ཉི་ཡིག་ནས་བསྒྱུར་བའི་སྒྲུང་། ཁོ་མོ་བཞུད་སོང་།༣

མོའུ་ར་ཁ་མེ་ལུའུ།༼ ཉི་ཧོང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-14

  ང་། “ ཁྱེད་ཀྱི་ལག་པ་ནི་གཞན་ལ་ངོམ་དུ་རུང་བ་ཞིག་མིན་ནའང་། ངའི་སྣང་བར་ཤིན་ཏུ་འགྲོ”
  མོ། “ ཁྱེད་དང་ཁྱེད་ཀྱི་བཟའ་ཟླ་སྔོན་མ་གཉིས་ག་དུས་འཐོར་བ་ཡིན་ནམ། ”
  ང་། “ལོ་བཞི་ཡི་སྔོན་ལ་ངེད་གཉིས་གཉེན་ཐོར་བྱུང་བ་ཡིན། ”
  མོ། “ དགོངས་པ་མ་ཚོམས། ཁྱེད་ཀྱིས་ང་ལ་སྔོན་ཆད་ཀྱང་བཤད་མྱོང་ནའང་། ངས་ད་རུང་འདི་ལྟར་ཡང་དང་བསྐྱར་དུ་དྲིས་ཏེ། ”
  ང་། “སྐྱོན་མི་འདུག ངའི་བཟའ་ཟླ་སྔོན་མ་མི་ཕལ་བ་ཞིག་ཡིན་ལ། ངའང་ཤེས་བྱ་རིག་གནས་ཡོད་པ་ཞིག་མིན། ཡིན་ནའང་ངས་ཕམ་ཁ་འཁུར་མི་འདོད། ངའི་བཟའ་ཟླ་ཡིན་ན་ངེས་པར་དུ་དོན་འདི་ལ་ངེས་ཤེས་འདྲོངས་ཡོད་དགོས། གལ་ཏེ་འདི་མ་ཤེས་ན་ང་དང་བཟའ་ཟླ་གཉིས་ཀྱི་བར་ལ་བར་ཐག་འབྱུང་ངེས། ངའི་སྐད་ཆ་འདི་དག་ལ་ཁྱེད་སུན་གི་ཡོད་དམ། ”
  མོ། “ སུན་གི་མེད། ”
  ང་། “ང་བུད་མེད་འཁྲབ་སྟོན་པ་ཞིག་ལ་དགའ་གྲོགས་བསྒྲིགས་མྱོང་། ཁོ་མོའི་ཁ་སྒོ་སྐྱེ་འབྲས་མཚར་བོ་འདུག་པས། སྐྱེས་པ་སུ་དང་གང་ཡིན་ཡང་སེམས་པ་ཤོར་འགྲོ་ངེས། ངའི་བཟའ་ཟླ་སྔོན་མས་དོན་དེ་ཤེས་འཕྲལ། ང་དང་ཁ་བྲལ་སོང་བ་རེད། ཕྱིས་སུ་བུད་མེད་འཁྲབ་སྟོན་པ་དེས་ཀྱང་ཁོ་མོ་ངའི་གློག་བརྙན་རྗེས་མ་དེའི་གཙོ་འཁྲབ་པ་མིན་པ་ཤེས་ནས་ང་དང་ཁ་བྲལ་སོང་བ་རེད། དུས་དེ་ནས་བཟུང་ང་ནི་ཁེར་མ་ཟླ་མེད་དུ་གྱུར་ཅིང་། འཚོ་བའང་མགོ་རྔ་འཆོལ་ཏེ་སྐྱ་ཟད་སྔོ་གཏུགས་སུ་གྱུར། ནམ་ཞར་ང་གཅིག་པུར་ལུས་དུས་ངའི་སེམས་ལ་བཟའ་ཟླ་སྔོན་མའི་ལག་པ་དེ་དྲན་ཡོང་ཞིང་། ཁོ་མོ་ནི་སྔོན་ཆད་ངའི་ལས་གྲོགས་ཡིན་ཏེ། ཕྱིས་སུ་ངེད་གཉིས་གཉེན་བསྒྲིགས་པ་ཡིན། ངའི་བཟའ་ཟླ་སྔོན་མ་ནི་བུད་མེད་དཀྱུས་མ་ཞིག་ཡིན་ལ། ང་ཁོ་མོ་དང་ཁ་བྲལ་རྗེས། ངའི་སེམས་ལ་དྲན་ཡོང་བ་ནི་ཁོ་མོའི་ལག་པ་དེ་རེད། ཁྱེད་ཀྱི་ལག་པ་མཐོང་བ་ཙམ་གྱིས་ངས་ཁོ་མོ་དྲན་ཡོང་ལ། སེམས་པའང་བློང་བློང་བོར་གྱུར་འགྲོ དེ་བས་ངས་ཁྱེད་ལ་འོས་མེད་བཟོས་སོང་། དགོངས་དག་ཞུ། ”

  སྐད་ཆ་དེ་བཤད་ཚར་རྗེས། ངས་ཁོ་མོའི་ལག་པ་ལ་འཕྲུལ་ནས་བསྡད། དེ་ནས་ཅུང་མ་འགོར་བར། ཁོ་མོས་ལག་པ་ཕྱིར་ཅོག་ཙེ་འོག་ཏུ་བསྐུམས་ཞོར།
  “ངས་དེ་ཤེས་ཀི”་ཟེར།

  དེ་ནས་བཟུང་ངེད་གཉིས་ཀྱིས་རིམ་བཞིན་འབྲེལ་བ་བྱས་པ་ཡིན། དང་ཐོག་གཟའ་འཁོར་འགའི་ནང་ཐེངས་གཅིག་ལ་འཕྲད་དེ་ཁ་ལག་བཟས། ཡིན་ནའང་ངེད་གཉིས་དགོང་མོ་ཆུ་ཚོད་བཅུ་གཉིས་ཀྱི་སྔོན་ལ་སོ་སོའི་ཡུལ་ལ་ལོག་པ་ཡིན། ངས་ཁོ་མོ་ཁྱིམ་ལ་ཐེངས་གཅིག་ལའང་བསྐྱལ་མ་མྱོང་། ད་ལྟ་ཕྱིར་འདང་བརྒྱབ་ན་ངེད་གཉིས་ཀྱིས་བར་ཐག་གི་ཤོག་བུ་དེ་དབྲལ་མ་བསམ་པ་ཡིན་རྒྱུ་རེད།
  མོ་རྒུན་ཆང་འཐུང་རྒྱུར་ཤིན་ཏུ་དགའ། ཡིན་ནའང་། ནམ་རྒྱུན་ཤེལ་ཕོར་གང་དོ་རེ་འཐུང་བ་ལས་ར་བཟི་རག་བར་ཏུ་འཐུང་མི་སྲིད། ངེད་གཉིས་ལ་འབྲེལ་ཐག་དམ་དུ་སྦྲེལ་འདོད་ཀྱི་འདུན་པ་ཡོད་ནའང་། ཕན་ཚུན་ལ་དོགས་འཛེམ་གྱི་བློ་དེ་གཏན་ནས་དོར་མ་ཐུབ། དུས་ནམ་ཞིག་ནས་ཡིན་པ་ཆ་མི་འཚལ་མོད། ངས་མཉམ་བཞག་ཚེ་ང་ཁོ་མོ་དང་འགལ་འགྲོ་བར་སྐྲག་དགོས་པ་ཞིག་ཏུ་གྱུར་འདུག ཁོ་མོའང་རིམ་བཞིན་བློ་སེམས་མི་བདེ་བར་གྱུར་ཏེ་ང་དང་འབྲེལ་བ་དམ་དུ་བྱེད་དགོས་མིན་གྱི་སོམ་ཉིའི་རྒྱ་རུ་ཚུད་འདུག
  ངེད་གཉིས་ཀྱིས་ལོ་ངོ་ཕྱེད་ཙམ་གྱི་རིང་ལ་འདི་ལྟར་ཕྱི་ནས་བཟའ་བཏུང་གི་ལོངས་སྤྱོད་རྣམ་པར་རོལ་བ་དང་གློག་བརྙན་ལ་བལྟས་ཚར་རྗེས། སོ་སོའི་ཁྱིམ་དུ་ལོག་པ་ཡིན། དེ་ནས་ངེད་གཉིས་རིམ་བཞིན་སོ་སོར་ཞེན་ཆགས་ཏེ་སེམས་ཀྱི་གཤིན་ས་ནས་བརྩེ་དུང་གི་མེ་ཏོག་བཞད་འགོ་ཚུགས་ནའང་། ཆུ་དང་ཆར་བའི་འཇིགས་པ་ཟེར་བ་ཞིག་ལ་སྐྲག་དགོས་པས། བརྩེ་དུང་གི་མྱུ་གུ་འདི་བདེ་བླག་ངང་འཚར་བར་རེ་ལྟོས་དང་དངངས་སྐྲག་ཅི་རིགས་ཤིག་སྐྱེས་དགོས་པའང་སྨྲོས་མ་དགོས།
  ངས་ཟླ་བ་འགའ་ཤས་ཤིག་གི་རིང་གི་ཆུ་ཚོད་བེད་སྤྱད་དེ་བུད་མེད་འཁྲབ་སྟོན་པ་དེ་དག་ལ་རྒྱང་བཀྱེད་དེ་འབྲེལ་བ་མི་བྱེད་རྒྱུ་ཐག་གིས་བཅད་པ་དང་། གློག་བརྙན་གསར་བ་ཞིག་ཕབ་རྒྱུའི་གྲབས་ཀྱང་བྱས། ངས་ཁོ་མོར་གཉེན་བསྒྲིག་རྒྱུའི་བསམ་བློ་ཡང་བཏང་མྱོང་། ཡིན་ནའང་། ངས་ཐོག་མར་རང་ཉིད་ཀྱིས་འཚོ་བ་གསར་བ་ཞིག་རོལ་འགོ་རྩོམ་དགོས་སྙམ་སྟེ། གློག་བརྙན་གསར་བ་འགའ་ཕབ་པ་ཡིན།

  བསིལ་འཇམ་གྱི་སྟོན་རླུང་གིས་ས་ཡི་ཁྱོན་ཡོངས་ལ་བྱིལ་བྱིལ་གཏོང་བའི་དུས་ཤིག་ལ། ངེད་གཉིས་ཀྱིས་བར་ཐག་གི་བར་གྱང་དེ་མེད་པར་བཟོས། ངས་མོར་ལག་འབོལ་ཞིག་ལེགས་སྐྱེས་ལ་བྱིན། ངེད་གཉིས་ཀྱིས་ཁ་ལག་ལ་རོལ་རྗེས། ངས་མོ་ང་བསྡད་སའི་གསོལ་མགྲོན་ཁང་དེར་འཁྲིད་ནས་སོང་།  མོས་ཡིད་དགའ་སེམས་སྐྱིད་ཀྱི་ངང་ནས་ལག་འབོལ་དེར་བལྟས་འདུག་ལ། དེ་ལྟ་བུའི་ལག་འབོལ་སྙིང་རྗེ་མོ་ཞིག་མཐོང་མ་མྱོང་ཟེར།

  “ཁང་བའི་ནང་དུ་ལག་འབོལ་གྱོན་ན་དྲོད་རྒྱས་ངེས།” མོས་ང་ལ་དེ་ལྟར་བཤད་བྱུང་།
  ང་རང་མོའི་འཁྲིས་སུ་བསྡད་དེ་དལ་མོར་མོའི་ལག་འབོལ་ཕུད་པ་ཡིན། མོའི་ལག་པ་དེ་མཐོང་བ་ན་ང་རང་དགའ་མགུས་མྱོས་སོང་། དེ་ནི་བུད་མེད་གཅེར་བུ་ཞིག་མཐོང་བ་ལས་ཀྱང་ཡིད་སྤྲོ་དགོས་པ་ཞིག་རེད། ངས་མོའི་ལག་པ་རང་གི་ལག་པའི་ནང་དུ་བཞག་སྟེ་མཆུ་སྒྲོས་སྦྱར། རིམ་བཞིན་གྱོན་པ་རེ་རེ་ཕུད་དེ་མོའི་ལུས་པོ་ལ་རེག ལུས་ཀྱི་འཇམ་ཤར་རེག་པའི་ཚོར་བ་དེས་ངའི་ཡིད་ཀྱི་སུན་སྣང་མཐའ་དག་སངས་པར་གྱུར་བ་དང་། སྣང་བ་ཞིག་ལ་གཏིང་ཟབ་པའི་བདེ་སྐྱིད་ཀྱི་ཁྲོན་པ་རིང་མོ་ཞིག་ཏུ་འབྱིང་བཞིན་པའི་ཉམས་སྣང་བྱུང་། (མ་ཚར)

བུམ་པ་རྒྱལ་གྱིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཡིག་ནས་བསྒྱུར་བའི་སྒྲུང་། ཁོ་མོ་བཞུད་སོང་།༣

2015-12-14 མོའུ་ར་ཁ་མེ་ལུའུ།༼ ཉི་ཧོང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།