གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་མཛའ་མོ་དྲན་པ།

2012-12-01 16:03:00 ནམ་མཁའ། ཀློག་གྲངས། མཆན ཡོད།

དྲན་པའི་སེམས་ཀྱི་བུ་ཆུང་འཁྱམས་པོ་འདི།།
གངས་རིའི་ལྗོངས་ཀྱི་དབྱངས་ཅན་ངག་གི་སྤུན།།
མཚོ་ཆེན་སྔོན་མོའི་འགྲམ་རུ་འཁྲུངས་པ་ཡི།།
དཔལ་གྱི་ལྷ་མོའི་ཕྱོགས་སུ་ཡང་ཡང་ཤོར།།
སྲབ་སྒྲོག་དྲན་ཤེས་ནན་གྱིས་བསྟེན་ན་ཡང་།།
ཐོགས་མེད་ཚོར་བ་སུ་ཡིས་འགོག་ནུས་སམ།།
འགོག་པར་འདོད་ཀྱང་མི་ནུས་དྲན་པའི་སེམས།།
འགོག་པའི་ཐབས་ལ་སྒྱུ་མའི་རང་བཞིན་སྟེ།།
འགྱུར་བའི་གཤིས་ཀྱི་མི་རྟག་འཇའ་ཚོན་སེམས།།
སེམས་པ་སྒྱུ་མའི་གྲོང་དུ་རྒྱུ་བའི་ཚེ།།
སྲིན་འབུ་སྡོམ་ཡང་རང་གི་དྲྭ་རྒྱ་རུ།།
གང་ཞིག་འཛིན་ལ་ཡིབས་སྒུགས་བྱས་བ་བཞིན།།
རང་སེམས་རང་གིས་མྱོང་བ་མི་མཐོང་ཚེ།།
གཞན་གྱིས་སེམས་སུ་གསང་བའི་རི་མོ་ཡང་།།
ལྐོག་གྱུར་གནས་ཀྱི་ཐིག་རྩའི་བཟོ་བོ་ཡིས།།
ཚོན་གྱིས་རྒྱན་ཆས་སྤྲས་ལ་སུ་ཡིས་ཤེས།།
        ༢/༡༡/༢༠༡༢ལ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།