གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་དགོང་། ང་ཁེར་རྐྱང་མ་ཡིན།

2012-07-17 20:58:00 ལྕམ་མཱེ་སི་ཌི་རལ།༼ཆེ་ཁི༽ ཀློག་གྲངས། མཆན ཡོད།

      
མཚན་མོ་དེ  མཐོ་རི་རབ་དང  འཇིངས་མཚོ་ལས་དོར་རུང               
ཁྱེད་རྨང་ནས་སྒུལ་མཁན་དེ་ང་ཡིན་པའི་དོ་ནུབ 
ང་ལ་ཁེར་རྐྱང་མིན་པའི་སྣང་བ་ཞིག
ནམ་མཁའ་དེ  ཟླ་བ་མཚོ་མོར་ལྷུང་བའི་ཚུལ་གྱིས་བོར་ཡང                   
ཁྱེད་རང་པང་མཁན་ཡང་ང་ཡིན་པའི་དོ་དགོང   
ང་ལ་ཁེར་རྐྱང་མ་ཡིན་པའི་སེམས་པ་ཞིག
དེ་ལྟར  འཇིག་རྟེན་ལ་བྱོལ་ཅིང                               
བེམ་གཟུགས་ཀྱི་ཤ་གྲུམ་དག                            
ཁྱེད་ཀྱི་མིག་ཀོང་གི་སྐྱོ་ཉམས་ཙམ   འོན་ཏེ                                             
ཁྱེད་ལ་འཁྱུད་ཅིང་འཐམས་པའི་དོ་ནུབ 
ང་ལ་ཁེར་ཧྲེང་མིན་པའི་ཚོར་བ་ཞིག
          
                རྒྱ་སེ་མེ་ཏོག
རྒྱ་སེ་མེ་ཏོག་གི་སྙིང་ཀར་སྦྲུམ་པའི་ཟེའུ་འབྲུ    
སེམས་པའི་གངེངས་ཀ་ནས་འཕོས་པའི་ཁྱེད་ཀྱི་བང་མཛོད་ཅིག
འདབ་ལོ་རེ་འགའ་ཟགས་ཤིང་ལྷུང་བའི་ཟོལ་གྱིས   
དེའང་ས་ཆེན་གྱི་ཕང་བ་རུ་འཁྱོམས་ཤིང་སིམ
ཁྱེད་ཀྱི་ན་ཟུག  མེ་ཏོག་གི་གདུང་བའི་ཚད་ཤིང་ཞིག                     
དྲན་ཤིང་ཉིད  བརྩེ་ཆེན་གྱི་འདོད་ལོ་དེ        
མགྲིན་པའི་གདུང་དབྱངས་ཤིག་གི་ཟབ་ས་རུ་ཟུག་ཀྱང་ངེས
མེ་ལྕེ་བཞིན  དམར་བོ་དམར་བོའི་མདངས་ཀྱིས                     
བསྲེག་པའི་དོགས་སྣང་ལ་འདྲོགས་ཏེ   
རྒྱ་སེ་མེ་ཏོག་ལ་བར་ཆད་མ་གཏོང་རོགས
              4/8/2012
         ༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།