་གི་སྟེང་དུ
འཆི་བའི་སྐས་ཐེམ་གྱི་ངོས་སུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

སོས་འོང་པའི་བདེ་ཐང་གི་ངོས་སུ
འདས་སོང་གི་ཉེན་ཁའི་གནས་སུ
ངའི་ཕྱིར་འདང་མེད་པའི་རེ་བཞག་གི་ཁྲོད་དུ
ངས་ཁྱེད་ཀྱི་མིང་ཡིག་བརྐོས

ཡིག་འབྲུ་གཅིག་གི་སྟོབས་ཤུགས་བསམས་ཏེ
ངས་བསྐྱར་དུ་འཚོ་བ་གསར་བ་མགོ་རོལ་ཅིང
ང་སྐྱེས་བ་ནས་འཇིག་རྟེན་འདིར་ཡོང་དོན་ནི་ཁྱེད་རང་ངོ་ཤེས་པའི་ཆེད་དུ
ཁྱེད་ཀྱི་མིང་གི་འབོད་རྒྱུའི་ཆེད་དུ
            ༼ སྲིན་པོས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་དབང་།

2013-04-27 ཨེ་ལེ་ཡ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།