གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་གདམས་ངག

2012-12-15 21:03:00 ཁྲུ་ཐེན་ད་ཙོ།༼ཉི་ཧོང་།༽ ཀློག་གྲངས། མཆན ཡོད།

    ངས་བསམ་ན་མི་ཚེའི་ཁྲོད་སྐྱིད་སྣང་གི་དགོད་སྒྲ་ནི་མེད་དུ་མི་རུང་བར་འདོད།  སྐྱིད་སྣང་གི་དགོད་སྒྲ་ནི་ཁྱིམ་གཞིའི་ཁྲོད་ཀྱི་ཉི་མ་རེད།   ངས་སེམས་གཏིང་ནས་མི་གཞན་གྱི་སྤྲོ་སྐྱིད་ལ་སྤྲོ་བར་འདོད་པར་རེ་མོད།  འདི་ལྟའི་འཚོ་བའི་རྣམ་འགྱུར་ཁྲོད་ང་ཚོར་ཉིན་རྒྱུན་དུ་སྤྲོ་བ་ཆེ་བའི་དངོས་པོ་རེ་འཇོག་ནུས།  མི་གཞན་གྱི་ལྡོག་ཕྱོགས་ཀྱི་འཚོ་བའི་རྣམ་འགྱུར་ཁོ་ན་ལ་བལྟས་ན།  མཐའ་མར་ལྡོག་ཕྱོགས་ཀྱི་སྤྲོ་བ་མེད་པའི་ཆ་ཆེ་ཆེར་རྒྱས་ནས་རང་ཉིད་འཕུང་བར་བྱེད་ངེས།     ངའི་རེ་བར་དོན་དངོས་ཀྱི་རང་ཉིད་ལས་གཏན་དུ་དངོས་པོ་གསར་བ་གསར་དུ་བཏོད་པའི་གསར་གཏོད་ཀྱི་རང་བཞིན་དང་། སྤྱི་ཚོགས་ལ་ལག་རྗེས་འཇོག་པའི་སྤྱི་ཚོགས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱ་འདོད། སྤྱིར་བཏང་གི་འཚོ་བའི་ཁྲོད་དུའང་གསར་བྱུང་ལ་སེམས་མགུ་དང་སྤྲོ་བ་ལྡན་པའི་མི་ལ་རང་ཉིད་ཀྱི་འཚོ་བར་གསར་གཏོད་ཀྱི་རང་བཞིན་གྱིས་ཕྱུག་ཡོད་ཅེས་བརྗོད་ན་ཆོག 
ངས་རླུང་ནང་ན་འདར་བཞིན་པའི་ལོ་མ་གཅིག་གི་སྟེང་གི་འོད་ཐིགས་གཅིག་གི་སྲོག་རྩའི་འཕར་ལྡིང་ཐོས་ན་འདོད་ལ།   ལམ་འགྲམ་ན་བཞད་པའི་མིང་མེད་རི་སྐྱེས་མེ་ཏོག་གཅིག་གི་སྟེང་སེམས་ཁམས་ཀྱི་མཛེས་པ་རྙེད་ཐུབ་པ་ཞིག་བསྐྱེད་བསྲིང་བྱ་འདོད།  འོན་ཀྱང་འདི་སེམས་པའི་རྨ་ཁ་ཡིན་མི་ཆོག    ངའི་རེ་བའི་སེམས་ཁམས་ཕྱུག་པོ་དེ་ནི་བདེན་ལུགས་དང་སྤོབས་པས་ཁེངས་དགོས།སྲ་མཁྲེགས་ཀྱི་ཚེ་སྲོག་སྟོབས་ཤུགས་དཀའ་ལས་གང་ཞིག་ལས་ཀྱང་རྣམ་པར་རྒྱལ་ཐུབ་པ་ཡིན།                      
      སེམས་བྱུང་ཞིག་ལ་མི་གཞན་དང་རང་ཉིད་བསྡུར་བཞིན་ཡོད་མོད།  འདི་ལྟའི་འཚོ་བའི་རྣམ་པ་ནི་ཧ་ཅང་ཉམས་ཐག་པ་ཞིག་རེད། མི་གཞན་ལ་གཞན་གྱི་མི་ཚེ་ཞིག་དང་རང་ཉིད་ལ་རང་ཉིད་ཀྱི་མི་ཚེ་ཞིག་ཡོད།   འདི་ལྟའི་སེམས་རྒྱ་ཆེན་པོས་ཁ་སང་ནས་དེ་རིང་དང་། དེ་རིང་ནས་སང་ཉིན།  གོམ་པ་རེ་རེ་བཞིན་མདུན་བསྐྱོད་དང་ཡར་རྒྱས་ཀྱི་ལམ་བུར་བསྙེག་དགོས། འདི་ལྟ་བུའི་སྟོབས་ཤུགས་ནི་ཚེ་སྲོག་གི་སྟོབས་ཤུགས་དངོས་མ་རེད།
      ཡིད་ཆེས་ཞེས་པའི་དངོས་པོ་འདི་གསོག་ཉར་བྱས་ན་ཧ་ཅང་ཁག་པོ་ཡིན་མོད་གཏོར་བཤིག་བྱས་ན་ཧ་ཅང་སླ།   ལོ་ངོ་བཅུ་ལ་བསགས་པའི་ཡིད་ཆེས་ཀྱང་དུས་ཡུན་ཧ་ཅང་ཐུང་ངུའི་འཆད་སྤྱོད་ཀྱིས་ཀྱང་མེད་པར་བྱེད་ངེས་ལ།   ལག་རྩལ་ཧ་ཅང་ཞན་པའི་གསེར་ཕྱེ་ཡིས་ཕྱི་ངོས་བརྒྱན་པའི་རྒྱན་ཆའང་གནད་ཀྱི་སྐབས་སུ་མདངས་ཡལ་འགྲོ་ངེས།
      དཀའ་སྡུག་གི་ཀློང་ནས་བློ་སྤོབས་ཆེན་པོས་མདུན་དུ་བསྐྱོད་དེ་ཕུགས་འདུན་མངོན་འགྱུར་བྱེད་པའི་མི་ལ་མཐའ་མར་མི་ཀུན་གྱིས་ཡི་རངས་བྱེད་ངེས།   ཉིན་རྒྱུན་སྤྱིར་བཏང་གི་བྱ་བ་ཙག་ཙིག་བསྒྲུབ་སྟེ་སུས་ཀྱང་མི་མངོན་ནའང་།   འོན་ཀྱང་དེ་ལ་མཐོང་ཆེན་དང་རང་ཉིད་ཀྱི་བྱ་གཞག་གི་ཆེད་དུ་འགྱུར་མེད་ཀྱི་གོམ་པ་རེ་རེ་བཞིན་མདུན་དུ་སྤོ་དགོས་ལ།   ངས་སེམས་བསམ་པའི་གཏིང་ནས་མི་འདིའི་རིགས་ལ་བརྩི་བཀུར་བྱེད་པ་ཡིན་ནོ། །
                                      ༼སྤྱི་ལོ༢༠༡༢ལོའི་ཟླ༣པའི་ཚེས༨ཉིན་ལ་རང་མལ་ནས་ཐོག་གིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།