དཔེ་ཀློག་དང་གསར་བརྗེ།

  ད་ལྟ་བདག་གི་ལས་གནས་དང་བྱ་བཞག་གི་དབང་གིས་མ་བཤད་ཚད་མེད་ཀྱི་སྐད་ཆ་རེ་གཉིས་འདུག་མོད།འོན་ཀྱང་ཤིན་ཏུ་དོན་སྙིང་བདོག་པའི་སྐད་ཆ་མང་པོ་ཞིག་སྔོན་བྱོན་དམ་པ་ཚོས་གསུངས་ཚར་བས། ད་ནི་བདག་ལ་ཅི་ཡང་བཤད་རྒྱུ་མེད་ཚོད་འདུག
  འོན་ཀྱང་བདག་གིས་བསམ་ན་ཀྲུང་ཧྲན་སློབ་ཆེན་ནི་དེ་རིང་གི་སློབ་འགོ་ཚུགས་པ་ནས་བཟུང་གསར་དུ་བཙུགས་པ་ཞིག་ཁྱོན་ནས་མ་ཡིན་ལ།དེ་ནི་ལོ་ངོ་སུམ་ཅུའི་ཡར་སྔོན་ནས་བདོག་པ་ཞིག་རེད།སྐུ་ཞབས་ཀྲུང་ཧྲན་ལགས་ཀྱིས་ཀྱང་ཚེ་གང་བོར་གསར་བརྗེ་དང་དྲིལ་སྒྲོགལས་འགུལ་སོགས་རླབས་ཆེན་གྱི་བྱ་བཞག་ལ་གཞོལ་ཞིང་།གོམ་གང་མདུན་སྤོས་ཀྱིས་རྒྱལ་ཁའི་ལམ་བུར་བསྙེགས་པ་རེད།དེ་ནི་ཁོང་གི་མི་ཚེའི་ཁྲིད་དོན་རེད་ལ།ཁོས་དེ་ལྟ་བུའི་ཁྲིད་དོན་གྱིས་སློབ་ཕྲུག་ཚོར་ཡལ་སྐུལ་དང་སྣེ་ཤན་མཛད་ཅིང་།རྗེས་ཕྱོགས་སློབ་མ་ཚོས་འདོན་སྤེལ་བགྱིས་པའི་མཇུག་འབྲས་ནི་ད་ལྟའི་༼ཀྲུང་ཧྭ་མི་དམངས༽་འདི་རེད།དམ་པ་ཁོང་གིས་རྗེས་རབས་པ་ཚོར་བཞག་པའི་ཁ་ཆེམས་ཡིག་གེའི་ངོས་སུ་༼གསར་བརྗེ་ལ་རྒྱལ་ཁབ་མ་ཐོབ་ཚེ།།བློ་མཐུན་ཚོས་མུ་མཐུད་དུ་བརྩོན་དགོས།།༽ཞེས་པ་རེད།འདི་ནི་ཀྲུང་ཧྲན་སློབ་ཆེན་གྱི་སྙིང་རུས་ཀྱི་ཆ་ཤས་ཤིག་རེད་ལ།ལག་ལེན་མཐར་ཕྱིན་ཡོང་བའི་དགོངས་དོན་ཀྱང་རེད།སློབ་ཆེན་གྱི་ནང་ནས་སྦྱར་ཡིག་འདི་ལྟ་བུར་མཚོན་ན།༼གསར་བརྗེས་དཔེ་ཀློག་མི་བརྗེད་པ་དང་དཔེ་ཀློག་གིས་གསར་བརྗེ་མི་བརྗེད་པ།༽རྒྱུ་མཚན་སློབ་གྲྭ་ཆེན་མོ་ནི་ན་གཞོན་གྱི་འདུ་ར་གཙོ་བོ་ཞིག་རེད།
  མ་གཞི་གཞོན་སྐྱེས་རྣམས་ནི་གསར་བརྗེ་ཡིན་ན་འགྲིགརྒྱུ་མཚན་ཚན་རིག་གིས་སྟེང་ནས་བདེན་དབང་བགྱིས་པ་ལྟར་ན།མིའི་རིགས་ནི་ནམ་ཡང་འཕེལ་རྒྱས་དང་།མི་ལོ་ཁྲི་ཡི་ལྔ་རོལ་ཏུ་སྤྲ་མི་ཡོད་པ་དང་___འདི་ནི་ས་གཤིས་རིག་པའི་སྟེང་གི་གནད་དོན་ཞིག་རེད།ངས་རྒྱུ་མཚན་གསལ་བོ་ཞིག་ཤེས་ཀྱིན་མི་འདུགའོན་ཀྱང་ད་ལྟ་ས་གཤིས་རིག་པ་བ་མང་པོ་འདུག་པས།ཞིབ་ཏུ་དྲིས་ན་གསལ་བོར་ཤེས་ཀྱི་རེད།རིམ་བཞིན་སྤྲ་མི་བྱུང་བ་རེད།དེའི་གོ་རིམ་ནི་ཤིན་ཏུ་དལ་མོ་འདུག་ཅིང་།དེ་ཡང་མིའི་བྱུང་རིམ་ནི་འཕེལ་འགྱུར་དང་མདུན་སྐྱོད།མདུན་སྐྱོད་ནས་གསར་བརྗེ་བྱས་པ་ཞིག་རེད།མ་གཞི་ཐོག་མའི་ན་གཞོན་རྣམས་ནི་གསར་བརྗེ་ཡིན་ན་འགྲིག་ཅིང་།རྗེས་ནས་གསར་བརྗེ་མ་བྱས་པ་རེད།འདི་ནི་གཉུག་གཤིས་ཀྱི་རུལ་སུངས་དང་ཆོས་ལུགས་པའི་སྐད་ཆ་གཡར་སྟེ་བཤད་ན།གདོན་གྱིས་བཟུང་བ་ལྟ་བུ་རེད།དེའི་རྐྱེན་གྱིས།ང་ཚོས་མི་རེ་རེས་རང་གི་གཉུག་གཤིས་བསྐྱར་སློང་བྱེད་དགོས་ཤིང་།མ་ཟད་དེ་ལ་གསོ་སྐྱོང་དང་བློ་སྦྱོང་། སྦྱོང་བརྡར་གྱི་དུས་ཚོད་མཁོ་སྤྲོད་གནང་དགོས་པ་རེད།
  དེའི་ཕྱིར་ཀྲུང་ཧྲན་སློབ་ཆེན་གྱིས་ངེས་པར་དུ་གསར་བརྗེ་བགྱི་དགོས་པ་མ་ཟད།གསར་བརྗེ་ལ་རྒོལ་བའི་སྤྱོད་ལམ་ངན་ངོན་དག་ཀྱང་རྩ་བ་མེད་པར་བཟོས་སྟེ་མིའི་གཉུག་གཤིས་སླར་ཡང་བསྐྱར་སློང་བྱས་ཏེ་གསར་བརྗེའི་གནས་གཞི་འཚོལ་དགོས་པ་ཞིག་རེད།
  དེ་ལྟ་ནའང་།གསར་བརྗེ་ལ་ནི་ཉམས་མྱོང་མཁོ་བས་དཔེ་ཀློག་བགྱི་དགོས་ཤིང་།འདི་ནི་བཤད་དཀའ་བ་ཞིག་རེད་མོད།ཀྲུང་ཧྲན་སློབ་ཆེན་ལ་མཚོན་ན་ཀོང་ཏུང་སྲིད་གཞུང་ནི་ན་གཞོན་རྣམས་གསར་བརྗེ་བྱེད་སའི་བསྟི་གནས་གཙོ་བོ་ཞིག་རེད།འདི་མང་པོ་ཞིག་བཤད་དགོས་དོན་མེད་ཀྱང་།ངས་བསམ་ན།འདི་ནི་ཀྲུང་ཧྲན་སློབ་ཆེན་གྱི་སྐྱིད་སྡུག་ཉམ་མྱོང་གི་ལས་དོན་ཞིག་ཀྱང་རེད།ན་གཞོན་མང་པོས་མཐུན་སྒྲིལ་གྱི་ལག་རྡང་དམ་དུ་སྦྲེལ་སྟེ་སྙིང་རུས་ཀྱིས་སོང་བ་ཞིག་རེད།དེ་ཡང་ཀྲུང་གོའི་ན་གཞོན་སྐོར་ཞིག་ལ་ཤིན་ཏུ་དཀའ་ངལ་ཐེབས་པ་རེད།ཕྱོགས་གཅིག་ནས་གསར་བརྗེ་དང་ཕྱོགས་གཅིག་ནས་དཔེ་ཀློག་བགྱིས་པ་རེད།འདས་པའི་མི་ལོ་དུ་མའི་སྔ་རོལ་ཏུ་ལས་དགོས་པའི་བྱ་བཞག་མང་དག་ཅིག་ཤུལ་དུ་ལུས་ནས་རྗེས་རབས་པ་ཚོའི་ཕྲག་སྟེང་དུ་བསྐྱུར་ཡོད་པ་རེད།དེའི་ཕྱིར་རྗེས་རབས་པ་ཚོས་ལོ་ངོ་སྟོང་ཕྲག་ལ་གསགས་པའི་འགན་འཁྲི་བརྗིད་པོ་ཞིག་བསྒྲུབ་དགོས་ཤིང་།དེ་ནི་སྐད་ཅིག་མ་ཞིག་གིས་འགྲུབ་རྒྱུ་ཞིག་གཞར་ཡང་མིན་པས།རབས་མང་པོ་ཞིག་གི་དཀའ་སྡུག་དང་དུས་ཚོད་སྤྱད་དེ་འཁྱོངས་ཐབས་བྱེད་དགོས་ཤིང་།ན་གཞོན་མང་པོ་ཞིག་གིས་༼དཔེ་ཀློག་པས་གསར་བརྗེ་མི་བརྗེད༽་ཅེས་པ་འདི་ཡང་དཀའ་སྡུག་མང་བོ་མྱོང་སྟེ་ཧུར་བརྩོན་བྱེད་དགོས་པ་ཞིག་ཏུ་འདུགའོན་ཀྱང་ད་ལྟའི་སྤྱི་ཚོགས་འདི་ལྟ་བུ་ཞིག་ནས་དེ་ལྟར་བྱ་རྒྱུ་ནི་ཤིན་ཏུ་ཁག་པོ་རེད།  
   ན་གཞོན་རྣམས་ཀྱིས་རང་གི་འགན་འཁྲི་ཕྲག་ཏུ་བླངས་ཏེ་མདུན་སྐྱོད་གནང་དགོས་ཤིང་། རླབས་ཆེན་གྱི་གསར་བརྗེའི་གནས་གཞི་རྒྱ་བསྐྱེད་གཏང་དགོས་པ་རེད།  
ད་ལྟ་གསར་བརྗེ་བྱེད་དགོས་ས་ཤིན་ཏུ་མང་པོ་རང་འདུགའུ་ཅག་ལ་བདོག་པ་མཐའ་དག་ནི་རྙིང་བ་དག་རེད།ད་དུང་མི་རྣམས་ཀྱི་བསམ་བློ་ཡང་རྙིང་བ་འབའ་ཞིག་རེད།  འདི་དག་ཐམས་ཅག་ལ་གསར་བརྗེ་གཏན་ནས་བྱས་མི་འདུགང་ཚོས་བསམ་ན།དམག་ཤེད་ཅན་ལ་མཚོན་ན་སློབ་མ་ཚོས་རྡུང་རྡེག་ཐེབས་པ་རེད།འདི་ལྟ་བུ་ནི་ཆོས་ལུགས་སྤྱི་ཚོགས་ཀྱི་གོམས་སྲོལ་རྙིང་བ་དང་།བཀས་བགོད་རྒྱུད་འཛིན་གྱི་བསམ་བློ་རྙིང་བ། ད་དུང་ནར་མ་སྨིན་པའི་བསམ་བློའི་ངོས་ཤིག་ཀྱང་རེད།
ཀྲུང་ཧྲན་སློབ་ཆེན་གྱི་ན་གཞོན་སློབ་བུ་ཚོས།དཔེ་ཀློག་ལས་ཐོབ་པའི་མྱོང་བ་ལག་ཆ་བགྱིས་ནས།ཁོ་ཚོ་ལ་རྒོལ་ལན་སྤྲོད་དགོས་ཤིང་།འདི་ནི་ཀྲུང་ཧྲན་སློབ་ཆེན་གྱི་འོས་འགན་ཡིན་པསབདག་གིས་རེ་བ་ལྟར་ནའང་ཁོ་ཚོས་མཉམ་དུ་འོས་འགན་འདི་མཐའ་འཁྱོངས་ཡོང་བར་འདོད།

                                                                      ༼ཁྱེད་ཀྱི་མི་ཚེ་ལ་ཡར་སྐུལ་གཏོང་བའི་གཏམ་བཤད་ཀྱི་མདོ་༽ཞེས་པའི་དཔེ་ཆ་ལས་བཤུས།
                                                                                             ༼སྲིན་པོས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་ཀློག་དང་གསར་བརྗེ།

2012-09-21 ལུའུ་ཞུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།