མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཨིན་ཡིག་ཏུ་བརྩམས་པའི་སྙན་ངག་ཅིག

དགེ་འདུན་ཆོས་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-06

          རེབ་གོང་།
རྒྱུས་མེད་ས་མཐའི་རྒྱུ་སྐར་འོག་ཏུ་ངལ་བའི་རྐང་འགྲོས་རབ་བཀོད་དེ།།
སྐྱེས་པའི་རེབ་གོང་ཕ་ཡུལ་ལམ་ཐག་དཔག་ཚད་བྱེ་བས་བསྐལ་པར་གྱུར།།
འོན་ཀྱང་པ་སངས་མིག་དམར་སྐར་མའི་འོད་ཀྱི་རྡུལ་ཕྲན་ཕུང་པོ་དག།
ས་ཡི་མུ་ཁྱུད་སྔོ་ལྗང་ལྡན་པ་རེབ་གོང་ཡུལ་ལ་ལྷུང་བར་འགྱེད།།

ཆུང་ངུའི་དུས་ཀྱི་ས་རྡུལ་འདྲེས་མའི་ལོ་ཟླའི་གསེབ་ཀྱི་རོལ་རྩེད་དང་།།
བདག་གི་སྙིང་དང་ཕ་ཡུལ་རེབ་གོང་རྒྱང་རིང་བོད་ཀྱི་གནས་སུ་བསྐྱུར།།
རླུང་གིས་སྒྲུབ་ཅིང་ངལ་བ་མེད་པ་ལས་ཀྱི་རྟ་ཕོ་སྲབ་མེད་འདིས།།
རུས་ཀོག་ཚོགས་འདི་རྒྱབ་ཏུ་ཁུར་ནས་ད་དུང་གང་དུ་འཁྲིད་སྲིད་དམ།།

ཁོ་བོ་སྟོན་ཀའི་སྤྲིན་པ་ཇི་བཞིན་སྐད་ཅིག་དེ་དང་འདི་རུ་གཡེངས།།
དུས་ཀྱི་ཟླ་བས་ཅི་ཞིག་འཁྱེར་ཡོང་ཁོ་བོའི་སེམས་ཀྱིས་ཤེས་མ་གྱུར།།
རྒྱ་སེ་མེ་ཏོག་ཚོམ་བུར་བཞད་པ་མཛེས་ལྗོངས་ཀ་ིའི་ཞིང་ཁམས་འདིར།།
ཁོ་བོའི་ལོ་ཟླས་ཨ་ལོང་ཇི་བཞིན་བདག་ཉིད་བསྐོར་བ་ད་བཟོད་ཤེས།།

ཚེ་རབས་སྔ་མའི་ལས་དབང་དེ་ཉིད་འདུན་མའི་ཐགས་ཁྲིའི་མདུན་དུ་སྡོད།།
ལས་ཀྱི་ལྷ་མོས་རང་གི་སྐུད་པའི་སྐྱ་སྡེབ་དག་ནི་རྒྱུན་དུ་བསྣོལ།།
ཁོ་བོའི་ཨ་ཕའི་དུར་ཁྲོད་མདུན་དུ་སྐྱི་བསེར་རླུང་བུ་ལྷོད་ཀྱིས་ལྡང་།།
འོན་ཀྱང་ཁོ་བོའི་རྨི་ལམ་ཞིང་དུ་ད་དུང་དབྱར་གྱི་ས་སྲོད་སྟེ།།
ཁོ་བོ་བྱིས་པའི་དུས་ཀྱི་ཚེ་ན་ཨ་མའི་ངག་ལ་ཉན་བཞིན་དུ།།
ཁོ་མོས་གསུངས་པའི་སྒྲུང་གཏམ་དག་གིས་ན་ཆུང་སྙིང་ཁམས་མྱོས་པ་རྨིས།།

ཐོག་མ་ཉིད་ནས་ད་ལྟའི་བར་དུ་ཁོ་བོས་དུར་ཁྲོད་མཐོང་མ་མྱོང་།།
ཀྱེ་མ་གྲོགས་པོ་བྲལ་གདུང་འདི་དག་སེམས་ཀྱི་གཏིང་སར་ཟུག་གཟེར་ཉིད།།
ཁོ་བོའི་ལྷོག་ལྷོག་ལྡིང་བའི་སྙིང་འདི་མཐའ་ཡས་རྒྱ་མཚོའི་རླབས་ལ་འཕངས།།
མཐའ་མར་བདེ་སྐྱིད་ཞི་བར་ཆགས་པའི་མཚོ་འགྲམ་གང་དུ་བསླེབ་སྲིད་དམ།།

ཁོ་བོས་བྱིན་རླབས་འོད་དུ་འཚེར་བ་གངྒའི་རྦ་རླབས་ཧུབ་ཀྱིས་འཐུངས།།
རྡོར་གདན་བྱང་ཆུབ་ལྗོན་པའི་འོག་ཏུ་གཡོ་མེད་སྐྱིལ་མོ་དཀྲུང་གིས་བསྡད།
 དེ་རུ་རྒྱུ་བས་ལོ་མ་དག་གིས་འགྲོ་བའི་གདུང་བ་ཡོངས་སུ་བཀྲུ།།
ཁོ་བོས་མཆོད་དང་བཀུར་བསྟི་འོས་པ་འཕགས་ཡུལ་ཆོས་ཀྱི་ཞིང་ཁམས་ཉིད།།
འོན་ཀྱང་ཀྱེ་མ་ལྗོངས་འདིའི་མཛེས་པ་རེབ་གོང་རི་ལུང་ཉིད་དང་མཚུངས།།
ནགས་ཀྱི་རི་ནས་བཞུར་བའི་གཙང་པོ་ཡུལ་ལྗོངས་འདི་ཡི་རྒྱུད་དུ་འབབ།།

                ༢༠༡༢་༠༦་༢༤ཉིན་བསྒྱུར།
                ༢༠༡༢་༠༦་༢༩ ཉིན་ཞུ་དག་བྱས།
               ༼སྙན་བཟང་གཡུང་དྲུང་ཚེ་རིང་གིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཨིན་ཡིག་ཏུ་བརྩམས་པའི་སྙན་ངག་ཅིག

2012-07-06 དགེ་འདུན་ཆོས་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།