ཀོའུ་ཁྲིན་གྱི་སྙན་ངག་བཅུ་གཉིས།

2707F80A.jpg
                      ལྕགས་བརྐོས་གདམས་ཡིག

ཆུ་སྐྱོར་བཀོལ་ན
མཐའ་མེད་པའི་རླབས་ཕྲེང་འཛིན་བཟུང་བྱ་ཆོག

རླུང་གཡོར་བཀོལ་ན
གཟུགས་མེད་པའི་རླུང་བུ་འཛིན་བཟུང་བྱ་ཆོག

དགའ་བ་བཀོལ་ན
ཐོགས་རེག་བྲལ་པའི་རྨི་ལམ་འཛིན་བཟུང་བྱ་ཆོག

སྒོར་མོ་བཀོལ་ན
བརྩེ་བ་བྲལ་པའི་སེམས་པ་འཛིན་བཟུང་བྱ་ཆོག

                       སྦྱར་ལྕང་།

ང་ལ་དཔུང་བ་གཅིག་མེད་སོང་བས
དེ་ནི་མིག་གཅིག་ཡར་ལ་ཕྱེས་པའོ

                       ཟམ་པ།

ཡལ་ག་རིམ་པ་རིམ་པ་ཕྱེས་པ་ན
ཁྱོད་ཀྱིས་སྡོང་བོར་བལྟས ཡར་ལ་ལངས་ཞོར་གཉིད་དེ

                       སྲང་ལམ་ཆུང་ཆུང་།

སྲང་ལམ་ཆུང་ཆུང
གུག་ཅིང་རིང

སྒོ་མེད
སྒེའུ་ཁུང་མེད

ཁྱོད་ཀྱིས་ལྡེ་མིག་བཟུང་སྟེ
རབ་ཏུ་མཐུག་པའི་གྱང་ལ་རྡུང་གིན་འདུག

                       ཚོར་བ།

གནམ་ཡང་སྐྱ་བོ་རེད
ལམ་ཡང་སྐྱ་བོ་རེད
ཐོག་ཁང་ཡང་སྐྱ་བོ་རེད
ཆར་བ་ཡང་སྐྱ་བོ་རེད

ཐལ་བ་ཡི་ཁྲོད་དུ
བྱིས་པ་གཉིས་བགྲོད་མྱོང
གཅིག་ནི་དམར་རྐྱང་དང
གཅིག་ནི་ལྗང་སྐྱའོ

                        རིང་དང་ཉེ།

ཁྱོད་ཀྱིས
སྐད་ཅིག་ང་ལ་བལྟས
སྐད་ཅིག་སྤྲིན་ལ་བལྟས

ང་ཡི་ཚོར་བར
ཁྱོད་ཀྱིས་ང་ལ་བལྟས་དུས་རབ་ཏུ་རིང
ཁྱོད་ཀྱིས་སྤྲིན་ལ་བལྟས་དུས་རབ་ཏུ་ཉེ

                       ང་ཡི་སྟོང་བསམ།

ང་ཡིས་སྟོང་བསམ་བྱེད་ཀྱིན་ཡོད
སྟོང་བསམ་ནི་ཧྲུལ་ཟགས་སུ་གྱུར
སྟོང་བསམ་གྱིས་རྒྱུན་དུ་དཀྱེལ་ཡངས་ཧྲུལ་ཟགས་སུ་བཏང
ཧྲུལ་ཟགས་ཀྱིས་སྟོང་བསམ་གཏན་ནས་བཏང་མ་མྱོང

                         མཐོང་བྱུང་།

ང་ཡིས་ཀུ་ཤུ་མཐོང་བའི་དུས་སྟེ
མེ་ཏོག་བཞད་པའི་དུས་སོ
རྒྱང་རིང་རྒྱང་རིང་ནས་བལྟས་པ་ན
འདི་ཁོ་ན་ནི་དམར་པོ་རེད

བྱིའུ་བཅོ་ལྔ་ལམ་ཐོག་ཏུ་འཕུར་གྱིན་འདུག
འཕུར་མྱོང        འཕུར་ནས་འགྲོ་མ་ཐུབ

                         གྲོགས་པོ།

ང་ཡིས"གྲོགས་པོ"ནི་མཛེས་སྡུག་གི་མེ་ཏོག་ཅིག་དང་འདྲ་བར་མཐོང
ང་ཡིས་མེ་ཏོག་གི་འདབ་ལོ་འཐོར་སྲིད་པ་ཤེས

ང་ཡིས"གྲོགས་པོ"ནི་དྭངས་གཙང་གི་ཁ་བ་ཞིག་དང་འདྲ་བར་མཐོང
ང་ཡིས་ཁ་བ་ཞུ་སྲིད་པ་ཤེས

ང་ཡིས"གྲོགས་པོ"ནི་དྲི་ཞིམ་ཆང་དང་འདྲ་བར་མཐོང
ང་ཡིས་ཆང་སྐྱུར་སྲིད་པ་ཤེས

ང་ཡིས"གྲོགས་པོ"ནི་རུལ་མེད་ཀྱི་གསེེར་དང་མཚུངས་པར་མཐོང
ང་ཡིས་གསེར་ནག་གི་ལྗིད་ཚད་དང་རིན་ཐང་ཤེས

                            ཁ་སང་། སྦྲུལ་ནག་པོ་ཞིག་དང་འདྲ།

ཁ་སང
སྦྲུལ་ནག་པོ་ཞིག་དང་འདྲ
ཁུག་འཁྱོག་ཏུ་འཁྱིལ
ཁོ་རང་གསོན་གྱིན་པ་ནི
འདི་ལྟར་འཁྱགས
ཤི་རྗེས     གཏན་ནས་དྲོས་མི་སྲིད
སྔོན་ཆད་ཁོ་རང
མི་མང་པོའི་སེམས་སུ
དྲོད་ལྷེམ་ལྷེམ་དུ་འགོས་མྱོང
སྔོ་དྲེགས་བསྐྱུར་ཡོད
ཁྲག་མདོག་གསུབས་སོང

ད་ལྟ
ཁོ་རང་ཤི་སོང
མནན་ནས་ཡོད་དེ
ཚགས་ཤོག་ཅིག་གི་རི་འདབས་སུ
དཔག་པར་དཀའ་སྟེ
ལྕགས་པར་ཡིག་འབྲུ་གྲངས་མེད
གྲོག་མས་འདུ་ཚོགས་རྒྱག་པ་ལྟར
གྲོས་མོལ་བྱེད་ཀྱིན
ཁོའི་བསྐྱར་གསོན་ལ་ཇི་ལྟར་སྔོན་འགོག་བྱ་རྒྱུ་དེ

                         ནས་ཞིང་།

ཁྱོད་ཀྱིས་མི་རབ་ཏུ་མང་བོའི་ཁྲོད་ནས་ང་ལ་བལྟས
བལྟས་མྱོང
ཁྱོད་རབ་ཏུ་ཆུང
མིག་བཙུམས་པའི་དུས་དེར        རབ་ཏུ་སྔོན

ང་ཡིས་ཁྱོད་རང་དཔེ་དེབ་ཅིག་ཏུ་ལངས་འདུག་པ་ཤེས
མདུན་ཕྱོགས་སུ་ཤིང་པར་ཡོད
ཅིའི་ཕྱིའི་ཡིན་པ་ཡང་མི་ཤེས
དཔྱིད་ཀ    མཐོང་མི་ཐུབ    ཐེངས་གཅིག་ལ
མེ་ཏོག་ཡོངས་བཞད་འདུག
ཕྱོགས་དང་ཕྱོགས་ཡོངས་སུ

རྗེས་སུ་ཧ་ཅང་ཁེར་རྐྱང་དུ་གྱུར

                         ཁངས་མི།

ཁྱོད་ཀྱི་སྔུན་དུ
ང་ཡིས་ཁངས་མི་ཞིག་དེད་ཡོང་ཡོད
དེ་ནི་གླེན་ཞད་ཚ་བོ་ཡོད་པའི་ང་ཡིས
ཁྱོད་རང་སྒུག་ཡུན་རིང་བའི་མཚོན་བྱེད་དོ

ཁྱོད་ཀྱིས་ཞིམ་པོ་ཤིང་མགོ་མ་རྐང་ཐུར་གཅིག་བླངས་ཏེ
མངར་ཞིང་ཞིམ་པའི་སེམས་རྡོག་གཅིག་དེ
ཁངས་ནང་དུ་དུར་སྦས་བྱས
འདི་ལྟར་བཤད་ན་གཟོད་སྤྲོ་བས་བརྟས་ངེས

ཁངས་མི་བགད་མ་བྱུང
སྒྲ་མེད་ཞི་འཇགས
དཔྱིད་ཀའི་མེ་ལྟར་ཚ་བའི་ཉི་མ་ཐད་ཀར་ཐོན་ན
ཁོ་རང་གཙང་ཡུག་ཡུག་ཞུའོ

མི་གང་དུ་ཡོད
སེམས་གང་དུ་ཡོད
མིག་ཆུའི་རྫིང་བུ་ཆུང་ཆུང་དེའི་འགྲམ་དུ
སྦྲང་རྩི་ཁོ་ན་ལུས་ཡོད


                                                                                 2015.08.22___23བར་བསྒྱུར།

མཆན། 1.ཀོའུ་ཁྲུན། སྙན་ངག་པ་ཞིག་སྟེ། ཆུང་མ་དང་རང་ཉིད་བསད་པའི་ལག་དམར་ཞིག་གི་མིང་ལ་ཡང་ཟེར། གསོན་ཡུལ་ན་ཡོད་པའི་མི་ཚོས་ཁོ་ལ“རབ་རིབ་སྙན་ངག་པ”དང“བྱིས་སྒྲུང་སྙན་ངག་པ” “གབ་དོན་སྙན་ངག་པ”ཞེས་པའི་ཆོ་ལོ་བསྩལ་མྱོང་། རང་ལོ་སོ་བདུན་ལས་མི་ཡུལ་ལ་འདུག་མ་འདོད་པར་རང་སྲོག་བཅད་སོང་སྐད།

                                                                          འཕྱན་བྷང་གིས་བསྒྱུར།

                                                                               རྩོམ་སྒྲིག་པ། དབང་མོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀོའུ་ཁྲིན་གྱི་སྙན་ངག་བཅུ་གཉིས།

2016-01-16 ཀོའུ་ཁྲིན།1 ཀློག་གྲངས། མཆན ཡོད།

2707F80A.jpg
                      ལྕགས་བརྐོས་གདམས་ཡིག

ཆུ་སྐྱོར་བཀོལ་ན
མཐའ་མེད་པའི་རླབས་ཕྲེང་འཛིན་བཟུང་བྱ་ཆོག

རླུང་གཡོར་བཀོལ་ན
གཟུགས་མེད་པའི་རླུང་བུ་འཛིན་བཟུང་བྱ་ཆོག

དགའ་བ་བཀོལ་ན
ཐོགས་རེག་བྲལ་པའི་རྨི་ལམ་འཛིན་བཟུང་བྱ་ཆོག

སྒོར་མོ་བཀོལ་ན
བརྩེ་བ་བྲལ་པའི་སེམས་པ་འཛིན་བཟུང་བྱ་ཆོག

                       སྦྱར་ལྕང་།

ང་ལ་དཔུང་བ་གཅིག་མེད་སོང་བས
དེ་ནི་མིག་གཅིག་ཡར་ལ་ཕྱེས་པའོ

                       ཟམ་པ།

ཡལ་ག་རིམ་པ་རིམ་པ་ཕྱེས་པ་ན
ཁྱོད་ཀྱིས་སྡོང་བོར་བལྟས ཡར་ལ་ལངས་ཞོར་གཉིད་དེ

                       སྲང་ལམ་ཆུང་ཆུང་།

སྲང་ལམ་ཆུང་ཆུང
གུག་ཅིང་རིང

སྒོ་མེད
སྒེའུ་ཁུང་མེད

ཁྱོད་ཀྱིས་ལྡེ་མིག་བཟུང་སྟེ
རབ་ཏུ་མཐུག་པའི་གྱང་ལ་རྡུང་གིན་འདུག

                       ཚོར་བ།

གནམ་ཡང་སྐྱ་བོ་རེད
ལམ་ཡང་སྐྱ་བོ་རེད
ཐོག་ཁང་ཡང་སྐྱ་བོ་རེད
ཆར་བ་ཡང་སྐྱ་བོ་རེད

ཐལ་བ་ཡི་ཁྲོད་དུ
བྱིས་པ་གཉིས་བགྲོད་མྱོང
གཅིག་ནི་དམར་རྐྱང་དང
གཅིག་ནི་ལྗང་སྐྱའོ

                        རིང་དང་ཉེ།

ཁྱོད་ཀྱིས
སྐད་ཅིག་ང་ལ་བལྟས
སྐད་ཅིག་སྤྲིན་ལ་བལྟས

ང་ཡི་ཚོར་བར
ཁྱོད་ཀྱིས་ང་ལ་བལྟས་དུས་རབ་ཏུ་རིང
ཁྱོད་ཀྱིས་སྤྲིན་ལ་བལྟས་དུས་རབ་ཏུ་ཉེ

                       ང་ཡི་སྟོང་བསམ།

ང་ཡིས་སྟོང་བསམ་བྱེད་ཀྱིན་ཡོད
སྟོང་བསམ་ནི་ཧྲུལ་ཟགས་སུ་གྱུར
སྟོང་བསམ་གྱིས་རྒྱུན་དུ་དཀྱེལ་ཡངས་ཧྲུལ་ཟགས་སུ་བཏང
ཧྲུལ་ཟགས་ཀྱིས་སྟོང་བསམ་གཏན་ནས་བཏང་མ་མྱོང

                         མཐོང་བྱུང་།

ང་ཡིས་ཀུ་ཤུ་མཐོང་བའི་དུས་སྟེ
མེ་ཏོག་བཞད་པའི་དུས་སོ
རྒྱང་རིང་རྒྱང་རིང་ནས་བལྟས་པ་ན
འདི་ཁོ་ན་ནི་དམར་པོ་རེད

བྱིའུ་བཅོ་ལྔ་ལམ་ཐོག་ཏུ་འཕུར་གྱིན་འདུག
འཕུར་མྱོང        འཕུར་ནས་འགྲོ་མ་ཐུབ

                         གྲོགས་པོ།

ང་ཡིས"གྲོགས་པོ"ནི་མཛེས་སྡུག་གི་མེ་ཏོག་ཅིག་དང་འདྲ་བར་མཐོང
ང་ཡིས་མེ་ཏོག་གི་འདབ་ལོ་འཐོར་སྲིད་པ་ཤེས

ང་ཡིས"གྲོགས་པོ"ནི་དྭངས་གཙང་གི་ཁ་བ་ཞིག་དང་འདྲ་བར་མཐོང
ང་ཡིས་ཁ་བ་ཞུ་སྲིད་པ་ཤེས

ང་ཡིས"གྲོགས་པོ"ནི་དྲི་ཞིམ་ཆང་དང་འདྲ་བར་མཐོང
ང་ཡིས་ཆང་སྐྱུར་སྲིད་པ་ཤེས

ང་ཡིས"གྲོགས་པོ"ནི་རུལ་མེད་ཀྱི་གསེེར་དང་མཚུངས་པར་མཐོང
ང་ཡིས་གསེར་ནག་གི་ལྗིད་ཚད་དང་རིན་ཐང་ཤེས

                            ཁ་སང་། སྦྲུལ་ནག་པོ་ཞིག་དང་འདྲ།

ཁ་སང
སྦྲུལ་ནག་པོ་ཞིག་དང་འདྲ
ཁུག་འཁྱོག་ཏུ་འཁྱིལ
ཁོ་རང་གསོན་གྱིན་པ་ནི
འདི་ལྟར་འཁྱགས
ཤི་རྗེས     གཏན་ནས་དྲོས་མི་སྲིད
སྔོན་ཆད་ཁོ་རང
མི་མང་པོའི་སེམས་སུ
དྲོད་ལྷེམ་ལྷེམ་དུ་འགོས་མྱོང
སྔོ་དྲེགས་བསྐྱུར་ཡོད
ཁྲག་མདོག་གསུབས་སོང

ད་ལྟ
ཁོ་རང་ཤི་སོང
མནན་ནས་ཡོད་དེ
ཚགས་ཤོག་ཅིག་གི་རི་འདབས་སུ
དཔག་པར་དཀའ་སྟེ
ལྕགས་པར་ཡིག་འབྲུ་གྲངས་མེད
གྲོག་མས་འདུ་ཚོགས་རྒྱག་པ་ལྟར
གྲོས་མོལ་བྱེད་ཀྱིན
ཁོའི་བསྐྱར་གསོན་ལ་ཇི་ལྟར་སྔོན་འགོག་བྱ་རྒྱུ་དེ

                         ནས་ཞིང་།

ཁྱོད་ཀྱིས་མི་རབ་ཏུ་མང་བོའི་ཁྲོད་ནས་ང་ལ་བལྟས
བལྟས་མྱོང
ཁྱོད་རབ་ཏུ་ཆུང
མིག་བཙུམས་པའི་དུས་དེར        རབ་ཏུ་སྔོན

ང་ཡིས་ཁྱོད་རང་དཔེ་དེབ་ཅིག་ཏུ་ལངས་འདུག་པ་ཤེས
མདུན་ཕྱོགས་སུ་ཤིང་པར་ཡོད
ཅིའི་ཕྱིའི་ཡིན་པ་ཡང་མི་ཤེས
དཔྱིད་ཀ    མཐོང་མི་ཐུབ    ཐེངས་གཅིག་ལ
མེ་ཏོག་ཡོངས་བཞད་འདུག
ཕྱོགས་དང་ཕྱོགས་ཡོངས་སུ

རྗེས་སུ་ཧ་ཅང་ཁེར་རྐྱང་དུ་གྱུར

                         ཁངས་མི།

ཁྱོད་ཀྱི་སྔུན་དུ
ང་ཡིས་ཁངས་མི་ཞིག་དེད་ཡོང་ཡོད
དེ་ནི་གླེན་ཞད་ཚ་བོ་ཡོད་པའི་ང་ཡིས
ཁྱོད་རང་སྒུག་ཡུན་རིང་བའི་མཚོན་བྱེད་དོ

ཁྱོད་ཀྱིས་ཞིམ་པོ་ཤིང་མགོ་མ་རྐང་ཐུར་གཅིག་བླངས་ཏེ
མངར་ཞིང་ཞིམ་པའི་སེམས་རྡོག་གཅིག་དེ
ཁངས་ནང་དུ་དུར་སྦས་བྱས
འདི་ལྟར་བཤད་ན་གཟོད་སྤྲོ་བས་བརྟས་ངེས

ཁངས་མི་བགད་མ་བྱུང
སྒྲ་མེད་ཞི་འཇགས
དཔྱིད་ཀའི་མེ་ལྟར་ཚ་བའི་ཉི་མ་ཐད་ཀར་ཐོན་ན
ཁོ་རང་གཙང་ཡུག་ཡུག་ཞུའོ

མི་གང་དུ་ཡོད
སེམས་གང་དུ་ཡོད
མིག་ཆུའི་རྫིང་བུ་ཆུང་ཆུང་དེའི་འགྲམ་དུ
སྦྲང་རྩི་ཁོ་ན་ལུས་ཡོད


                                                                                 2015.08.22___23བར་བསྒྱུར།

མཆན། 1.ཀོའུ་ཁྲུན། སྙན་ངག་པ་ཞིག་སྟེ། ཆུང་མ་དང་རང་ཉིད་བསད་པའི་ལག་དམར་ཞིག་གི་མིང་ལ་ཡང་ཟེར། གསོན་ཡུལ་ན་ཡོད་པའི་མི་ཚོས་ཁོ་ལ“རབ་རིབ་སྙན་ངག་པ”དང“བྱིས་སྒྲུང་སྙན་ངག་པ” “གབ་དོན་སྙན་ངག་པ”ཞེས་པའི་ཆོ་ལོ་བསྩལ་མྱོང་། རང་ལོ་སོ་བདུན་ལས་མི་ཡུལ་ལ་འདུག་མ་འདོད་པར་རང་སྲོག་བཅད་སོང་སྐད།

                                                                          འཕྱན་བྷང་གིས་བསྒྱུར།

                                                                               རྩོམ་སྒྲིག་པ། དབང་མོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།