ཡབ་མེས་ཀྱི་ས་གཞི།

ཇོ་བོ་ཉི་དབང་མགོན་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-15

འཛད་མཐའ་མེད་པའི་ལོངས་སྤྱོད་ནི་ཁྱེད་ཀྱི་མ་ཡིན།
བདག་གི་མུན་འཐིབས་པའི་མ་ཡུམ་ས་གཞི་བཟོད་སེམས་ཅན་ལགས།
ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པ་རྣམས་ཀྱི་གྲོད་ཁོག་དགང་ཆེད་སྐུ་ངལ་བསྐྱོན་ནའང་།
བཟའ་ཆས་ནི་ཧ་ཅང་རྙེད་དཀའ་བར་འདུག
ཁྱེད་ཀྱིས་བདག་ཅག་ལ་གནང་བའི་སྤྲོ་དགའི་ལེགས་སྐྱེས་ནི་ནམ་ཡིན་ཡང་ཆ་ཚང་བ་ཞིག་མ་རེད།
ཁྱེད་ཀྱིས་ཁྱེད་ཀྱི་བྱིས་པ་ཚོར་བཟོས་པའི་རྩེད་ཆས་ཚང་མ་ཆག་ཆོག་ཆོག་ཅིག་ཏུ་འདུག
ཁྱེད་ཀྱིས་རྣམ་པ་ཐམས་ཅད་དང་རེ་བ་མཐའ་དག་གི་ལྟོགས་པ་སེལ་བར་བྱེད་མི་ནུས་ནའང་།
ཅི་འདི་ཙམ་གྱིས་བདག་གིས་ཁྱེད་རང་བསྐྱུར་བར་བྱ་འོས་སམ?

ན་ཟུག་གི་གྲིབ་མ་དང་བཅས་པའི་ཁྱེད་ཀྱི་འཛུམ་མདངས་ནི་ངའི་མིག་ཟུང་ལ་ཞིམ་མངར་ལྡན།
འདོད་པ་ཚིམས་རྒྱུ་མེད་པའི་ཁྱེད་ཀྱི་བརྩེ་བ་ནི་བདག་གི་སེམས་པར་ཧ་ཅང་སྙིང་ཉེ་བྱུང་།

ཁྱེད་ཀྱིས་ནུ་ཞོ་བླུད་དེ་བདག་ཅག་ལ་ཚེ་སྲོག་བསྟབས་ནའང་བདག་ཅག་ལ་འཆི་མེད་ཀྱི་གོ་འཕང་ཐོབ་ཏུ་འཇུག་མ་ཐུབ་པས་ཁྱེད་རང་ནམ་ཡང་གཉིད་མེད་དུ་ཡོད་པ་རེད།
ལོ་གང་མང་ཞིག་གི་རིང་ལ་ཁྱེད་ཀྱིས་ཁ་དོག་དང་གླུ་གཞས་ཀྱིས་ལས་ནའང་།
དེའི་ཡིད་སྐྱོ་བའི་བསམ་འཆར་ཁོ་ན་ཙམ་མ་གཏོགས།
ཁྱེད་ཀྱི་དག་ཞིང་ད་དུང་བཞེངས་ཐུབ་མ་སོང་།

ཁྱེད་ཀྱི་མཛེས་སྡུག་གི་བཀོད་པ་ཡོད་ཚད་ནི་མིག་ཆུའི་སྨུག་པས་བཀླུབས་ནས་འདུག
བདག་གིས་བདག་གི་གླུ་གཞས་དག་ཁྱེད་ཀྱི་ལྷིང་འཇགས་ཀྱི་སེམས་པར་བླུག་རྒྱུ་ཡིན།
བདག་གི་བརྩེ་བ་ཁྱེད་ཀྱི་བརྩེ་བར་བླུག་རྒྱུ་ཡིན།
བདག་གིས་ངལ་རྩོལ་ལ་བརྟེན་ནས་ཁྱེད་ལ་མཆོད་པ་བྱེད་རྒྱུ་ཡིན།
བདག་གིས་ཁྱེད་ཀྱི་མཛའ་བརྩེ་ལྡན་པའི་ཞལ་རས་མཐོང་མྱོང་ལ།
བདག་ཁྱེད་ཀྱི་མྱ་ངན་གྱིས་ཁེངས་པའི་ཐལ་རྡུལ་ལ་དགའ། མ་ཡུམ་འཛིན་མ་ལགས།
     ༼ཟླ་བ་གཞོན་ནུས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡབ་མེས་ཀྱི་ས་གཞི།

2012-12-15 ཇོ་བོ་ཉི་དབང་མགོན་པོ། ཀློག་གྲངས། མཆན ཡོད།

འཛད་མཐའ་མེད་པའི་ལོངས་སྤྱོད་ནི་ཁྱེད་ཀྱི་མ་ཡིན།
བདག་གི་མུན་འཐིབས་པའི་མ་ཡུམ་ས་གཞི་བཟོད་སེམས་ཅན་ལགས།
ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པ་རྣམས་ཀྱི་གྲོད་ཁོག་དགང་ཆེད་སྐུ་ངལ་བསྐྱོན་ནའང་།
བཟའ་ཆས་ནི་ཧ་ཅང་རྙེད་དཀའ་བར་འདུག
ཁྱེད་ཀྱིས་བདག་ཅག་ལ་གནང་བའི་སྤྲོ་དགའི་ལེགས་སྐྱེས་ནི་ནམ་ཡིན་ཡང་ཆ་ཚང་བ་ཞིག་མ་རེད།
ཁྱེད་ཀྱིས་ཁྱེད་ཀྱི་བྱིས་པ་ཚོར་བཟོས་པའི་རྩེད་ཆས་ཚང་མ་ཆག་ཆོག་ཆོག་ཅིག་ཏུ་འདུག
ཁྱེད་ཀྱིས་རྣམ་པ་ཐམས་ཅད་དང་རེ་བ་མཐའ་དག་གི་ལྟོགས་པ་སེལ་བར་བྱེད་མི་ནུས་ནའང་།
ཅི་འདི་ཙམ་གྱིས་བདག་གིས་ཁྱེད་རང་བསྐྱུར་བར་བྱ་འོས་སམ?

ན་ཟུག་གི་གྲིབ་མ་དང་བཅས་པའི་ཁྱེད་ཀྱི་འཛུམ་མདངས་ནི་ངའི་མིག་ཟུང་ལ་ཞིམ་མངར་ལྡན།
འདོད་པ་ཚིམས་རྒྱུ་མེད་པའི་ཁྱེད་ཀྱི་བརྩེ་བ་ནི་བདག་གི་སེམས་པར་ཧ་ཅང་སྙིང་ཉེ་བྱུང་།

ཁྱེད་ཀྱིས་ནུ་ཞོ་བླུད་དེ་བདག་ཅག་ལ་ཚེ་སྲོག་བསྟབས་ནའང་བདག་ཅག་ལ་འཆི་མེད་ཀྱི་གོ་འཕང་ཐོབ་ཏུ་འཇུག་མ་ཐུབ་པས་ཁྱེད་རང་ནམ་ཡང་གཉིད་མེད་དུ་ཡོད་པ་རེད།
ལོ་གང་མང་ཞིག་གི་རིང་ལ་ཁྱེད་ཀྱིས་ཁ་དོག་དང་གླུ་གཞས་ཀྱིས་ལས་ནའང་།
དེའི་ཡིད་སྐྱོ་བའི་བསམ་འཆར་ཁོ་ན་ཙམ་མ་གཏོགས།
ཁྱེད་ཀྱི་དག་ཞིང་ད་དུང་བཞེངས་ཐུབ་མ་སོང་།

ཁྱེད་ཀྱི་མཛེས་སྡུག་གི་བཀོད་པ་ཡོད་ཚད་ནི་མིག་ཆུའི་སྨུག་པས་བཀླུབས་ནས་འདུག
བདག་གིས་བདག་གི་གླུ་གཞས་དག་ཁྱེད་ཀྱི་ལྷིང་འཇགས་ཀྱི་སེམས་པར་བླུག་རྒྱུ་ཡིན།
བདག་གི་བརྩེ་བ་ཁྱེད་ཀྱི་བརྩེ་བར་བླུག་རྒྱུ་ཡིན།
བདག་གིས་ངལ་རྩོལ་ལ་བརྟེན་ནས་ཁྱེད་ལ་མཆོད་པ་བྱེད་རྒྱུ་ཡིན།
བདག་གིས་ཁྱེད་ཀྱི་མཛའ་བརྩེ་ལྡན་པའི་ཞལ་རས་མཐོང་མྱོང་ལ།
བདག་ཁྱེད་ཀྱི་མྱ་ངན་གྱིས་ཁེངས་པའི་ཐལ་རྡུལ་ལ་དགའ། མ་ཡུམ་འཛིན་མ་ལགས།
     ༼ཟླ་བ་གཞོན་ནུས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།