བྲག་ཕུག་གི་ནང་དུ་བརྩེ་དུང་ལ་སྒུག་པ།

མཚན་པོ་ཟིན་རྗེས་ཁྱི་གཉིས་ཕྱི་རོལ་དུ་རྒྱུགས་བཞིན་སྐད་ཅོར་རྒྱག་པ་མ་ཟད།སྡོང་ལོའི་སྐད་སྒྲ་སག་སག་ཏུ་གྲགས་པས་མུན་ནག་གི་ཁྲོད་འདས་ལོག་བྱུང་བའི་རྣམ་ཤེས་དང་འདྲ།ད་དུང་དྲག་ཏུ་རྒྱུགས་པའི་ཆུ་མོ་ཡང་གཅིག་ཏུ་འདུས་པས་མཚན་གུང་འདི་དེ་བས་འཁྲུགས་ཆ་དོད་པར་གྱུར།

སྐབས་འདིར་ཁོང་མོའི་དབ་དིབ་་ཀྱི་སྐད་སྒྲ་དེ་སླར་ཡང་ངའི་རྣ་ལམ་དུ་འཁོར་བྱུང་སྟེ།“མདང་ནུབ་དགོང་མོ་ཤར་ཕྱོགས་ཀྱི་བྲག་ཕུག་ནང་སྡོད་པའི་མི་དེ་གྲོངས་འདུག་ཅིང་།ངས་ཁོའི་ཆེད་དུ་་མ་ཎི་མཚན་གངབགྲང་བ་ཡིན་ལ་ཁོ་རང་གཞི་ནས་འཇིག་རྟེན་གྱི་ལས་འབྲེལ་ཟད་པར་རྟེན་འབྲེལ་ཞུས་པ་ཡིན་ཞིང་ཁོ་རང་དམྱལ་བའི་ལམ་ཕྲང་གི་སྟེང་དུ་འོད་གཟེར་མཐོང་ཐུབ་པའི་སྨོན་ལམ་ཡང་བཏབ་ཡོད།ཁོའི་ཀེང་རུས་བྲག་སྟེང་དུ་སྐྱུར་སྲིད་ཅིང་འདི་ན་བྱ་རྒོད་མེད་མོད་ཁྱི་འཁྱམས་དང་སྲོག་ཆགས་གཞན་གྱིས་ཟ་བར་ཡོང་སྲིད་དོ།……”

ང་རང་ཁོང་འདར་ཞིག་ཤོར་བྱུང་།འཆི་བའི་སྐོར་གླེང་དུས་ཁོང་མོའི་མིག་ཟུང་ནས་འོད་མདངས་འཕྱུར་ཞིང་རྒས་པའི་གདོང་སྟེང་ནས་དམངས་མདངས་ཀྱང་བཀྲ་བཞིན་འདུག་གོ།

ནམ་ཕྱེད་ཀྱི་རླུང་བུ་ཐང་སྟོང་ནས་ལྡང་ཡོང་ཏེ་ངའི་རྒྱབ་ངོས་ཀྱི་ཁྲ་མ་ལས་སིལ་སིལ་དུ་འཁྱིལ་ཡོང་བ་ནི་སྙིང་ལ་གཟན་པའི་ངུ་སྒྲ་ཁྱུ་ཞིག་དང་ཀུན་ནས་མཚུངས་སོ།ངས་སྒྲོན་མེ་བསད་པསཁོང་མོའི་སྐོར་གྱི་ཕྱིར་དྲན་ཞིག་གསལ་ལྷང་ངེར་ངའི་མིག་མདུན་དུ་འཁོར་ཡོང་།

དེ་ཡང་ལོ་དེའི་དབྱར་སྟོད་ཀྱི་ཉིན་གུང་ཞིག་ལ་ཁོང་མོ་མགོ་བོ་སྒུར་ཏེ་ཤིང་གི་རྐུབ་བཀྱག་རྙིང་ཧྲུལ་ཞིག་གི་ཐོག་ཏུ་བསྡད་ཡོད་པ་དང་།མགོ་སྐྲ་དཀར་རྐྱང་དུ་གྱུར་ནས་ཟང་ཟིང་ངང་དཔྲལ་བའི་སྟེང་དུ་བཀབ་འདུག བཞའ་ཚན་ཆེ་བའི་བྲག་ཕུག་ནང་གི་བྲག་ལྡེབས་ངོས་སུ་འཛིར་འཛིར་དུ་ཐོན་པའི་ཆུ་ཐིགས་ཀྱིས་ཁེངས་འདུག་ཅིང་སྐྱ་ལམ་ལམ་གྱི་ཉི་མ་ནི་བྲག་ཕུག་གི་ཕྱི་རོལ་ན་བཀག་འདུག ངས་སྒུར་སྒུར་བྱས་ནས་ནང་དུ་འཛུལ་འགྲོ་དུས་དེ་ནི་དེ་རིང་མཆིམས་ཕུའི་རི་སྟེང་གི་བྲག་ཕུག་ག་ཚོད་ལ་འཛུལ་མིན་གྲངས་ཀ་ཐེབས་ཐབས་མི་འདུག

“བུ་མོ།མིག་སྨན་འཁྱེར་ཡོད་དམ།”ངས་རྐང་འཇབ་ལག་འཇབ་ཀྱི་ངང་ནས་ཁོང་གི་ལུས་འགྲམ་དུ་བཅར་དུས་ཁོང་གིས་གློ་བུར་དུ་དེ་ལྟར་དྲིས་བྱུང་།

ངས་དགོངས་དག་ཞུ་བ་དང་སྦྲགས་“མེད།མེད།……”ཞེས་བརྗོད་པ་ཡིན་ལ་ཙོག་བུར་བསྡད་དེ་ཁོང་མོར་བལྟས་ནས་བསྡད་པ་ཡིན།

གནས་འདི་ནི་མ་གཞི་ལྷོ་ཁ་གྲ་ནང་རྫོང་ཁོངས་བསམ་ཡས་དགོན་དང་བར་ཐག་སྤྱི་ལེ་༡༥ཡོད་པའི་བྱང་ཤར་གྱི་མཚམས་ཀྱི་ན་རོ་རིའི་རི་སྐེད་དུ་གནས་ཤིང་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༣༣༠ཙམ་ཡོད་མོད།གནས་སྐོར་ལ་ཡོང་བའི་མི་རྣམས་ཀྱིས་ལོ་འཁོར་མོར་རྒྱུན་ཆད་མེད་པར་སྨན་དང་རྩམ་པ།ཡང་ལྰ་སོགས་འཁྱེར་ནས་བྲག་ཕུག་གི་ནང་དུ་བསྡད་ཡོད་པའི་རི་ཁྲོད་འགྲིམ་མཁན་རྣམས་ལ་བལྟ་རུ་ཡོང་གི་ཡོད།ང་རང་ད་རེས་མི་གཞན་གྱི་བཀའ་མངགས་ལྟར་བཅར་འདྲིར་ཡོང་ཞིང་བྲེལ་བས་རྐྱེན་པས་མིག་སྨན་འཁྱེར་རྒྱུ་མ་བྱུང་།

“ངས་རྨོ་བོ་ལགས།ཁྱེད་རང་གི་སྤྱན་ལ་ག་རེ་གནང་སོང་།”ཞེས་དྲིས་པ་ཡིན།

“ཧའེ།ན་ཚ་ཞེ་དྲག་གཏོང་གི་འདུག ཕལ་ཆེར་གཉན་ཁ་བྱས་པ་འདྲ།”

“ཁྱེད་རང་འདིའི་ནང་དུ་ཡུན་རིང་པོ་བཞུགས་ཡོད་ཀྱི་རེད།”

ན་རོ་རི་ལ་མཆིམས་ཕུ་ཟེར་བའི་རྒྱུ་མཚན་ནི་གནའ་སྔ་མོ་རི་དེའི་སྟེང་དུ་མཆིམས་ཀྱི་རུས་རྒྱུད་ཀྱི་ཁྱིམ་རྒྱུད་ཅིག་ཡོད་པས་མིང་དེ་ལྟར་འཐོགས་ཚུལ་ཤོད་སྲོལ་འདུག་ལ།གཞན་ཡང་ཞི་བ་འཚོ་དང་པདྨ་འབྱུང་གནས།བཙན་པོ་ཁྲི་སྲོང་ལྡེ་བཙན་སོགས་སྔོན་ཆད་གནས་འདིར་སྒྲུབ་པ་སྐྱོན་མྱོང་བས་གནས་འདི་ནི་བོད་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་དབེན་པའི་སྒྲུབ་གནས་ཁྱད་དུ་འཕགས་པ་ཞིག་ཆགས་ཚུལ་ཤོད་སྲོལ་འདུག

 “ཧའེ།ང་འདི་རུ་སླེབས་ནས་ལོ་གསུམ་ཡང་ཟིན་མེད།”རྒད་མོས་སྐྱོ་ཤས་ཅུང་ཟད་དང་སྦྲགས་བགད་སོང་།སྐབས་དེར་ཧ་ལམ་ལོ་༡༣ཡིན་པའི་ཆོས་གོས་གྱོན་པའི་བུ་མོ་ཞིག་གིས་ལྕགས་དཀར་གྱི་ཆུ་ཀྲིང་ཞིག་འཁྱེར་ནས་ནང་དུ་འཛུལ་སླེབས་བྱུང་།བུ་མོས་བྲག་ཕུག་ནང་གི་ཆུ་སྣོད་ཀྱི་ནང་དུ་ཆུ་བླུགས་པའི་སྒྲ་དེ་ཐོས་རྗེས་རྒད་མོས་མགོ་བོ་སྒུར་ནས་“སྤོ་བོ་ལགས་ལ་ཆུ་བསྐྱལ་བ་ཡིན་ནམ།”ཞེས་བཤད་སོང་།

 “བསྐྱལ་བ་ཡིན།”བུ་མོའི་ངོ་མདོག་ཅུང་སེར་ཙམ་འདུག་ཅིང་།གཏིང་ལ་དིམ་པའི་མིག་ཆེན་པོ་གཉིས་ང་ལ་བལྟས་ནས་འཛུམ་དམུལ་དམུལ་བྱས་བྱུང་ལ་ཆུ་ཀྲིང་སྟོང་པ་དེ་མར་ཕབ་སྟེ་བྲག་ཕུག་་གི་ཕྱིའི་རྡོ་སྐས་བརྒྱུད་ནས་བདེ་ལྕག་འཁྱུག་པོས་ཡར་ལ་འཛེགས་སོང་།

ང་རང་ཁོང་མོའི་རྗེས་སུ་མར་དོན་པས་བྲག་ཕུག་ཕྱིའི་རི་གཤམ་དུ་ཡར་ཀླུང་གཙང་པོ་ནི་ཐུར་དུ་རྒྱུ་བའི་གློག་འོད་ལྟར་རྒྱུགས་པ་མཐོང་བྱུང་།

ངས་མཐིང་སྨུག་གི་རྡོ་གཡམ་གྱི་ལམ་ཕྲན་རྡོག་པས་བརྫིས་ནས་སྟེང་གི་བྲག་ཕུག་ཏུ་བསྐྱོད་པ་ཡིན།བྲག་ཕུག་གི་ནང་དུ་ད་གིན་གྱི་ཆོས་གོས་གྱོན་པའི་བུ་མོ་ཆུང་ཆུང་དེ་དང་རྒད་པོ་ཞིག་ཆོབ་བཤད་ནས་བསྡད་འདུག

 “བཀྲ་ཤིས་བདེ་ལེགས།”ངས་ཁོང་ཚོར་ཁམས་འདྲི་ཞུས་པ་ཡིན།བྲག་ཕུག་འདིའི་ནང་གི་ཁ་གནམ་ལ་བལྟས་པའི་ཕུག་སྒོ་ནས་འོད་ཡག་པོ་ཞིག་འཕྲོ་བཞིན་འདུག རྒས་པོ་དེ་ཉལ་ཁྲི་ཐུང་ཐུང་ཞིག་གི་ཐོག་ཏུ་དཀྱིལ་དཀྲུང་བྱས་ནས་བསྡད་འདུག་ཅིང་ཉལ་ཁྲིའི་མགོ་ན་མ་ཎི་ལག་འཁོར་ཆེན་པོ་ཞིག་སླངས་ནས་བཞག་འདུག་པ་མ་ཟད་བྲག་ཕུག་ནང་ད་དུང་ཆ་སྒམ་ཞིག་བཞག་འདུག

 “ཡར་ཕེབས།”རྒས་པོའི་མལ་ལེའི་སྟེང་དུ་སྨ་ར་རིང་པོ་བསགས་ཡོད་ཅིང་།ངོ་མདོག་དམངས་མདངས་ལྡན་ལ་བཞིན་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་དུ་ང་ལ་མར་བསྡད་དེ་ཇ་བཏུངས་ཞེས་གསུངས་བྱུང་།འདི་གའི་རྣམ་པ་ནི་གཤམ་གྱི་རྒད་མོའི་བྲག་ཕུག་དང་གཏན་ནས་མི་འདྲ་བས་ང་རང་ལྐོག་ཏུ་དབུགས་རིང་ཞིག་ཤོར་བྱུང་།

 “ངའི་ཚ་མོས་ད་གིན་ཁྱེད་རང་གཤམ་གྱི་རྒད་མོའི་སར་འདུག་ཟེར་གྱིས།”རྒད་པོས་འཛུམ་དམུལ་དམུལ་ངང་གཤམ་ལ་མཛུབ་མོ་བཙུགས་ཏེ་དེ་ལྟར་དུ་བརྗོད་བྱུང་།

“རྒད་མོ་ཨེ།”ངས་ང་་ལ་ཇ་བླུགས་མཁན་བུ་མོ་དེར་བལྟ་བཞིན་དེ་ལྟར་བརྗོད་མོད་རྒད་པོས་ཟེར་ཡས་དེ་གཤམ་གྱི་བྲག་ཕུག་ནང་གི་རྨོ་བོ་ལགས་དེ་ཡིན་པ་ལམ་སེང་ཧ་གོ་བྱུང་།

ངས་མགོ་ལྕོག་ལྡེམ་ལྡེམ་བྱས་ནས་“ཁོང་ཕལ་ཆེར་སྙུན་གྱི་ཡོད་པ་འདྲ་”ཞེས་བཤད་པ་ཡིན།

“ཧའེ།མོ་རྒས་སོང་བ་རེད།”རྒད་པོས་བྲག་ཕུག་གི་ཕྱི་ལོགས་སུ་བལྟ་བཞིན་སེམས་སྐྱོ་མདོག་ངང་དེ་ལྟར་བརྗོད་བྱུང་།

 “ཁོང་གིས་ཁྱེད་རང་འདི་གར་ལོ་༢༠བཞུགས་པ་རེད་ཟེར།”ངས་ཇ་ཕོར་ཡར་བཀྱག་ནས་ཇ་ཁ་གང་བཏུངས་པ་ཡིན་པས་མར་དེ་རྙིང་ཙམ་འདུག་ཀྱང་ས་འདི་འདྲའི་མཐོ་བའི་མཆིམས་ཕུའི་རི་སྟེང་དུ་ཇ་འཐུང་རྒྱུ་ཡོད་པ་དེ་གས་འགྲིག་སོང་།  “རེད་ཡ།ངས་འདིར་མོ་རང་ལོ་༢༠སྒུག་པ་ཡིན།རྒད་པོས་ངའི་དྲི་བ་ལ་སྣང་བ་མ་བཏང་བར་དེ་ལྟར་བརྗོད་བྱུང་།གློ་བུར་དུ་ཤོད་ཐེངས་གཅིག་ལ་ང་ལ་བརྗོད་དོན།སྔོན་མ་ཁྱིམ་མཚེས་ཡིན་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཏུ་བྱམས་པ་(བཅོས་མིང་)ངས་ཉིན་ལྟར་རང་ཁྱིམ་གྱི་ལུག་ཁྱུ་དེད་ནས་ཆུ་འགྲམ་དུ་ལུག་འཚོ་བར་འགྲོ་གི་ཡོད་ཅིང་།ངའི་བཟའ་ཟླས་ཁྱིམ་དུ་ཞིང་ཁ་བཏབ་ནས་སྡོད་ཀྱི་ཡོད་ལ།ཉིན་གུང་ཕྲུ་གུ་ཞིག་ང་རང་ལ་བྲོ་བ་ཞིམ་པའི་གུང་ཟས་དང་ཆང་དམ་བི་གང་སྐྱེལ་བར་བཏང་ཡོང་གི་རེད།སྐབས་དེ་དུས་སྒྲོལ་དཀར་(བཅོས་མིང་)ཡང་རྟག་ཏུ་ཆུ་འགྲམ་དུ་གྱོན་གོས་འཁྲུ་བར་ཡོང་གི་ཡོད་ཅིང་བྱམས་པ་ངས་མོ་ནི་ཁྱིམ་མཚེས་གྲོང་ཚོའི་མི་ཞིག་གི་མནའ་མ་ཡིན་པ་ཤེས་ཀྱི་ཡོད།སྒྲོལ་དཀར་གཞས་གཏོང་རྒྱུར་དགའ་པོ་ཡོད་པ་མ་ཟད་ལྷན་སྐྱེས་ཀྱི་གྲེ་བ་ཡག་པོ་ཞིག་ཡོད་པས་ཁོང་མོས་གྱོན་གོས་འཁྲུ་གིན་དུ་སྐད་གསེང་མཐོན་པོས་གཞས་ལེན་དུས་གནམ་སྟེང་གི་སྤྲིན་པ་ཡང་པད་མ་དཀར་པོ་ལྟར་དུ་འགྱུར་ཞིང་བྱམས་པ་ངའི་ལུག་གིས་ཀྱང་འབའ་སྒྲ་སྒྲོག་ནས་རྩ་ཟ་རྒྱུ་ཡང་བརྗེད་འགྲོ་བཞིན་འདུག བྱམས་པ་ང་རང་སྒྲོལ་དཀར་གྱི་གཞས་ལ་ཉན་དུས་ཁོང་མོའི་དགོད་སྒྲ་ནི་གླུ་སྒྲ་ལས་ཀྱང་ཡིད་དབང་འཕྲོག་པའི་སྣང་བ་སྟེར་ཞིང་ངའི་སེམས་ཀྱི་སྡུག་བསྔལ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར།བྱམས་པ་ང་རང་སྒྲོལ་དཀར་ལ་སེམས་པ་ཤོར་སོང་།ཡིན་ཡང་ང་གཉིས་གཉིས་ཀ་བཟའ་མི་བུ་ཕྲུག་ཡོད་པའི་མི་ཡིན་པས་གཉེན་སྒྲིག་ལས་འདས་པའི་བརྩེ་དུང་དེ་ནི་ལྷ་རི་དང་ལྷ་མཚོའི་བརྩེ་དུང་གི་གཏམ་རྒྱུད་བཞིན་དུ་སྤྲོ་སྣང་གིས་ཕྱུག་པ་དེ་འདྲ་གཏན་ནས་མེད།དེར་བརྟེན་བྱམས་པ་ངས་ལོ་ཉི་ཤུའི་སྔོན་གྱི་ཉིན་ཞིག་རང་ཉིད་འཇིག་རྟེན་སྟེང་གི་བརྩེ་དུང་གི་སྡུག་བསྔལ་དེ་ལ་བཟོད་ཐབས་མེད་པར་སྙམ་སྟེ་ཉིན་ཞིག་གི་ཞོགས་པར་ནང་མི་དང་ཁ་བྲལ་ནས་མཆིམས་ཕུའི་རི་ཁྲོད་དུ་ཡོང་བ་ཡིན།རི་ཁྲོད་འགྲིམས་པའི་ལོ་ཟླའི་ནང་ངས་རྡོ་གཡམ་རེ་རེ་བཞིན་སྒལ་པར་འཁྱེར་ཡོང་ནས་ཐོ་བ་ཆུང་ཆུང་ཞིག་གིས་སྟེང་འོག་གི་བྲག་ཕུག་གཉིས་སྦྲེལ་ཡོད་པའི་ལམ་ཕྲན་ཞིག་ག་ལེར་བཟོས་པ་ཡིན།མཐའ་མཇུག་ཏུ་ཁོང་མོ་གཞི་ནས་སླེབས་བྱུང་།……”

རྒད་པོས་ཤོད་མཚམས་བཞག་སོང་།ཕལ་ཆེར་བཤད་ཟིན་པ་འདྲ།

 “ཁྱེད་རང་གཉིས་གཞི་ནས་མཉམ་དུ་བསྡད་ཐུབ་པ་རེད་དམ།”ངས་དེ་ལྟར་དྲིས་ཞིང་རྨི་ལམ་རྨིས་པ་ལྟར་དུ་སྣང་།

 “ཧ་ཧ་ཧ་ཧ།……”རྒད་པོས་ཕྲེང་བ་བགྲང་བཞིན་སྤྲོ་སྣང་ལྡན་པའི་ངང་ནས་བགད་སོང་།

བུ་མོས་ང་ལ་ཇ་བླུགས་བཞིན་འདུག མོའི་འཛུམ་མདངས་ཀྱི་ནང་ནས་སྐྱོ་སྣང་ཞིག་མངོན་འོང་། “མོ་རང་སླེབས་བྱུང་།གཞི་ནས་སླེབས་བྱུང་།ལོ་གསུམ་གྱི་སྔོན་དུ་མོ་རང་རྒད་མོ་ཞིག་ཏུ་གྱུར་རྗེས་མོ་རང་གཞི་ནས་སླེབས་བྱུང་།”རྒད་པོས་གད་མོ་བགད་ཀྱིན་དེ་ལྟར་གསུངས་བྱུང་།ངའི་སེམས་པ་ཐེ་ཚོམ་གྱི་རྒྱ་རུ་ཚུད། “ལོ་༢༠ཡི་སྔོན་དུ་བྱམས་པ་ང་རང་མཆིམས་ཕུར་ཕྱིན་ནས་སླར་ལོག་མ་ཕྱིན་པ་ཡིན་མོད།སྒྲོལ་དཀར་ནི་ཡོད་ཚད་བློས་མ་ཐོངས་ནས་ང་དང་མཉམ་དུ་ཡོང་མ་ཐུབ།སྒྲོལ་དཀར་གྱི་བཟའ་ཟླ་རྒས་པོ་གྲོངས་པ་དང་བུ་ཕྲུག་ཚོ་ནར་སོན་རྗེས་ཁོང་མོས་གཞི་ནས་མི་ཚེ་འདིའི་འགན་འཁྲི་དང་འོས་འགན་བསྒྲུབས་ཟིན་རྗེས་ད་གཟོད་འདིར་ཡོང་བ་རེད།སྒྲོལ་དཀར་གྱི་བུ་མོ་ཆོས་སྒྲོན་གྱིས་ལོ་ན་རྒས་པའི་ཨ་མར་སེམས་ཁྲལ་བྱུང་བས་ཁོང་མོས་བུ་མོ་རྒན་པ་སྟེ་སྒྲོལ་དཀར་དང་བྱམས་པ་ང་གཉིས་ཀྱི་ཚ་མོ་མཆིམས་ཕུར་བསྐྱལ་ནས་ང་གཉིས་རྒན་རྒོན་གཉིས་ལ་ཞབས་ཕྱི་ཞུ་བར་བཏང་བྱུང་།” 

ནུབ་བཞུད་ཀྱི་ཉི་འོད་མྱུར་མོར་བྲག་ཕུག་གི་ནང་དུ་འཕྲོས་ཡོང་བ་དང་སྦྲགས་ངས་ག་ལེར་གོ་བ་ལ་ལོན་ཐུབ་བྱུང་སྟེ།ལོ་༢༠ཡི་རྗེས་མཆིམས་ཕུའི་རི་ཆེན་གྱི་སྟེང་དུ་ལོ་༢༠སྟོང་སྒུག་བྱས་པའི་བྲག་ཕུག་ཞིག་དང་ད་དུང་བྱམས་པ་ངས་གཞི་ནས་མགོ་སྐྲ་དཀར་རྐྱང་དུ་གྱུར་བའི་སྒྲོལ་དཀར་ལ་བསུ་བ་ཞུས་པ་ཡིན་ཞེས་པ་དེའོ་།

ངས་གཟབ་གཟབ་གསིག་གསིག་གི་ངང་ནས་ཡང་བསྐྱར་རྐང་འོག་གི་རྡོ་སྐས་ཀྱི་ལམ་ཕྲན་ཐོག་བསྐྱོད་པ་ཡིན་ལ་ལམ་ཕྲན་གྱི་བཟོ་ལྟ་ནི་ལག་ནང་ནས་དབྱུག་པའི་ཁ་བཏགས་ཤིག་དང་འདྲ་བར་རྨོ་བོ་སྒྲོལ་དཀར་ལགས་ཀྱི་བྲག་ཕུག་དང་སྦྲེལ་འདུག ལམ་འགྲམ་གྱི་སེ་ཤིང་སྟེང་གི་མེ་ཏོག་གི་འདབ་མ་ཁ་ཤས་རྡོ་གཡམ་གྱི་ལམ་ཕྲན་སྟེང་དུ་ཟག་འདུག་པས་ངས་ཡར་སྒྲུག་དུས་དེ་དག་ནི་བཞད་ནས་རྙིད་ཟིན་པའི་་མེ་ཏོག་ཤ་སྟག་རེད་འདུག མདོག་འགྱུར་བའི་ལོ་མའི་འོག་ནས་དཀར་མདངས་བཀྲ་ཞིང་དེ་ནི་གྲུ་ཡོར་ཞིག་སྟེ་རྒྱང་་རིང་དུ་འགྲོ་བའི་གྲུ་ཡོར་ཞིག་དང་འདྲའོ།

ནམ་ལངས་གྲབས་འདུག སྐབས་འདིར་ངའི་མཚན་མོ་ཡང་འདས་ཚར་གྲབས་འདུག ཁྱི་གཉིས་པོ་དེ་ཡང་ཁ་ཁུ་སིམ་མེར་བསྡད་འདུག་ཅིང་རླུང་བུ་ཡང་ཁང་པའི་ནང་ནས་ཕྱིར་ལོག་ཟིན་འདུག ངས་མིག་གཉིས་བཙུམས་ཏེ་བྲག་ཕུག་ནང་གི་རྨོ་བོ་སྒྲོལ་དཀར་ལགས་ཀྱི་བཞིན་ལ་བལྟ་བཞིན།མོའི་ལྗིད་ཏིག་ཏིག་གི་དབུགས་རིང་ལ་ཉན་གྱིན།སེམས་ཀྱི་གཏིང་ནས་ད་དུང་ཡང་ལྷང་ལྷང་དུ་དྲན་བཞིན་འདུག

                                        རྒྱལ་རྩེའི་ཕོ་གཞོན་གྱིས་བསྒྱུར།  

                                                                      རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲག་ཕུག་གི་ནང་དུ་བརྩེ་དུང་ལ་སྒུག་པ།

2016-04-09 པདྨ་ལྷ་མཛེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།