གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་སྡུག་གི་གཏམ་རྒྱུད་ཅིག

2012-12-01 16:02:00 ཀྲང་ཡོས་ཐིན། ཀློག་གྲངས། མཆན ཡོད།

  སྣ་ཁུང་རྡིབ་པའི་བུ་ཕྲུག་ཅིག་ཡོད་པ་དེར།ལོ་གཉིས་ཀྱི་སྐབས་སུ་ཀླད་ནད་བྱུང་མྱོང་བས།ཤེས་སྟོབས་ཀྱི་ཆར་གནོད་སྐྱོན་ཚབས་ཆེན་བྱུང་ཞིང་སློབ་སྦྱོང་བྱེད་པར་དཀའ་ཁག་ཆེན་པོ་ཡོད་པར་གྱུར།དཔེ་ཞིག་བཞག་ན།མི་གཞན་གྱིས་ཡིག་འབྲུ་ཉིས་བརྒྱ་ལྷག་གི་རྩོམ་ཡིག་འབྲི་དུས།ཁོས་ཐིག་ཕྲེང་གསུམ་བཞི་ཙམ་གྱི་ཚིག་གྲུབ་ཙམ་ལས་འབྲི་མི་ཐུབ། དོན་དངོས་དེ་ལྟ་བུ་ཞིག་ཡིན་ནའང་།ཁོའི་རྩོམ་ཡིག་གིས་སྔར་བཞིན་མི་སེམས་སྒུལ་ནུས། རྩོམ་ཡིག་གི་སློབ་ཁྲིད་སྐབས་ཤིག་ལ།རྒན་ལགས་ཀྱིས་སློབ་གྲོགས་ཚོར་<<རེ་འདུན>>ཞེས་པའི་རྩོམ་ཡིག་ཅིག་འབྲི་རུ་བཅུག ཁོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་ཐིག་ཕྲེང་གསུམ་ལྷག་གི་རྩོམ་ཡིག་ཅིག་འདི་ལྟར་བྲིས་འདུག༼ང་ལ་རེ་འདུན་གཉིས་ཡོད།དང་པོ་ནི།ཨ་མས་ནམ་རྒྱུན་འཛུམ་དམུལ་དམུལ་གྱིས་བདག་ལ་བཤད་རྒྱུར།“ཁྱོད་སྤྱང་གྲུང་ལྡན་པ་ཞིག་རེད”།གཉིས་པ་ནི།རྒན་ལགས་ཀྱིས་ནམ་རྒྱུན་འཛུམ་དམུལ་དམུལ་གྱིས་བདག་ལ་བཤད་རྒྱུར།“ཁྱོད་རིག་རྡིབ་ཅིག་གཏན་ནས་མ་རེད།” རྩོམ་ཐུང་འདིས་རྒན་གྱི་ཡིད་སེམས་རབ་ཏུ་འགུལ་བར་བྱས་པས།ཨ་མ་ལྟ་བུའི་དགེ་རྒན་དེས་ཁོ་ལ་ཆེས་མཐོ་བའི་སྐར་མ་རྒྱབ་པ་མ་ཟད།གདངས་མཐོ་ལ་བརྩེ་དུང་ལྡན་པའི་ངང་དངོས་སུ་གྱེར་འདོན་བྱས།ད་དུང་།རྩོམ་ཡིག་གི་མཇུག་ཏུ་ཁོ་མོས་ཁོ་ལ་འདི་ལྟར་གདེང་འཇོག་བྱས་ཡོད་དེ།  ཁྱོད་ནི་དངོས་གནས་སྤྱང་གྲུང་ལྡན་པའི་སློབ་བུ་ཞིག་རེད།ཁྱོད་ཀྱིས་བྲིས་པའི་རྩོམ་ཐུང་འདིས་མི་སེམས་རབ་ཏུ་སྒུལ་བར་བྱེད།   རང་ལ་ཡིད་ཆེས་གནོངས་དང་།ཨ་མ་ནམ་ཡང་ཁྱོད་ཀྱི་རྒྱབ་རྟེན་ཡིན།དགེ་རྒན་ནམ་ཡང་ཁྱོད་ཀྱི་ལམ་སྟོན་ཡིན།སློབ་གྲོགས་ནམ་ཡང་ཁྱོད་ཀྱི་ལག་རོགས་ཡིན།
   ཉིན་དེར།ཁོ་རང་དགའ་སྤྲོའི་ངང་ཡུལ་དུ་ལོག ཡིན་ནའང་ཁོས་ཉིན་དེའི་གནས་ཚུལ་ཨ་མར་མ་བཤད།ཡིན་པ་ནི་ཁོས་དུས་སྐབས་ཤིག་ལ་སྒུག་ཡོད་པ་རེད།
  དུས་སྐབས་དེ་ཐོན་བྱུང་།དེ་ནི་ཁོའི་ཨ་མའི་སྐྱེས་སྐར་རེད།ཉིན་དེར།ཁོ་མལ་ལས་ལངས་པ་ཧ་ཅང་སྔ།ཁོས་རྩོམ་ཐུང་དེ་རང་ཉིད་ཀྱིས་བཟོས་པའི་ཡིག་ཤོག་ནང་བཅུག་རྗེས་ཨ་མ་ལངས་པར་སྒུག
   “ཨ་མ།དེ་རིང་ཁྱོད་ཀྱི་སྐྱེས་སྐར་རེད།ངས་ཁྱོད་ལ་ལེགས་སྐྱེས་ཆུང་ཆུང་ཞིག་འབུལ་འདོད།”
རྩོམ་ཐུང་དེ་བཀླག་ཀྱིན།མ་ཡུམ་ལ་མིག་ཆུའི་ཕྲེང་ཐག་རྒྱུན་མ་ཆད།ཁོ་མོས་དེ་པང་དུ་བསྡམས་ཤིང་མ་བུ་གཉིས་ཕན་ཚུན་ལ་ལྷོད་པ་མེད་པར་འཐམས།
   རེད་ཡ།ཤེས་སྟོབས་ལ་གནོད་སྐྱོན་ཕོག་སྲིད་ནའང་།བརྩེ་བ་ནི་ནམ་ཡང་མི་འགྱུར།
  ༼མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བཀྲ་ཤིས་རྒྱལ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།