བརྩེ་དུང་གི་ཆེད་དུ་བགྲང་བྱ་ཉིས་སྟོང་ལ་སྒུག་པ།

   ལོ་ན་གཞོན་ཞིང་འཕྱོར་སྒེག་ལྡན་པའི་གཞོན་ནུ་མ་ཞིག་ཡོད་ཅིང་།དེའི་སྐྱེ་ཁུངས་བཙན་ཞིང་འཇོན་ནུས་འཛོམས་ལ་འཚོ་བ་རོལ་བའང་ཕུན་སུམ་ཚོགས།གཉེན་བྱེད་སྦྱོར་མཁན་མི་འགྱངས་བར་མོ་ཚང་གི་སྒོ་ཐེམ་་ལ་སྤོ་འདོད་ཡོད་མོད།འོན་ཀྱང་མོས་རིང་པོར་གཉེན་སྒྲིག་བྱེད་འདོད་མེད།ཁོ་མོའི་བསམ་པར་མོས་དོན་ངོ་མར་གཉེན་སྒྲིག་འདོད་པའི་སྐྱེས་པ་དེར་ད་དུང་ཕྲད་མེད།
  ནམ་ཞིག་གི་ཉི་མར།མོ་རང་ཚོགས་མཆོད་ལ་སྐྱོ་བསང་དུ་སོང་ཞིང་ཟང་ཟིང་གི་མི་ཚོགས་ཁྲོད་ལོ་ཆུང་གི་གཞོན་ནུ་ཞིག་མཐོང་།མང་པོ་བཤད་མི་དགོས།གང་ལྟར་ཀྱང་གཞོན་ནུ་མ་དེའི་བསམ་པར་གཞོན་ནུ་དེ་ནི་མོས་ཡང་སྒུག་བྱས་པའི་མཇུག་འབྲས་ཡིན་པར་སེམས།ཡིད་ཕང་ས་པ་ཞིག་ནི་ཚོགས་མཆོད་ཧ་ཅང་འཚང་ཁ་ཆེ་བས་མོ་གཞོན་ནུ་དེའི་གམ་དུ་བཅར་ཐབས་མེད་ཅིང་།འདི་ལྟར་བལྟས་བལྟས་རིག་རིག་ལ་གཞོན་ནུ་དེ་མི་ཚོགས་ཁྲོད་ཡལ་དུ་བཅུག
  དེའི་རྗེས་ཀྱི་ལོ་གཉིས་ནང་གཞོན་ནུ་མས་ག་ས་གང་དུ་གཞོན་ནུ་དེ་བཙལ་མོད།འོན་མི་འདི་རླངས་པར་གྱུར་པ་ལྟར་རྗེས་མེད་ཤུལ་མེད་དུ་གྱུར།གཞོན་ནུ་མས་ལོ་རེར་ལྷ་ལ་སྐྱབས་འཇུག་བྱས་ཏེ་གཞོན་ནུ་དེར་ཐུག་ཐུབ་པའི་རེ་བ་ཞུས།མོའི་ལྷག་བསམ་གྱིས་ལྷ་ཡི་ཐུགས་སེམས་ཀྱང་སྒུལ་བར་བྱས་ཏེ་བྱིན་རླབས་འཁོར་ནས་་ལྷ་ཡིས“ཁྱོས་གཞོན་ནུ་དེ་མཐོང་འདོད་དམ”གསུང་།
  གཞོན་ནུ་མས“ཡིན། ངས་ཁོ་ལ་ཐེངས་གཅིག་ཙམ་ལྟ་འདོད”ཞེས་ལན་བཏབ།
ལྷས“ཁྱོད་ཀྱིས་ད་ལྟའི་ཡོད་ཚད་བསྒྱུར་དགོས་ཤིང་ཁྱོད་དགའ་བའི་ཁྱིམ་མི་དང་བདེ་སྐྱིད་ཀྱི་འཚོ་བ་ཡང་འདུ”ཞེས་དྲིས།
  གཞོན་ནུ་མས“ངས་སྐྱུར་ཐུབ”ཞེས་བཤད།
  ལྷས“ཁྱོས་གཞན་ད་དུང་ངེས་བར་ལོ་ལྔ་བརྒྱར་སྒྲུབ་སྦྱོང་བྱས་ན་ད་གཟོད་ཁོ་ལ་ཐེངས་གཅིག་ཕྲད་ཐུབ།ཁྱོད་མི་འགྱོད་དམ”གསུང་།
  གཞོན་ནུ་མས“ང་མི་འགྱོད”ཞེས་བཤད།
  གཞོན་ནུ་མ་རྡོ་ཞིག་ཏུ་གྱུར་ཏེ་ཐང་རྒོད་དུ་གཡོལ་ནས་བགྲང་བྱ་བཞི་བརྒྱ་ལྷག་གི་རླུང་གཡོས་ཉི་སྐམ་མྱངས་ཏེ་ཁག་མིན་ཁུན་ཙམ་མ་བཏོན། གཞོན་ནུ་མའི་ཚོར་བར་ཅི་ཡང་མིན།བཟོད་མི་ནུས་པ་ནི་བགྲང་བྱ་བཞི་བརྒྱ་ལྷག་རིང་མི་གཅིག་ཀྱང་མ་མཐོང་ལ་རེ་བ་ཡང་མ་རྙེད་པ་འདིས་མོའང་རྩ་འཐོར་གཏོང་ལ་ཉེ།ལོ་མཐའ་མར།རྡོ་འདིང་རུ་ཁག་ཅིག་ཡོང་སྟེ་མོའི་བོངས་ཚད་མིག་ལ་རན་ཏེ་རྡོ་ནར་མོ་ཞིག་ཏུ་བཟོས་རྗེས་མཁར་ནང་དུ་ཁྱེར་ཞིང་མོ་རང་ཁོ་ཚོས་ཏག་ཏག་བཟོ་བཞིན་པའི་རྡོ་ཟམ་དེའི་འདེགས་སྐྱོར་དུ་བྱས།
  རྡོ་ཟམ་གྲུབ་པའི་ཉིན་དེར་གཞོན་ནུ་མས་རང་ཉིད་ཀྱིས་བགྲང་བྱ་ལྔ་བརྒྱར་སྒུག་པའི་གཞོན་ནུ་དེ་མཐོང་།
  ཁོའི་བགྲོད་སྟངས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་དོན་བྲེལ་ཞིག་ཡོད་པ་དང་འདྲ་བར་རྡོ་ཟམ་གྱི་དཀྱིལ་གཞུང་བརྒྱུད་ནས་བུད་སོང་།ལོས་ཡིན།ཁོས་རྡོ་ཞིག་གིས་མིག་ཀྱང་མི་རྡེབ་པར་རང་ཉིད་ལ་བལྟས་ཡོད་པ་མི་ཚོར།
  གཞོན་ནུ་ཡང་ཐེངས་གཅིག་ལ་ཡལ་བར་གྱུར།ཡང་བསྐྱར་མངོན་དུ་འཇུག་ཐུབ་མཁན་ནི་ལྷ་ལས་མེད།
  ལྷས“ཁྱོད་ཀྱི་འདོད་བློ་ཚིམ་སོང་ངམ”གསུང་།
  བུ་མོས“མ་ཚིམ།རྒྱུ་མཚན་ཅི་ལ།རྒྱུ་མཚན་ཅི་ལ་ང་རྡོ་ཟམ་གྱི་འདེགས་སྐྱོར་ཙམ་ཡིན་ནམ།
  གལ་ཏེ་ང་ཟམ་པའི་དཀྱིལ་གཞུང་དུ་བཏིང་ཡོད་ཚེ་ང་ཁོ་ལ་ཐུག་ཐུབ་འདེགས་ཅིང་ངས་ཁོ་ལ་རེག་ཙམ་ཡང་བྱེད་ཐུབ”ཞེས་བཤད།
  ལྷས“ཁྱོས་ཁོ་ལ་རེག་ཙམ་བྱེད་འདོད་དམ།འོ་ན་ཁྱོས་ད་དུང་ལོ་ལྔ་བརྒྱར་སྒྲུབ་སྦྱོང་བྱེད་དགོས”གསུང་།
  བུ་མོས“འཐད་པ་ཡིན”ཞེས་བཤད།
  ལྷས“ཁྱོས་སྡུག་འདི་འདྲ་མྱངས་ན་མི་འགྱོད་དམ”གསུང་།
  གཞོན་ནུ་མས“མི་འགྱོད”ཞེས་བཤད།
  གཞོན་ནུ་མ་སྡོང་རྒན་ཞིག་ཏུ་གྱུར་ཞིང་མི་ཕར་འགྲོ་ཚུར་འོང་བྱེད་པའི་གཞུང་ལམ་འགྲམ་ཏུ་བཙུགས།
  འདི་རུ་ཉིན་རེ་རེར་མི་མང་པོ་བགྲོད་ཅིང་གཞོན་ནུ་མས་ཉིན་རྒྱུན་ཉེ་གནས་ལ་བབ་ལྟ་བྱས།འོན་འདི་སྔར་བས་བཟོད་པར་དཀའ།རྒྱུ་མཚན་ཐེངས་མང་པོར་མི་ཞིག་ཡོང་བཞིན་པ་མཐོང་ཚེ་རེ་བས་ཁེངས་མོད།ཐེངས་མང་པོར་རེ་བ་སྟོང་བར་གྱུར།
  སྔོན་མའི་བགྲང་བྱ་ལྔ་བརྒྱའི་སྒྲུབ་སྦྱོང་ཡོད་པ་མ་གཏོགས་གཞོན་ནུ་མ་སྔ་མོ་ནས་འཐོར་ལ་ཉེ་བ་ཡིད་ཆེས་ཡོད།
  ཉི་མ་རེ་རེ་བཞིན་འདས།གཞོན་ནུ་མའི་སེམས་རིམ་བཞིན་ཞི་འཇགས་སུ་གྱུར།མོས་ཉིན་ཆེས་མཐའ་མར་མ་ཐོན་ན་ཁོ་སླེབས་མི་སྲིད་པ་ཤེས།
  ཡང་བགྲང་བྱ་ལྔ་བརྒྱ།ཉིན་ཆེས་མཐའ་མར་གཞོན་ནུ་མས་ཁོ་ཡོང་བ་ཤེས།ཡིན་ནའང་མོའི་སེམས་སུ་དེ་འདྲའི་ངར་མི་ལངས།
  ཐོན་ཐལ། ཁོ་ཐོན་ཐལ། ཁོས་སྔར་བཞིན་རང་ཉིད་དགའ་བའི་ཚི་ལེན་དཀར་པོ་དེ་གྱོན་ཡོད་ཅིང་། ངོ་གདོང་དེ་འདྲའི་མཛེས་སྡུག་ལྡན།བུ་མོས་མིག་གིས་འཕྲུལ་བ་མེད་པར་ཁོ་ལ་ཅེར།
  ཐེངས་འདིར་ཁོ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མ་སོང་།རྒྱུ་མཚན་ཚ་བ་ཧ་ཅང་ཆེ།
  ཁོས་ལམ་འགྲམ་དུ་སྡོང་རྒན་ཞིག་ཡོད་པ་མཐོང་ཞིང་དེའི་བསིལ་གྲིབ་སྟུག་པོས་མི་ལ་བསླུ་བྲིད་གཏོང་བས་ཁོས་ངལ་ཞིག་གསོ་བར་འདོད།
  ཁོ་སྡོང་རྒན་འགྲམ་ཏུ་སོང་སྟེ་བཙོག་ཅིང་མིག་ཟུང་བཙུམ་བཞིན་གཉིད་དུ་ཡུར།
  གཞོན་ནུ་མས་ཁོ་ལ་རེག་ཐུབ་སོང་།ཁོ་མོའི་ལུས་འགྲམ་ཏུ་བཙོག་ཡོད།
  འོན་ཀྱང་མོས་ཁོ་ལ་བགྲང་བྱ་སྟོང་ལྷག་འདིའི་རིང་གི་དྲན་པ་བརྗོད་ཐབས་མེད།མོས་ནུས་ཤུགས་གང་ཡོད་བཏོན་ཏེ་བསིལ་གྲིབ་གཅིག་ཏུ་བསྡུས་ནས་ཁོ་ལ་ཉི་འོད་ཀྱི་ཚ་ཟེར་ཕོག་པར་འགོག་ཐབས་བྱས།
བགྲང་བྱ་སྟོང་གི་མཉེན་བརྩེ་ཨང་།
  གཞོན་ནུས་གཉིད་ཡུར་བྱས་པ་ཙམ།རྒྱུ་མཚན་ཁོས་དུ་དུང་དོན་དག་སྒྲུབ་དགོས།ཡར་མ་ལངས་པའི་སྔོན་ཁོས་མགོ་བོ་བཀྱགས་ནས་སྡོང་རྒན་འདིར་བལྟས་ཤིང་འཛུམ་དམུལ་ལེར་སྡོང་སྐམ་ལ་རེག་ཙམ་བྱས།ཕལ་ཆེར་སྡོང་རྒན་གྱིས་ཁོ་ལ་དྭངས་གསལ་སྦྱིན་པར་བཀའ་དྲིན་ཞུ་བ་ཡིན་ཤས་ཆེ།
  དེའི་འཕྲོར།ཁོས་མགོ་བོ་ཡང་ཕྱིར་མ་འཁོར་བར་བུད་སོང་།ཏག་ཏགགཞོན་ནུ་མོའི་མིག་ལམ་ནས་མ་ཡལ་བའི་སྐད་ཅིག་མ་དེར་ལྷ་ཡང་མངོན་བྱུང་།
  ལྷས“ཁྱོད་ཁོའི་ཆུང་མ་བྱེད་འདོད་དམ།འོ་ན་ཁྱོས་ད་དུང་སྒྲུབ་སྦྱོང……”གསུང་།
  གཞོན་ནུ་མས་རྣལ་ལ་ཕབ་སྟེ་ལྷ་ཡི་བཤད་མཚམས་བཅད་དེ་བཤད་དོན“ངས་ཧ་ཅང་འདོད།འོན་ཀྱང་དགོས་དོན་མེད།”
ལྷས“ཨོ།”
  གཞོན་ནུ་མས“འདི་འདྲ་བྱས་ན་ཧ་ཅང་བཟང་ཟིན།ཁོ་ལ་དགའ་ན་ཁོའི་ཆུང་མ་བྱེད་དགོས་པའི་ངེས་པས་མ་ཁྱབ”ཟེར།
ལྷས“ཨོ།”
  གཞོན་ནུ་མས“ཁོའི་ད་ལྟའི་ཆུང་མས་ཀྱང་ངའི་འདི་ལྟར་སྡུག་མྱངས་ཡོད་དམ”ཟེར།
  ལྷས་འཛུམ་དམུལ་ལེར་དབུ་ལྡེམ།
  གཞོན་ནུ་མས་དགོད་ཀྱིན“ངས་ཀྱང་སྒྲུབ་ཐུབ། འོན་དགོས་དོན་མེད།“
  སྐད་ཅིག་མའི་དུས་འདིར་བུ་མོས་ལྷའི་དབུགས་ཐེངས་ཕྲན་བུ་རེ་རྔུབ་པ་དང་།ཡང་གཅིག་བཤད་ན་དབུགས་ཐེངས་གཅིག་དལ་མོར་གཏོང་བཞིན་པ་ཤེས།
  གཞོན་ནུ་མ་ཡ་མཚར་ཏེ་བསམ་རྒྱུར“ལྷ་ལའང་ཐུགས་ཁྲལ་ཡོད་དམ”འདོད།
  ལྷའི་ཞལ་ལ་འཛུམ་བག་ཞིག་བཞད་དེ“འདིའི་རྐྱེན་ཡིན་ན་ཧ་ཅང་བཟང་།གཞོན་ནུ་གཞན་པ་ཞིག་གིས་ལོ་གཅིག་ཉུང་དུ་སྒུག་ཆོག ཁོས་ཁྱོད་ལ་ཐེངས་ཅིག་ལྟ་ཆེད་བགྲང་བྱ་ཉིས་སྟོང་ལ་སྒྲུབ་སྦྱང་བྱས་ཟིན”གསུང་།

                                                             ཀླུ་མཁར་རྒྱལ་གྱིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་ཆེད་དུ་བགྲང་བྱ་ཉིས་སྟོང་ལ་སྒུག་པ།

2015-12-01 ཡེས་མེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།