བཅད་ཁྲ།

བསྟན་འཛིན་བདེ་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-04-14

རིགས་ཀྱི་བུ་དང་བུ་མོ་རྣམས།
འགྱུར་རྡོ་འདི་དག་ནི་འདས་པོ་གཏུམ་འབྲུག་(Tyrannosaurus Rex)ཡི་རེད་།
ངས་བློ་ཐག་ཆོད་ནས་བཤད་རྒྱུར།
ཁོང་གི་རྐང་རྗེས་དག་དུར་སྒམ་བར་དུ་འཐེན་ནས་འདུག

ཕུ་རོ་གྲོ་སིས་ར་ཀྲོབ་ཞན་(Protoceratopsian)གྱི་ཚང་ལ་ཇག་པ་རྒྱག་མཁན་རེད་ཟེར་བའི་ཨོ་བིས་རབ་གྲོར་(Oviraptors)རྣམས།
ཁྲིམས་ཐོག་ཏུ། ཁོང་ཚོས་རྒོལ་འཛིངས་དང་རྐུན་མ། བཅར་རྡུང་སོགས་ཀྱི་ལས་ཀ་བྱས་མེད་པ་ར་འཕྲོད་།
ཁྲིམས་རྩོད་པ་དེས་གཞན་གྱི་དོགས་པའི་གྲིབ་ནག་དེ་སེལ་ཅིང་།
ཁོང་ཚོ་ཚང་དེ་སྲུང་མཁན་ཡིན་པ་ཁུངས་སྐྱེལ།

 ཁྲིམས་རྩོད་པ་དེས།
ཤེས་རབ་ཅན་གྱི་ཤཱཀྱ་མུ་ནེ་འམ་ཡང་ན་སོ་ལོ་མོན་གྱི་ཕྱི་ཉམས་སྟོན་བཞིན།
ཁྲིམས་ཁང་དུ་རྩོད་པ་ཅན་གྱི་སྒོང་ང་དེ་བཅགས།
སྒོང་ང་དེ་ལས་ཕྱིར་ཐོན་པའི་བྱིས་བ་ནི་ཕུ་རོ་གྲོ་སིས་ར་ཀྲོབ་ཀྱི་མ་རེད་།
དེ་ལས་ལྡོག་སྟེ།
ཨོ་བིས་རབ་གྲོར་གྱི་བྱིས་བ་རེད་།

ཕི་ཁྲར་རོ་སོར་(Pterosaurs)དག་གིས་ཉ་གསོད་ཀྱི་མེད་པར།
ཁོང་ཚོས་གཙང་བོར་སོ་བཀྲུ་བ་དང་ཆུ་བརྐྱལ་གི་ཡོད་།

ངས་རང་གི་རྣམ་དཔྱོད་དེ་ཚོན་སྐོང་ཞིག་ལ་སྦྱར་བ་ཡིན།
འགྱུར་རྡོའི་རིག་པ་འདིས་ང་ལ་ཕན་ཐོགས་ཡོང་གི་འདུག་གམ།
གལ་སྲིད་ངས་གཏུམ་འབྲུག་གི་འགྱུར་རྡོ་རྣམས་ཁྱིམ་དུ་འཁྱེར།
ཁོང་ཚོར་ཉལ་ས་བཟོས།
དུས་ལྟར་ཆུ་སྤྲད་།
ཉི་འོད་ལ་དྲོས།
སེམས་ཤུགས་སྤར།
བརྩེ་བ་སྤྲད་།
གཅིག་བྱས་ན། ཁོང་ཚོར་ཤ་དང་པགས་པ་ཐོགས་སྲིད་།
ཁོང་ཚོའི་པགས་པ་ཇེ་མཐུག་དང་ཇེ་མཁྲེགས་ལ་ཕྱིན་ནས།
འགག་འཕྲང་དོག་མོར་སླེབས་ཚེ།
སྐྱི་པགས་མཁྲེགས་པོ་དེས་བྲག་ངོས་སུ་རྗེས་ཤུལ་འཇོག་སྲིད་།
ཡིན་ན་ཡང་། སུ་ཞིག་གིས་གཏུམ་འབྲུག་ཁྱིམ་དུ་ཉར་འདོད་དམ།

བདེན་པ་ལ་བལྟ་སྟངས་གཉིས་ཡོད་པ་རེད་།
བདེན་པ་དུར་འཇུག་བྱས།
ཕྱིར་བཏོན།
སྒམ་ལ་བཅུག
བྲག་ལ་སྦས།
སུ་གང་གིས་དུར་འཇུག་དེ་མཐོང་མེད་ན་ཡང་།
མི་རྣམས་ཀྱིས་། "ཨ་ཁ་ཁ། སྐྱོ་བ་ལ། ཕངས་བ་ལ།" ཟེར་ནས་ངུ་ངག་འདོན་གི་རེད་།

 ད་ལྟ་བདེན་པ་ནི་འགྱུར་རྡོ་ཞིག་རེད་།
འགྱུར་རྡོར་བལྟ་སྟངས་ཤིག་རེད་།
གཞན་གྱི་ཆེ་མཐོང་བོར་བའི་འགྱུར་རྡོ་ཞིག་རེད་།
དུར་འཇུག་མི་ཁེག་པའི་འགྱུར་རྡོ་ཞིག་རེད་།
དེ་ཡིས་ག་ལེར་སོ་སོའི་སྒང་གི་རས་བོར།
མཐའ་མར་འགྱུར་རྡོ་རང་ཉིད་ཀྱང་བརླགས།

 དེར་བརྟེན། ང་ཚོས་བལྟ་སྟངས་གསུམ་པ་ཞིག་བསུ་དགོས།
དེ་ཡང་བདེན་པས་བྲག་གི་བརྩེགས་རིམ་ལ་བལྟ་བ་དང་།
བྲག་དེས་བདེན་པའི་དབྱིབས་དེ་དེབ་རྟགས་དེབ་གྱི་གསེང་དུ་ཉར་བ་བཞིན་གཅེས་བ་ཞིག་དགོས།

 གཏུམ་འབྲུག་གིས་འཆི་བའི་ལྡོག་ཕྱོགས་སུ་བསྐྱོད་རྒྱུ་བདམས།
རང་གི་རུས་པ་ཉར་བའི་ཨུ་ཚུགས་བསྡམས།
ཁོང་གིས་རྒྱལ་བོའི་རྒྱལ་ས་གཡུགས་ནས།
གཞན་གྱི་བལྟ་རྟོག་ལ་གཉའ་སྒུར།

སྐར་རྡོ་དེ་ལ་མིང་ཞིག་ཡོད་ཀྱི་རེད་།
འཕྲལ་སེལ་གྱི་ཁྱིམ་གཞིས་ཞིག་ཀྱང་ཡོད་སྲིད་།
ཁྱིམ་གཞིས་དེ་ནི་བྱིས་བའི་ཉལ་ཁྲི་ལྟ་བུ་སྟེ།
དངུལ་གྱི་ཁེམ་བུ་ཡི་ནང་ངོས་འཇམ་ཞིང་གཏུམ་པ་དེ་དང་འདྲ་བ་ཞིག

གཅིག་བྱས་ན། སྐར་རྡོ་དེར་གཏོར་བཤིག་གི་དམིགས་ཡུལ་མེད་སྲིད་།
གཅིག་བྱས་ན།

           (སྤྱི་ལོ་༢༠༡༡ལོར་རྒྱ་གར་རྩོམ་རིག་ཟེར་བའི་དུས་དེབ་དེར་བཀོད་།)

                            འཇིགས་མེད་ནུབ་པས་བོད་ཡིག་ཏུ་བསྒྱུར། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཅད་ཁྲ།

2015-04-14 བསྟན་འཛིན་བདེ་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།