མི་ནི་འདུ་ཤེས་ལྡན་པའི་སྲོག་ཆགས་ཤིག་ཡིན།

མི་དང་སྲོག་ཆགས་ཀྱི་རྩ་བའི་ཆ་ནས་མི་འདྲ་མོད།དེས་ནི།མི་ནི་བཟའ་ཆས་འཚོལ་བའི་སྲོག་ཆགས་ཤིག་ཡིན་པ་མ་ཟད།ད་དུང་འདུ་ཤེས་ལྡན་པའི་སྲོག་ཆགས་ཤིག་ཀྱང་ཡིན།མིས་ཟས་རིགས་གང་ཞིམ་ལ་བརྟེན་ནས་རང་གི་ལྟོ་བ་འགྲངས་ཐབས་བྱས་ཏེ་རང་གི་ལུས་ཕུང་གསོ་ཤེས་ཤིང་།དེ་མིན།འདུ་ཤེས་དང་དད་མོས་འདོད་འདུན་སྒོས་རང་གི་བླ་སྲོག་དང་བསམ་བློ་བདག་འཛིན་བྱེད།ཡིན་ཙང་།མིའི་རིགས་ནི་བཟའ་ཆས་འཚོལ་སྡུད་ཁྲོད་ནར་སོན་པ་མིན་མོད།འོན་ཏེ།འདུ་ཤེས་ལྡན་པའི་སྒོ་ནས་རང་ཉིད་མངའ་ཐང་རྒྱས་སུ་འཇུག་པ་ཡིན།མིའི་རིགས་ཀྱི་ཤེས་རིག་ལྡན་པའི་འཕེལ་འགྱུར་བརྒྱུད་རིམ་ཁྲོད།མིའི་རིགས་ཀྱིས་ཡང་བསྐྱར་རང་སྟེང་ནས་ངོས་ཟིན་གྱི་ཤེས་རྟོགས་བྱུང་།ཤེས་རིག་ལྡན་པའི་སྒྲིག་སྲོལ་དེས་ནི་ལུ་གུ་རྒྱུད་ལྟར་གྱི་འདུ་ཤེས་རྨང་བྱས་ཏེ་སྒྲིག་འཛུགས་སྒོས།མི་དང་མིའི་ཕན་ཚུན་བར་གྱི་འདུ་ཤེས་ནས་མི་དང་རང་བྱུང་འབྲེལ་བའི་འདུ་ཤེས་ཆགས་པས་སོ།།

མི་ནི་རང་སྟེང་ནས་བསམ་གཞིག་བྱེད་ཤེས་པའི་སྲོག་ཆགས་ཤིག་ཡིན་ཞིང་།མིའི་རིགས་མདུན་བསྐྱོད་ཀྱི་གོམ་པ་རེ་རེར་རྐང་བར་བསྟེན་ནས་བགྲོད་པ་སྟེ།དོན་དངོས་སུ་དེ་ནི་བསམ་བློའི་འདུ་ཤེས་ལྡན་པའི་སྒོ་ནས་བགྲོད།འདུ་ཤེས་ལྡན་པའི་ཡར་ཐོན་ཡོང་གྱུར་ཚེ།གཟོད་སྤྱི་ཚོགས་ལ་ཡར་རྒྱས་ཡོད།ཧྥ་རན་སིའི་མིང་གྲགས་བསམ་བློ་པ་པཱོ་སི་ཁ་ཡི་ལེགས་བཤད་ཚིག་དུམ་ཅིག་གི་ནང་དུ།མི་ནི་རྩི་ཤིང་ཉག་གཅིག་དང་འདྲ་སྟེ།རང་བྱུང་སྟེང་གི་ཉམས་ཆུང་འཁོས་ཞན་གྱི་དངོས་པོ་ཞིག་ཡིན་མོད།དེ་ནི་མནོ་བསམ་བྱ་ཤེས་ཤིག་སྟེ།ང་ཚོའི་བསམ་བློར་རྩིས་ཐང་གོང་སྤྲོད་བྱེད་དགོས།དེ་སྔོན།ཨ་མེ་རི་ཁའི་འགན་སྲུང་རིང་ལུགས་བསམ་བློ་པ་ལེའུ་ཁྲ་ཏུ•བེའུ་ཧྥོས་མཛད་པའི་༼ འདུ་ཤེས་ཀྱི་བསྐྱེད་འབྲས༽་ཁྲོད་མི་རྣམས་ལ་བསླབ་སྟོན་གནང་རྒྱུར།འདུ་ཤེས་ཀྱི་སྟོབས་ཤུགས་ལ་སྣང་མེད་མ་བསྐྱུར་ཅིགམིའི་རིགས་ཀྱི་ལོ་རྒྱུས་བསྐྱར་གསོན་བྱེད་ན་འདུ་ཤེས་དེ་གས་བསྐྱེད་པའི་ལོ་རྒྱུས་གསར་བཟོ་གནང་མི་ཐུབ་པ་མ་གཏོགས།གང་ལྟར་འདུ་ཤེས་ལྡན་པའི་སྒོ་ནས་ལོ་རྒྱུས་ཀྱི་བདེན་པ་སྲུང་ཐུབ།སྐྱུག་བྲོ་བའི་འདུ་ཤེས་དེ་གས་བསྐྱེད་པའི་ལོ་རྒྱུས་འཁྱོག་བསྒྱུར་དུ་མངོན།རྒྱུ་དང་འབྱོར་བའི་དབང་གིས་ནི་རྒྱལ་ཁབ་ཀྱི་བར་ཐག་འབྱེད་པ་མ་ཡིན་མོད།དེ་ནི་འདུ་ཤེས་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ཧེ་བག་འབྱེད།ཙི་ནའི་མི་རྣམས་ཀྱིས་ནམ་རྒྱུན་གཡམ་རྒྱུགས་ལ་འབད་ཅིང་།འདུ་ཤེས་སྣང་མེད་དུ་འཇོག ད་དུང་འགུལ་སྐྱོད་བྱས་ཚེ་མཇུག་འབྲས་བསམ་མོད་ཀྱི།འདུ་ཤེས་ལ་བརྩི་མཐོང་བྱེད་མི་སྲིད།དོན་དངོས་སུ་འགུལ་བསྐྱོད་ལྟར།འདུ་ཤེས་ལ་མཇུག་འབྲས་བདོག ཏན་ཏན་དོན་སྙིང་གཞན་ཞིག་གི་སྟེང་ནས་བཤད་ན།འདུ་ཤེས་ན་ནི་འགུལ་བསྐྱོད་དོ།།

དངོས་གཙོ་རིང་ལུགས་ཀྱིས།མི་ནི་འདུ་ཤེས་ལྡན་པའི་སྲོག་ཆགས་ཡིན་པ་ཁས་མི་ལེན་མོད།མི་ནི་དངོས་པོའི་སྣང་ཚུལ་ཞིག་ཏུ་སྙམ།མིས་ནི་བདག་དབང་བརྩོན་ལེན་ཤེས་ཤིང་ཡུལ་དངོས་བརྟག་དཔྱད་ལ་མཁས།དངོས་གཙོའི་ལྟ་བར་ངེས་པར་དུ་མི་སྣ་ཅན་དེ་འགན་གཙང་ལེན་གྱི་བདག་དབང་བཀོད་འདོམས་འཕྲུལ་ཆས་སུ་བསྒྱུར་སྟེ།འདུ་ཤེས་ལ་ཡིད་རྟོན་མི་འཕེར་མ་ཟད།ཕན་ནུས་ལ་ཡིད་རྟོན་འཕེལ་ཞིང་།ལྷག་དོན་ནི་དྲག་ཤུགས་སོ།ད་ཕན་ཚུན་ཆད་དུ།ཙི་ན་མིས་ཀྱང་སེམས་གཙོ་ལ་དགའ་བ་ལས་དངོས་གཙོ་ལ་དགའ།འདུ་ཤེས་ཀྱི་གལ་ཆེན་ལ་དགའ་བ་ལས།འཁྲུལ་བའི་འདུ་ཤེས་ལ་ཡིད་རྟོན་འཕེར་བར་དགའ།འདུ་ཤེས་ཀྱི་གལ་ཆེན་ལ་ཡིད་རྟོན་འཕེར་བ་ལས།གནད་ཀྱི་དོན་པོ་ལ་ཡིད་རྟོན་འཕེར་བར་དགའ།

ཧྥ་རན་སིའི་འདས་གྲོངས་སུ་གྱུར་བའི་བསམ་བློ་པ་ལེའུ་མིན·ཨ་ལོན་གྱིས་མཛད་པའི་༼  ཤེས་ཡོན་པའི་ཉལ་ཐ ༽འི་ནང་བསྟན་དོན་འདུ་ཤེས་ནི་མཐའ་གཉིས་འགངས་ཆེན་སྟེ། སྤྱི་ཚོགས་གང་དེའི་ནང་དུའང་།དཔལ་འབྱོར་ངོ་བོ་དང་།ཆབ་སྲིད་ངོ་བོ།ཡང་ན་ཆོས་ལུགས་ངོ་བོ་གང་ཡིན་ནའང་།དེ་ལྟར་མིའི་ཀླད་པའི་ནང་གི་འཁོར་བསྐྱོད་ཀྱི་འདུ་ཤེས་ལ་བསྟེན་ཏེ་འཕེལ་འགྱུར་བྱུང་།འདུ་ཤེས་ནི་མི་རེ་རེའི་མདུན་བསྐྱོད་ཀྱི་སྔོན་འགྲོ་ཡིན།ལོ་རྒྱུས་ཀྱི་ངོས་ནས་བལྟས་ཙ་ན།རྒྱུན་དུ་འདུ་ཤེས་འགུལ་སྐྱོད་སྔོན་འགྲོ་འགྱུར་ན་ནི་གཟོད་སྤྱི་ཚོགས་ཆབ་སྲིད་སྒྲིག་གཞི་གྲུབ་པ་ཡིན།མིའི་རིགས་ཀྱི་ངོས་ལེན་ནི་ཧམ་སེམས་དང་འདུ་ཤེས་སོ།འདོད་བློར་ཡིད་ཚིམ་པའི་བསྐོང་ཐབས་སུ།དེ་ནི་འདུ་ཤེས་ལ་རག་ལས་ཤིང་ཐག་གཅོད་བྱེད།མིའི་རིགས་ཀྱི་ལོ་རྒྱུས་ལ་ཤས་ན་ནི་འདུ་ཤེས་སྒོས་གྲུབ་པ།རིམ་འགྱུར།འཚོ་གནས་ལོ་རྒྱུས་ཡིན།འདུ་ཤེས་ནི་དངོས་ཡོད་ཀྱི་ཆ་ཤས་ཤིག་ཡིན་མོད་ཀྱི།སྒོས་སུ་དངོས་ཡོད་ཀྱི་ཤུགས་རྐྱེན་ནུས་པ་ཅི་བས་ཆེ།འདུ་ཤེས་ཀྱིས་ནི་བློ་སྒོ་འབྱེད་དང་།མདུན་སྐྱོད།དེ་ལྟ་མོད་ཀྱི།འདུ་ཤེས་བརྟན་ཆགས་སྒོས་ཤེས་རིག་གི་འཕེལ་རྒྱས་འདོན་སྤྲོད་བགྱི་བ་རེད།འདུ་ཤེས་དེ་ལྟར་རང་དབང་ལ་ཕྱོགས་ཆེ་ཞིང་།སྒྲོག་སྤེལ།འདུ་ཤེས་ལྡན་པའི་སྒོ་ནས་གནད་དམ་པར་འཛིན།འདུ་ཤེས་ཀྱིས་སྒྲོག་སྤེལ་བྱེད་མ་ཐུབ་ཚེ།ཐོན་སྐྱེད་ཕན་ཡོན་འདེགས་མི་བཏུབ།འདུ་ཤེས་མེད་ཚེ་ཕན་ཡོན་གྱི་ཡུལ་དངོས་མེད་པ་མ་ཟད།ཤེས་རིག་ནི་ཕན་ཡོན་མེད་དོ།དེའི་ཕྱིར།འདུ་ཤེས་གཙོ་བོར་འཛིན་འོས།ལྷག་དོན་འཁྲུལ་མེད་ཀྱི་འདུ་ཤེས་འཛིན་འོས།
                                                                 2016ལོའི་ཟླ་དང་པོའི་ཉིན་19བསྒྱུར་གྲུབ།

  མཚོ་སྐྱེས་ལྷ་མོས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ནི་འདུ་ཤེས་ལྡན་པའི་སྲོག་ཆགས་ཤིག་ཡིན།

2016-10-10 ལོའུ་ཅིན་ཉིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།