བདག་གི་ཁྱིམ་མཚེས་མཛེས་མ།

  བདག་གི་བརྩེ་ཚོར་རེ་སྨོན་གྱིས་འཚོ་བའི་ཁྱིམ་མཚེས་ཡུགས་མོ་ཆུང་ཆུང་དེའི་ཕྱོགས་སུ་ཤོར། དོན་དག་དེ་ངས་རང་ཉིད་དང་རང་གི་གྲོགས་པོ་ཚོར་གླེང་མ་མྱོང་ལ། ཐ་ན་རང་ཉིད་དང་ཆེས་འདྲིས་ཤིང་གཤིབ་པའི་གྲོགས་པོ་ནཱ་བྷན་ (Nabin) གྱིས་ཀྱང་བདག་གི་སེམས་ཁམས་ངོ་མ་མི་རྟོགས། དེ་བས། བསླད་མེད་དྭངས་གཙང་གི་བརྩེ་དུངས་དེ་ངས་རང་གི་སེམས་གཏིང་དུ་ཉར་ཐུབ་བྱུང་སྙམ་པའི་རང་རློམ་རིགས་ཤིག་ངང་གིས་སྐྱེས་ཡོང་། ཁོ་མོ་ཟིལ་ཐིགས་ཀྱིས་བརླན་པའི་སེ་པད་མེ་ཏོག་ (sephali-blossom) རྐང་གཅིག་དུས་ངེས་མེད་ལ་སའི་གོ་ལའི་ཡང་སྟེང་དུ་ཟགས་པ་འདྲ་ཞིང་། མེ་ཏོག་གིས་སྤུད་པའི་གཉེན་སྒྲིག་གཟིམས་ཁྲིར་མཆོག་གྱུར་དང་འོད་མདངས་བཀྲ་བས། ཁོ་མོ་ཡར་ལྷ་ཡུལ་ལ་ཕུལ་ཟིན་པ་དང་ཡང་གཉིས་སུ་མེད།
  ཡིན་རུང་། བརྩེ་དུངས་ནི་རི་གསེབ་ཀྱི་ཆུ་ཀླུང་ནང་བཞིན། རང་གི་མགོ་ཁུངས་སུ་ལྡོག་འཁྱིལ་མི་སྲིད་པར་གཞིག་ན། ཧ་ལམ་ཕྱི་རུ་རྡོལ་བའི་བུ་ག་ཅིག་འཚོལ་ཞིང་སྙེག་གིན་ཡོད་པ་འདྲ། དེའི་ཕྱིར། ངས་རང་གི་ཤུགས་དྲག་པའི་ཚོར་འདུ་སྙན་ངག་ཏུ་བྱོ་བར་བརྩམས་ཀྱང་། ངའི་འདོད་བློ་མེད་པའི་སྨྱུ་གུས་བདག་གི་སྨོན་ཞིང་གུས་པའི་ཁོ་མོའི་སྣང་བརྙན་དེ་བསླད་མི་འདོད།
  ཡ་མཚར་བ་ཞིག་ལ། སྐབས་དེར་བདག་གི་གྲོགས་པོ་ནཱ་བྷན་ཡང་ཏག་ཏག་ལ་སྙན་ངག་འབྲི་བར་ཧ་ཅང་དགའ་ཞིང་། དེ་ལྟའི་དགའ་ཞེན་དེ་ས་ཡོམ་ནང་བཞིན་ཁོའི་ཡིད་སེམས་སུ་སྐྱོམས་ཤིང་འཕྱུར་འོང་གི་ཡོད། དེ་ནི་སྙིང་རྗེས་ཡུལ་དུ་གྱུར་བའི་བདག་གི་གྲོགས་པོར་ཆེས་ཐོག་མར་ཐེབས་པའི་བཙན་རྒོལ་ཐེངས་གཅིག་ལོས་ཡིན། ལར་ཁོས་ཚིག་སྦྱོར་གྱི་སྙན་ཆ་ཙམ་ཡང་མི་འཁྱོངས་ནའང་། ཁོས་སྙན་ངག་འབྲི་འདོད་ཀྱི་དགའ་ཞེན་དེ་དུས་ནམ་ཡིན་རུང་འདོར་ཐབས་མ་བྱུང་། རྒྱུ་མཚན་ནི། ཁོས་ཡུགས་མོ་ཞིག་རང་གི་སླད་མའི་ཚེ་གཅིག་སྐྱ་ཡར་འགུག་འདོད་པའི་ཟོལ་རྫུ་འབའ་ཞིག་ལགས།
  དེའི་སྟབས་ཀྱིས། ཁོ་པ་བདག་གི་རམ་འདེགས་ཞུ་རུ་འོངས། ཁོའི་སྙན་ངག་གི་བརྗོད་གཞི་དག་རྙིང་མར་གྱུར་ཞིང་དུས་ནམ་དུ་ཡང་གསར་རྩོམ་གྱི་ལས་སུ་འགྱུར་མི་སྲིད་དེ_____ཁོའི་སྙན་རྩོམ་དེ་དག་སྙིང་སྡུག་སུ་ཞིག་ལ་སྤྲིང་བའི་བརྗོད་སྙིང་ཙམ་ལས་མི་འདའོ།།
  བདག་གིས་ཁོའི་ཕྲག་པར་རྡེབ་བཞིན། ཀུ་རེའི་ཚུལ་གྱིས“ཡ་གྲོགས་པོ། སྙན་ངག་སྤྲིང་སའི་ཁོ་མོ་སུ་ཞིག་ཡིན་ནམ”ཞེས་དྲིས།
  ནཱ་བྷན་དགོད་ཞོར་དུ“དེ་ངས་ད་དུང་མི་ཤེས”ཞེས་ལན་དུ་སྨྲས།
  བདག་གིས་འདི་ལྟར་མཐོལ་བར་རིགས་ཏེ། ངས་རང་གི་གྲོགས་པོར་རམ་འདེགས་བྱེད་སྐབས། ངས་བསམ་གཞིག་གི་བདེ་སྣང་ (considerable comfort) ཞིག་རྙེད་པར་འགྱུར་ཞིང་། དེ་ཡང་བྱ་མོ་ཞིག་གིས་བྱ་གག་གི་སྒོང་ང་རུམ་པ་དང་འདྲ་བར། མགྲིན་པར་བརྣངས་པའི་བདག་གི་དྲོད་ལམ་ལམ་གྱི་སེམས་ཚོར་མ་ལུས་ནཱ་བྷན་གྱི་སྙན་རྩོམ་ཁྲོད་ཕངས་མེད་བྱོ་སྟེ། རང་ནུས་ཅི་ལྕོག་སྒོས་ཁོའི་སྙན་ངག་ཏུ་མ་འཁྱོངས་པའི་སྙན་ངག་དེ་དག་ལ་དག་སྒྲིག་ལེགས་བཅོས་བཏང་རྗེས། སྙན་རྩོམ་རེ་རེའི་ཆ་མང་ཤོས་བདག་རང་ཉིད་ཀྱི་སྙན་ཚིག་ཏུ་གྲུབ།
  དེའི་རྗེས་ནཱ་བྷན་ཅུང་མཚར་སྣང་ངང་ན་རེ“འདི་ནི་ཏག་ཏག་ལ་ངས་བཤད་འདོད་ཀྱང་། བཤད་སྟངས་མ་ཤེས་པའི་སྐད་ཆ་ཤ་སྟག་རེད། ཆེས་ཕུལ་དུ་བྱུང་བའི་བསམ་པའི་འཆར་སྒོ་ (sentiment) འདི་དག ཁྱེད་ཀྱིས་ཅི་ལྟར་དུ་འཐོབ་སྙེག་བྱེད་བཏུབ་པ་བྱུང་ངམ”
  སྙན་ངག་པ་ཞིག་གི་ཚུལ་དུ་བདག་གིས“འཆར་སྒོ་དེ་དག ངའི་བསམ་ཡན་ (imagination) ལས་ཐོབ་པ་ཡིན་ལ། དེའི་རྒྱུ་མཚན། ཁྱེད་ཀྱིས་ཤེས་གསལ་ལྟར། དངོས་དོན་ལ་གྲགས་འགུལ་དབེན་ཞིང་། བསམ་ཡན་ཁོ་ན་ད་གཟོད་སྨྲ་བརྗོད་ཀྱིས་ཁེངས་པར་འགྱུར། དངོས་དོན་ནི་བྲག་རྡོ་ཞིག་དང་འདྲ་བར། ཚོར་བའི་རླབས་རྒྱུན་འགོག་གནོན་འཐེབས་ཤིང་། བསམ་ཡན་ཁོ་ནས་ད་གཟོད་རང་གི་བགྲོད་ལམ་ཡངས་པོར་བཏོད་པར་བྱེད”ཅེས་ལན་བཏབ།
  མགོ་འཐོམ་ཞིང་སྙིང་ཉེ་བའི་ནཱ་བྷན་གྱིས“རེད། ད་ངས་ཤེས་སོང་། རེད། དེ་ལོས་ཡིན”ཞེས་བརྗོད་པ་དང་། དེའི་རྗེས་ཡུད་ཙམ་མནོ་བསམ་བཏང་རྗེས། ཁོས་སླར་ཡང་ཤབ་ཤུབ་ངང“རེད་རེད། ཁྱེད་ཀྱིས་བཤད་པ་དེ་བདེན་པར་འཁུམས”ཟེར།
  བསྙད་ཟིན་པ་ལྟར། ང་རང་ཉིད་ཀྱི་བརྩེ་དུངས་ཁྲོད་དུ་མོས་གུས་ཀྱི་ཚོར་བ་སྙི་མོ་ཞིག་གིས་ངའི་བརྩེ་བ་དང་དུང་བ་ཡིག་ཐོག་ཏུ་འགོད་པར་འགོག་རྒོལ་ཐེབས། ཡིན་རུང་། ནཱ་བྷན་ནི་གསང་ཡོལ་ཞིག་དང་འདྲ་བར། ངའི་སྨྱུག་ཁའི་སྙན་ངག་གི་རླབས་རྒྱུན་གཅོད་པའི་འགོག་རྐྱེན་ཅི་ཡང་མ་འཐེབས་པར། དྲོད་ལམ་ལམ་གྱི་ཚོར་བ་ངོ་མ་དེ་ཚབ་བྲིས་སྙན་ངག་ (vicarious poems) འདི་དག་གི་ཁྲོད་དུ་བརྡོལ་ཞིང་འཕྱུར་བར་གྱུར།
  ནཱ་བྷན་གྱིས་གསལ་འདེབས་གནང་དོན“ཡིན་ཡང་། སྙན་རྩོམ་འདི་ཚོ་ཁྱེད་རང་གི་ཡིན་པས། ཁྱེད་ཀྱི་མིང་ཐོག་ནས་བདག་གིས་དཔར་བསྐྲུན་ཆོག་པར་འཚལ”
  “ཅི་ཟེར” ངས་ཁོར“བདག་གི་སྙིང་ཉེ་བའི་གྲོགས་པོ་ལགས། སྙན་རྩོམ་འདི་དག་ཁྱེད་རང་ཉིད་ཀྱི་མ་ཡིན་གྲང་། ངས་གོང་འོག་ཏུ་ཚིག་འབྲུ་རེ་གཉིས་བསྣན་པ་ཙམ་ཡིན”ཞེས་ལན་དུ་སྨྲས།
རིམ་བཞིན་ནཱ་བྷན་ཡང་བདག་གི་སྐད་ཆར་ཡིད་ཆེ་བྱུང་།
  བདག་གིས་ཁས་མི་ལེན་ཐབས་མེད་ཅིག་ནི། གནམ་དཔྱོད་རིག་པ་མཁན་གྱིས་སྐར་ཚོགས་བཀྲ་བའི་ནམ་མཁར་རྒྱང་ལྟ་བྱེད་པ་དང་མཚུངས་པར། སྐབས་ལན་རེར་བདག་གི་འདྲེན་བྱེད་ཟུང་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ཕྱོགས་སུ་ཤོར་འགྲོ། དེ་ཡང་མ་ཟད། བདག་གི་དུས་རྒྱུན་གྱི་གསང་བའི་ཟུར་མིག་དེའི་ལན་དུ་ཕྱི་མིག་ཅིག་གི་བརྡ་ལན་ཐོབ་འོང་བའང་བདེན་པ་ཡིན་ལ། དྭངས་གཙང་གི་མིག་མདངས་གཉོམ་པོ་དེས་ད་དུང་བདག་གི་དོན་སྙིང་སྟོང་ཞིང་འགྱུ་བག་རྒོད་པའི་སེམས་ཚོར་དེ་སྐད་ཅིག་ཉིད་ལ་ཞི་འཇམ་དག་གཙང་དུ་བསྒྱུར་འོང་།
  ཡིན་རུང་། ཉི་མ་ཞིག་ལ་ང་ཧ་ལས་ཧང་སང་དུ་བཅུག་བྱུང་། ངས་རང་གི་མིག་དབང་ལ་ཡིད་ཆེས་རུང་ངམ།
  དེ་ཡང་ཚ་གདུག་ཆེ་བའི་དབྱར་ཁའི་ཕྱི་དྲོ་ཞིག་སྟེ། གློ་རྡེག་ལ། ནུབ་བྱང་ཕྱོགས་སུ་གཏུམ་དྲག་འབར་བའི་འགྱུར་ལྡོག་ཐེབས་ཀྱིན་ཡོད། ནུབ་བྱང་ཕྱོགས་ཀྱི་མཁའ་མཐར་སྤྲིན་ནག་འཁྲིགས་ཏེ། སླར་ཡང་དཔག་དཀའ་ཞིང་འཇིགས་ཡེར་བའི་གློག་ཞགས་ཁྲོད། བདག་གི་ཁྱིམ་མཚེས་མཛེས་མ་ (my fair neighbour) ཀྲོང་ངེར་འགྲེང་ནས་སྟོང་བའི་དབྱིངས་སུ་རྒྱང་ལྟ་བྱེད་བཞིན་གདའ། རྒྱང་རིང་གི་འོད་འཁྱུག་པའི་མིག་ཟུང་ནག་པོ་དེ་གཉིས་ལས་བདག་གིས་རེ་ཆད་ཀྱི་མདངས་ཤིག་མཐོང་འོང་།
  དེའི་རྗེས་བདག་གི་འཇམ་ཐིང་ཐིང་གི་ཟླ་འོད་འོག་ཏུ། ལྟོས་དབང་གིས་ད་དུང་འཚོ་བའི་མེ་རི་འཕྱུར་སྲིད་དམ།
  ཀྱེ་མ་ཀྱི་ཧུད། ཚད་མེད་པའི་རེ་འདུན་གྱི་མིག་མདངས་དེ་ནི། སྤྲིན་གསེབ་ཀྱི་ནམ་འཕང་གཅོད་པའི་བྱ་གླག་ཅིག་གཉིས་སུ་མེད་ལ། དེའི་འཚོལ་སྙེག་ནི་དག་ཞིང་མ་ཡིན་པར། འགྲོ་མིའི་སྙིང་ཁོང་གི་ཚང་མལ་ལགས་ཨང་།
  སྨྲ་བརྗོད་གང་གིས་ཀྱང་མཚོན་མི་ཐབས་པའི་བརྩེ་བའི་མིག་མདངས་དེའི་འོག་ཏུ། བདག་གི་དུངས་སེམས་ཀྱི་མཚོ་མོར་སྐྱོམས་འགུལ་ཐེབས་ཏེ། སྙན་ངག་ཏུ་མ་འཁྱོངས་པའི་སྙན་ངག་ (crude poems) འདི་དག་ལ་བདག་གིས་དག་སྒྲིག་བྱས་པ་ཙམ་གྱིས་མི་ཚིམ་པར། རང་ཉིད་ཀྱི་དུངས་སེམས་མ་ལུས་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་འདོད་སྐྱེས་བྱུང་།
རང་གི་མེས་རྒྱལ་དུ་སླད་མར། ཡུགས་མོའི་གཉེན་སྒྲིག་ (widow-remarriage) ལ་ཀུན་པོས་མོས་གུས་འཐོབ་ཕྱིར་ཏུ་ངས་འབུང་ཨང་སྙམ་དུ་བསམས་ཤིང་། དོན་དག་དེ་ངས་གླེང་བ་དང་འབྲི་བ་མ་ཟད། ད་དུང་དེའི་དཀའ་ཁག་གི་ཐད་ལའང་རོགས་དངུལ་གཏོང་རྒྱུའི་ལྟ་གོན་བྱས།
  ནཱ་བྷན་གྱིས་བདག་ལ་རྩོད་ཤགས་འབྱེད་འགོ་བརྩམས་བྱུང་། “ཡུགས་མོའི་གནས་བབ་དུས་ནམ་ཡིན་རུང་ཡུགས་ས་ཡིན་ནི་རེད (Permanent widowhood)” ཁོ་ན་རེ“ཚངས་སྤྱོད་ (immense purity) དང་ཞི་བ་ (peace) ངོས་དགོས། སྟོང་ཧང་ཧང་གི་གཤིན་པོའི་དུར་ཁྲོད་ཀྱི་ཞི་འཇགས་ཀྱི་མཛེས་པ་ནི། ཧོར་ཟླ་བཅུ་གཅིག་པའི་ཟླ་འོད་སབ་སིབ་འོག་ (in the wan light of the eleventh moon) ལྷམ་མེར་འཚེར་འོང་བ་ཡིན་པས། སླར་ཡང་གཉེན་སྒྲིག་པ་ནི་མཆོག་གྱུར་གྱི་མཛེས་པ་དེ་བརླག་པ་མ་ཡིན་གྲང”ཟེར།
  འདོད་ཚུལ་འདི་རིགས་ཀྱིས་རྒྱུན་པར་ང་ལ་ཕོག་ཐུགས་ཐེབས་ཀྱི་ཡོད་དེ། ནམ་ངན་གྱི་དུས་སུ། བརྒྱ་ལ་ལྟོ་བ་འགྲངས་པའི་མི་ཞིག་གིས་བཟའ་བཏུང་ལ་སྣང་ཆུང་གི་ཁ་ཕོ་ཆེ་ནའང་། བཀྲེས་ལྟོགས་ཀྱིས་འཆི་ལ་ཉེ་བའི་མི་ཞིག་ལ་མེ་ཏོག་གི་དྲི་ངད་དང་འདབ་ཆགས་ཀྱི་གྲེ་འགྱུར་ལ་བརྟེན་ནས་རང་གི་ལྟོགས་སྐོམ་སེལ་དགོས་པར་གདམས་ཚེ། ང་ཚོས་མི་དེ་ལ་ཅི་ཞིག་སེམས་ཤིང་ཡོད་དམ།
  ཅུང་ཁྲོ་བའི་ངང་ནས་ངས“ནཱ་བྷན། ཁྱེད་ཀྱིས་ཉོན་ཅིག རི་མོ་མཁན་ཞིག་ལ་མཚོན་ན། ཉམ་རྒུད་ཐེབས་པའི་གྱང་རོ་ཡང་ཆེས་མཛེས་སྡུག་གི་ཡུལ་ལྗོངས་ཤིག་ཡིན་སྲིད། འོན་ཀྱང་སྡོད་ཁང་རྩིག་པ་ནི་མི་འཚོ་བའི་ཕྱིར་ཏུ་ཡིན་པ་ལས། རི་མོ་མཁན་གྱི་དམིགས་འབེན་ཁོ་ནའི་ཆེད་དུ་མིན། དེའི་ཕྱིར། སྒྱུ་རྩལ་གྱི་དབང་གིས་ཡིན་ཡང་རུང་། མི་རྣམས་ཀྱིས་མུ་མཐུད་སྡོད་ཁང་ལ་ཞིག་གསོ་གཏོང་དགོས་པ་རེད། ཁྱེད་ཀྱིས་རང་གི་བདེ་འཇགས་ལས་ཡུགས་མོའི་གནས་བབ་ཀྱང་ཕུགས་བསམ་དུ་བསྒྱུར་ན་འགྲིག་མོད། ཁྱེད་ཀྱིས་ཡུགས་མོའི་གནས་བབ་ཁྲོད་དུའང་། ཚོར་སྐྱེན་པའི་མི་སེམས་ཤིག་དགའ་སྡུག་གིས་འཕར་ལྡིང་བྱེད་ཀྱིན་པ་དྲན་ན་ལེགས”ཞེས་སྨྲས།
  བདག་གི་སྐད་ཆ་འདི་ལ་ནཱ་བྷན་འཐད་མི་སྲིད་པས། ངས་སྔར་བས་ཀྱང་མང་ཙམ་འཆད་ན་སྙམ་མོད། ཅི་སྟེ་བློ་ཡིད་ལས་འགོངས་པ་ཞིག་ལ། བསམ་གཞིག་གི་དབུགས་རིང་ཞིག་འཐེན་རྗེས། ནཱ་བྷན་བདག་གི་གཏམ་བཤད་ཐུང་ཐུང་དེ་ལ་ཡོངས་སུ་འཐད་པ་བྱུང་། དེ་བས། བདག་གི་བཤད་འཕྲོར་ལུས་པའི་བློ་འགུག་གི་གཏམ་གླེང་ལྷག་མ་དེ་མཁོ་མེད་དུ་གྱུར།
གཟའ་འཁོར་གཅིག་ཡས་མས་ཤིག་ལ། ནཱ་བྷན་ངེད་སར་འོངས་ནས། གལ་ཏེ་བདག་གིས་ཁོར་རོགས་རམ་བྱ་ཚེ། ཁོ་རང་ཡུགས་མོ་ཞིག་ལ་གཉེན་སྒྲིག་འཆར་ཡོད་ཟེར།
  བདག་རང་དགའ་བ་འབུམ་གྱིས་མྱོས་ཏེ་ཁོར་འཐམ་འཁྱུད་བྱས་པ་མ་ཟད། ཁོར་གཉེན་སྒྲིག་གི་རོགས་དངུལ་ཅི་ཙམ་མཁོ་ཡང་བདག་གིས་གཏོང་རྒྱུའི་ཁ་དན་བཞག དེའི་རྗེས་ནཱ་བྷན་གྱིས་ང་ལ་ཁོའི་བརྩེ་དུངས་ཀྱི་གཏམ་རྒྱུད་སྦ་གསང་མེད་པར་བཤད།
  ངས་ད་གཟོད་ནཱ་བྷན་གྱི་དུངས་བརྗོད་སྙན་ངག་ནི་འཆར་ཡན་ཙམ་མ་ཡིན་པར། ཁོས་རང་གི་བརྩེ་སེམས་གསལ་བརྗོད་མ་གནང་བ་མ་གཏོགས། ནཱ་བྷན་ཡང་ནམ་ཞིག་གི་དུས་ནས་ཡུགས་མོ་ཞིག་ལ་དགའ་ཞིང་ཞེན་ཡོད་ཚུལ་རྟོགས་བྱུང་། དེའི་རྗེས་ནཱ་བྷན་གྱི་སྙན་རྩོམ་དག་ (དེ་ལས་ངའི་སྙན་ངག་ཅེས་ན་ལེགས) བཀོད་མྱོང་བའི་དུས་དེབ་དེ་མཛེས་མ་དེའི་ལག་ཏུ་སོན་ཡོད་པས། སྙན་རྩོམ་དེ་དག་གིས་སྒུལ་ཤུགས་ཅུང་ཙམ་ཡང་མི་འཐེབས་པ་ག་ལ་སྲིད།
  ནཱ་བྷན་གྱིས་གསལ་བཤད་གནང་བ་ལྟར་ན། བྱེད་ཐབས་དེ་ལ་བརྟེན་ནས་ཁོས་རང་གི་དུངས་སེམས་སྟོན་པ་ཙམ་ལས། འཆར་ཅན་གྱི་དམིགས་ཡུལ་གཞན་གང་ཡང་མེད། དོན་དམ་ཁོས་ཡུགས་མོ་དེས་ཡི་གེ་ཤེས་མིན་ཡང་མི་རྟོགས་ཟེར། སྔོན་ཆད་ཁོས་དུས་དེབ་དེའི་ཁ་བྱང་སྟེང་དུ་སྐུར་མཁན་གྱི་མིང་ཡིག་མ་བཀོད་པར། ཡུགས་མོ་དེའི་ཕུ་བོར་སྤྲིངས་པ་རེད། དེ་ནི་ཁོ་རང་ཐབས་ཟད་འུ་ཐུག་གི་བྱེད་ཐབས་རིགས་ཤིག་ཡིན་ཏེ། དེ་ནི་དཀོན་མཆོག་ལ་མེ་ཏོག་ཕྲེང་རྒྱུད་ཕུལ་བ་དང་འདྲ་ཞིང་། དཀོན་མཆོག་གིས་གསོལ་མཆོད་དེ་མཁྱེན་མིན་ནམ་ཞལ་བཞེས་གནང་མིན་ནི་འབུལ་མཁན་རང་ཉིད་ཀྱི་དོན་དག་མ་ཡིན་ནོ།།
  དེར་མ་ཟད། ནཱ་བྷན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ཐོག་མར་ཡུགས་མོ་དེའི་ཕུ་བོར་འབྲེལ་འདྲིས་བྱེད་པར་འཆར་གཞི་ཁྱད་པར་བ་ཅི་ཡང་མེད་པ་བདག་གིས་རྟོགས་ན་བསམས་ཡོད། རང་ཉིད་ཆེས་དགའ་བའི་མི་དེའི་གཉེན་ཉེ་དུ་སུ་ཞིག་ཡིན་རུང་། དགའ་མཁན་རང་ཉིད་ལ་མཚོན་ན། དམིགས་བསལ་གྱི་དུངས་ཀ་ཞིག་བདོག་དགོས་པར་འདོད།
  གཏམ་རྒྱུད་འདིའི་འཆད་འགྱུར་ནི་ཡུགས་མོ་དེའི་ཕུ་བོར་ནད་ཅིག་བྱུང་བར་བརྟེན་མཐའ་གཞུག་ཁོང་གཉིས་ཐུག་འཕྲད་བྱུང་བ་རེད། དེ་གར་སྙན་ངག་པས་སྙན་ངག་གི་བགྲོ་གླེང་མང་དུ་གནང་བ་མ་ཟད། སྔར་གནས་དང་མི་འདྲ་བར། འཛེམ་བག་མེད་པའི་སྒོ་ནས་བརྩེ་དུངས་ཀྱི་གཏམ་གླེང་ཡང་བྱས་ཡོད་པ་སྨོས་ཅི།
  ཁོས་བདག་ལ་རྩོད་ཤགས་བརྒྱབ་ནས་ཕམ་རྗེས། ཁོ་ཡུགས་མོ་དེ་ལ་གཉེན་སྒྲིག་འདོད་ཀྱི་སྙིང་རུས་ཇེ་ཆེར་བསྐྱེད་ཅིང་། ཁོ་ལ་ཐོག་མར་ཁོང་མོའི་ཁས་ལེན་མ་ཐོབ་ནའང་། ཁོས་ཡིད་འགུག་གི་བྱེད་ནུས་ལྡན་པའི་བདག་གི་སྐད་ཆ་དེ་དག་ཡང་ནས་བསྐྱར་དུ་བསྙད་པའི་ཁར། ཁོ་རང་གི་མིག་ཆུ་རེ་གཉིས་བསྣན་རྗེས། མཛེས་མ་དེས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁས་བླངས་ཤིང་། ད་ནི་ཁོ་མོའི་བདག་པོར་གཉེན་སྒྲིག་གི་རོགས་དངུལ་མཁོ་བར་གྱུར།
  བདག་གིས“ད་གཉེན་སྒྲིག་རྒྱུ་བྱོས”ཞེས་སྨྲས།
  “ཡིན་རུང” ཁོ་ན་རེ“ཟླ་འགའི་སྔོན་ནས་ངས་རང་ནུས་གང་ཡོད་སྒོས་མུ་མཐུད་ཨ་ཕའི་བཀའ་འཁྲོལ་འཐོབ་ཐབས་སུ་འབད་བཞིན་ཡོད་པས། སྐབས་འདི་འདྲ་ཞིག་ལ་ངེད་གཉིས་ཁྱིམ་གཅིག་ཏུ་ཅི་ལྟར་འཚོའམ”
  བདག་གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་དངུལ་ལེན་འཛིན་ཤོག་སྟེང་ཡི་གེ་བྲིས་རྗེས“ད་ཁྱེད་ཀྱིས་ང་ལ་ཁོ་མོ་སུ་ཡིན་པ་བཤད་ན་ཆོག་གམ། བདག་གིས་ཁྱེད་ཀྱི་དགའ་རོགས་རྩོད་པར་དོགས་མི་དགོས། ངས་ཁྱེད་ལ་མནའ་བསྐྱལ་ཆོག་སྟེ། སླད་མར་ངས་ཁོ་མོར་སྙན་ངག་མི་འབྲི། བརྒྱ་ལ་བྲིས་པའི་དབང་དུ་བཏང་ཡང་། ངས་ཁྱེད་ལ་མ་གཏོགས་ཁོ་མོའི་ཕུ་བོར་མི་བསྐུར”ཞེས་སྨྲས།
  “ཉོག་གཏམ་མ་བཤད” ནཱ་བྷན་ན་རེ“ངས་ཁོ་མོའི་མིང་མི་བཤད་དོན། ང་ཁྱེད་ཀྱིས་དགའ་རོགས་རྩོད་པར་སྐྲག་པ་ག་ལ་ཡིན། དོན་དངོས་སུ་ཁོ་མོ་དོན་དག་འདིའི་ཐད་ལ་གཞན་གྱིས་དཀྲུག་ཟིང་སློང་བར་དོགས་ཏེ། ང་ལ་རང་གི་གྲོགས་པོ་ཚོར་མ་བཤད་གསུང་བྱུང་། ཡིན་རུང་། དོན་དག་ཡོད་ཚད་ཡིད་བཞིན་དུ་འགྲུབ་སོང་བས། ད་དེ་གསང་དགོས་དོན་ཡེ་མི་འདུག ཁོ་མོ་ཨང་བཅུ་དགུ་བར་སྡོད་པའི་ཁྱེད་ཀྱི་ཁྱིམ་མཚེས་དེ་རེད”
  གལ་ཏེ་བདག་གི་སེམས་པ་ལྕགས་ཟངས་ཤིག་ཡིན་པའི་དབང་དུ་བཏང་ཡང་། དེ་གས་འཐོར་དུ་གྱུར་ཡོད་པ་བསྙོན་དུ་ཅི།
  “དེ་ན། ཁོ་མོ་ཡང་བསྐྱར་གཉེན་སྒྲིག་མི་འདོད་ཅེས་མི་སྨྲའམ”ཞེས་ངས་ཁོར་དྲི་བ་སྟབས་བདེ་ཞིག་བཏོན།
  ལན་དུ་ནཱ་བྷན་འཛུམ་དམུལ་ངང“ད་སྔ་ལབ་མ་སོང”ཟེར།
  “དེ་ན་སྙན་རྩོམ་དེ་དག་ལ་བློ་ཡིད་ལས་འགོངས་པའི་ནུས་མཐུ་དེ་འདྲ་བདོག་པ་རེད་དམ”
  “འོ་་་དེ་ག་རང་རེད། ཁྱེད་ཀྱིས་མཐོང་གསལ་ལྟར། བདག་གི་སྙན་རྩོམ་དག་དེ་འདྲའི་ཡིད་དུ་མི་འོང་བ་ཞིག་ལར་ནས་མ་རེད” ནཱ་བྷན་ན་རེ“དེ་འདྲ་མ་རེད་དམ”
  ངས་སེམས་ནས་དམོད་བོར། ཡིན་རུང་། ངས་སུ་ལ་དམོད་དམ། ཁོའམ་རང་ཉིད། ཡང་ན་དཀོན་མཆོག
  ངས་སུ་ལ་དམོད་ཀྱང་གཅིག་པ་མ་ཡིན་གྲང་།

ཟུར་མཆན།
༡ སེ་པད་མེ་ཏོག་ (sephali-blossom) ནི་བྷན་གྷལ་ནུབ་ཁུལ་གྱི་དབྱིབས་སྣ་ཚོགས་སུ་བཞད་པའི་མེ་ཏོག་དཀར་པོ་ཞིག་སྟེ། མཐོ་རིམ་མི་སྣར་སྐྱེས་སུ་འབུལ་སྲོལ་ཡོད)
༢ ཧོར་ཟླ་བཅུ་གཅིག་པའི་ཟླ་འོད་སབ་སིབ་ (in the wan light of the eleventh moon) ནི་གནའ་བོའི་ཧིན་རྡིའི་ལི་ཐོ་ལྟར་ན། བཀྲིས་དོན་བཟང་གི་ཉི་མ་ཞིག་སྟེ་ལྷ་ཝེ་ཞའེ་ནཱོ་ (Lord Vishnu) འཁྲུངས་པའི་ཉིན་མོར་ངོས་འཛིན་ཞིང་། ལག་སྦྱར་སྐད་དུ་ཨེ་ཁ་དྷ་སེ་ (Ekadasi) ཞེས་བཀོད་འདུག 

ན་བུན་གྱིས་ཨིན་ཡིག་ལས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཁྱིམ་མཚེས་མཛེས་མ།

2015-01-09 ཐེ་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།