ལང་ཚོ།

ལང་ཚོ་ནི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་དུས་ཚོད་དུམ་བུ་ཙམ་ཞིག་མིན་ལ་བཞིན་རས་དང་མཆུ་སྒྲོས་དམར་མདངས་ལྡན་པ་དང་ལུས་པོ་བདེ་འཁྱུག་ལྡན་པ་དེ་ཡང་མ་ཡིན།

དེ་ནི་སེམས་པའི་ནང་གི་ངང་ཚུལ་ཞིག་ཡིན་པ་དང་།ཀླད་པའི་ནང་གི་བསམ་སྟངས་ཤིག་ཡིན་ལ།རྗེས་དཔག་གི་བསམ་བློའི་ནང་གི་གསར་གཏོད་བྱེད་པའི་མངོན་མེད་གྱི་ནུས་པ་དེ་ཡིན་ཞིང་།བརྩེ་དུང་གི་འཕོ་འགྱུར་ཁྲོད་ཀྱི་རབ་ཏུ་འབར་བའི་སྐྱེས་སྟོབས་དེ་ཡིན་པ་མ་ཟད་།མི་ཚེའི་དཔྱིད་དཔལ་གྱི་དབུས་སུ་ལྡང་བའི་ཤར་རླུང་དེ་ཡིན།

ལང་ཚོ་ཞེས་པས་དྲོད་འཁོལ་དང་སྤྲོ་སྣང་གིས་ཕྱུག་པའི་བརྩེ་དུང་ཕངས་མེད་དུ་དོར་ཏེ་འཚོ་བའི་ཆེད་དུ་གང་སར་ཉུལ་བ་མཚོན་ལ།ངོ་ཚ་དང་འཇིགས་སྣང་།ཞེ་འདོད་སོགས་ལས་རྣམ་པར་རྒྱལ་བའི་བློ་རྒྱ་དང་སྤོབས་སེམས་ཀྱང་མཚོན་པས།ལོ་དྲུག་ཅུ་ཡིན་པའི་རྒན་རྒོན་དག་ལ་ལོ་ཉི་ཤུ་ཡིན་པའི་གཞོན་པ་དག་ལས་དེ་བས་མང་བའི་བློ་རྒྱ་དང་སྤོབས་སེམས་འདི་འདྲ་ཡོད་སྲིད།དུས་ཀྱི་གོམ་བགྲོད་ཙམ་ལ་བརྟེན་ནས་རྒས་པའི་མི་ཞིག་མེད་དེ་ཕུགས་བསམ་མེད་པར་གྱུར་བ་དང་བསྟུན་ནས་མིའི་རིགས་ལ་གཞི་ནས་རྒན་གོག་བྱུང་བ་ཙམ་མོ།

ལོ་ཟླས་པགས་ངོས་སུ་གཉེར་རིས་བྲིས་ཐུབ་པ་ལས་རྣམ་ཤེས་ལ་རི་མོ་ཅི་ཡང་འབྲི་མི་ཐུབ།སེམས་ཁྲལ་དང་འཇིགས་སྣང་།རང་ལ་ཡིད་ཆེས་མེད་པ་བཅས་ཀྱིས་ད་གཟོད་མི་རྣམས་དུས་ཚོད་ཀྱི་རྡུལ་འཚུབ་ཁྲོད་རྒས་སུ་འཇུག་གི་ཡོད།

ལོ་དྲུག་ཅུའམ་བཅུ་དྲུག་གང་ཞིག་ཡིན་རུང་།མ་འོངས་ཀྱིས་མི་ཚང་མའི་ཡིད་དབང་འཕྲོག་པར་བྱེད་ལ།ཚང་མས་མི་ཚེའི་འགྲན་རྩོད་ཁྲོད་ཀྱི་སྤྲོ་བ་ལ་བྱིས་པ་ལྟར་འཛད་མཐའ་མེད་པའི་རེ་ལྟོས་བཅངས་སྲིད།

ཁྱེད་དང་ངའི་སེམས་ཀྱི་གཏིང་ན་སྐུད་མེད་ཀྱི་གློག་འཕྲིན་ཞིག་གཅིག་མཚུངས་སུ་ཡོད་ཅིང་།དེས་མི་ཚོགས་ཀྱི་ཁྲོད་དང་།འབྱམས་ཀླས་པའི་དུས་ཚོད་ཀྱི་ཁྲོད་ནས་བདེ་སྐྱིད་དང་རེ་བ།དགའ་སྤྲོ།སྙིང་སྟོབས།སེམས་ཤུགས་བཅས་ཀྱི་ཆ་འཕྲིན་བར་མེད་དུ་བསྡུ་ལེན་བྱེད་ཐུབ་པ་ཡིན་ན།ང་ཚོ་ཚང་མ་ནམ་ཡང་ལང་ཚོས་ཕྱུག་པ་ཡིན་ཞིང་།གལ་ཏེ་སྐུད་མེད་ཀྱི་གློག་འཕྲིན་དེ་ཐོར་ཞིག་ཏུ་སོང་བ་ཡིན་ན།ཁྱེད་ཀྱི་སེམས་པ་ཡང་ཧོལ་རྒྱུགས་དང་ངེས་འབྱུང་།རེ་ཆད་བཅས་ཀྱི་ཁ་ཆར་བུ་ཡུག་གིས་བསྣན་ཏེ་ཁྱེད་ཉིད་ལོ་ཉི་ཤུ་ལ་སོན་ཙམ་ཡིན་ཡང་ཁྱེད་རང་རྒས་པ་དང་དབྱེར་མེད་དོ།འོན་ཀྱང་གལ་ཏེ་སྐུད་མེད་ཀྱི་གློག་འཕྲིན་དེ་ཁྱེད་ཀྱི་སེམས་སུ་ནུབ་པ་མེད་པར་གནས་ཏེ་སྤྲོ་སྣང་དང་ཧུར་བརྩོན་གྱི་གློག་རླབས་ཚང་མ་འཐེན་ཐུབ་པ་ཡིན་ན།ཁྱེད་རང་ལང་ཚོས་ཕྱུག་པའི་ངང་ནས་ལོ་བརྒྱད་ཅུ་བརྒལ་ཐུབ་པའི་རེ་བ་ཡོད།

དེར་བརྟེན་ཕུགས་བསམ་ཡོད་པ་དང་ཕུགས་བསམ་སྙེགས་ཐུབ་པ།ཕུགས་བསམ་མངོན་འགྱུར་ཐུབ་པ་ཙམ་གྱིས་ང་ཚོ་ནམ་ཡང་ལང་ཚོས་ཕྱུག་པ་རེད།

ག་དུས་ཡིན་ཡང་རང་ཉིད་རྒས་འདུག་ཁོ་ན་ཟེར་ནས་རང་ཉིད་ལམ་ནོར་དུ་རྩ་བ་ནས་མ་ཁྲིད་རོགས།ལང་ཚོ་ནི་སྟོབས་ཤུགས་ཡིན་ལ་ཕུགས་བསམ་ཡོད་ན་འབྱུང་འགྱུར་ཡང་ཡོད་དོ།།

                                                        རྒྱལ་རྩེའི་ཕོ་གཞོན་གྱིས་བསྒྱུར།

                                                                 རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལང་ཚོ།

2016-04-04 སེ་མེའུ་འུལ་མན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།