གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ།

2012-07-15 20:58:00 ནཱན་སཱེ། ༼ཨ་རི༽ ཀློག་གྲངས། མཆན ཡོད།


དོ་ནུབ་ཀྱི་ཟླ་འོད    ངས                           
རི་བོའི་ཕྲག་གོང་ནས་ཕར་བསྐྱལ་ཏེ    
ཤར་ལ་ཟུག་པའི་སྐྱ་མོ་ལམ་ཐག་དེ་བང་གིས་གཅོད་དུས  
དུས་ཚོད་ཀྱི་མདའ་རྟགས་ནི  ད་དུང                                        
ཁ་རོག་གེར་འགྲེང་འདུག་པ་འདྲ་བྱུང   
ལྗོན་ཤིང་གི་ཕག་དང་གསེབ་ན  སྐར་འོད་ཆེམ་ཆེམ་གྱི་ཚོམ་བུ                    
བུང་བའི་ཚོགས་སུ་འཚང་མོད  དེ་ཕྱོགས་སུ་སྙེག་པའི 
ངའི་གོམ་འགྲོས་ཀྱི་སྟངས་ཀ་ལྷོད་མ་ནུས 
ངས   སྲིད་པའི་མིག་ལ་འོད་ཞགས་སྦར་ཏེ                              
མཚན་མོ་འདི  ས་ཁང་གི་ཉི་ཟེར་དེ་རུ་ལྡོག་རུང་ན་ཅིས་མ་ཆོག
ཟླུམ་ཞིང་སྒོར་བའི་ཟླ་བའི་ཕར་ངོགས   ནག་ཤ་ལེར
གྲལ་གདན་རིང་པོ་ཞིག་ཏུ་སྣང་འོངས       
མཚན་མོའི་འགྲོས་ཀྱིས་རི་གྲོང་བརྟོལ་དུས  
མཐོང་རྒྱུན་གྱི་ཡོད་ཚད་ལ་འོད་སྣང་འཁྱིལ་ཀྱང   
ཉིན་མོའི་སྟབས་སུ་གཤོག་ཟུང་ཐོགས་པ་དང་མཚུངས་ཤིང           
དེ་འདྲའི་མྱུར་བ་ལ་ཨང
ལྷོ་ནས་བྱང་གི་སྣེ་རུ་མཆེད་པའི་ཁ་པར་གྱི་དྲིལ་སྒྲ  
མུན་ནག་གིས་བགམས་ཟིན་པའི་ལོ་ཟླ་དང་ཅིས་མི་འདྲ
འོད་སྣང་དང   རྡོག་ཁྲེས  བར་སྣང  ལམ་བུ                               
ད་དུང  ཚེ་སྲོག་དང   དུས་ཚོད་སོགས                             
ཡོད་ཚད་ངོ་གདོང་གཅིག་ཏུ་གྲུབ
ངས་ནི   དོ་དགོང་གི་མཚན་ལྗོངས་བགྲོད་ཀྱིན 
སང་ཉིན་གྱི་ཉི་ཟེར་ལ་གོམ་འགྲོས་བསྲིངས་ཡོད
          ༼ན་བུན་གྱིས་བསྒྱུར༽
            8/6/2012 དགོང་མོར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།