རང་དབང་།(ཚན་བཤུས)

པཱོ་ཨར•ཨེ་ལོའུ་ཡ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-11-13


ངའི་སློབ་མ་ཆུང་ཆུང་གི་སྦྱང་དེབ་སྟེང་དུ།
ང་ཚོའི་དཔེ་ཁྲིའི་སྟེང་དང་སྡོང་བོའི་སྟེང་དུ།
བྱེ་ཕུང་དང་ཁ་བའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད། 

བཀླགས་མྱོང་བའི་ཤོག་ལྷེ་ཡོད་ཚད་ཀྱི་སྟེང་དུ།
ངོས་ཡོངས་སྟོང་བ་ཡིན་པའི་ཤོག་ལྷེ་ཡོད་ཚད་ཀྱི་སྟེང་དུ།
རྡོ་བ་དང་།    ཁྲག   ཤོག་བུའམ་ཐལ་རྡུལ་གྱི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

གསེར་མདོག་གི་སྣང་བརྙན་སྟེང་དུ།
འཐབ་མོ་བའི་དཔུང་བའི་སྟེང་དུ།
རྒྱལ་བོ་ཡི་ཅོད་པན་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ནགས་ཀྱི་ཡལ་འདབ་སྟེང་དང་བྱེ་ཐང་གི་སྟེང་དུ།
བྱ་ཚང་གི་སྟེང་དང་ལྕུག་ཕྲན་གྱི་སྟེང་དུ།
ང་ཡི་བྱིས་དུས་ཀྱི་སྐད་སྒྲའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

མཚན་དགུང་གི་ངོ་མཚར་སྟེང་དུ།
ཉིན་དཀར་གྱི་བག་ལེབ་དཀར་པོའི་སྟེང་དུ།
གཉེན་སྟོན་གྱི་དུས་ཚིགས་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ང་ཡི་གནམ་སྔོན་མོའི་གོས་ཧྲུལ་སྟེང་དུ།
རླམ་ཁྱེར་གྱི་ཉི་མའི་རྫིང་བུའི་སྟེང་དུ།
ཟླ་འོད་མཚེའུའི་འགྲམ་རྒྱུད་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ས་ཞིང་གི་ནང་དང་གནམ་མཐའ་རུ།
བྱེའུ་ཡི་གཤོག་ཟུང་སྟེང་དང་།
གྲིབ་ནག་འོག་གི་རླུང་བསྐོར་རང་འཐག་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ཞོགས་པ་རེ་རེའི་ཉི་འོད་སྟེང་དུ།
མཚོ་ཐོག་དང་གྲུ་གཟིངས་སྟེང་དུ།
སྨྱོ་ཧམ་ཆེ་བའི་རི་བོའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

སྤྲིན་གྱི་སྔོ་དྲེག་སྟེང་དུ།
ཆར་རླུང་དྲག་པོའི་ཐིགས་པ་ཡི་སྟེང་དུ།
མཐུག་ཅིང་དྲི་མ་མེད་པའི་ཆར་བའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

རེ་འདུན་མེད་པའི་གྱེས་བྲལ་གྱི་སྟེང་དུ།
དམར་རྗེན་ལ་གསལ་བའི་ཁེར་རྐྱང་གི་སྟེང་དུ།
འཆི་བའི་སྐས་འཛེག་གི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

བསྐྱར་གསོ་བྱུང་བའི་བདེ་ཐང་གི་སྟེང་དུ།
ཡལ་བར་གྱུར་བའི་ཉེན་མཆོང་གི་སྟེང་དུ།
དྲན་ཤེས་མེད་པར་གྱུར་བའི་རེ་བ་ཡི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

དེ་ནས་ཡིག་འབྲུ་གཅིག་གི་སྟོབས་ཤུགས་ཀྱི་དབང་གིས།
ངས་རང་གི་འཚོ་བ་གསར་དུ་འགོ་བརྩམས།
ང་རང་འཇིག་རྟེན་འདིར་འཚོ་བ་ཁྱོད་ཉིད་ངོ་ཤེས་པའི་ཆེད་དང་།
ཁྱོད་ཀྱི་མིང་ནས་འབོད་པའི་ཆེད་དུ་ཡིན།
རང་དབང་།

                                 དམག་གིས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་དབང་།(ཚན་བཤུས)

2017-11-13 པཱོ་ཨར•ཨེ་ལོའུ་ཡ། ཀློག་གྲངས། མཆན ཡོད།


ངའི་སློབ་མ་ཆུང་ཆུང་གི་སྦྱང་དེབ་སྟེང་དུ།
ང་ཚོའི་དཔེ་ཁྲིའི་སྟེང་དང་སྡོང་བོའི་སྟེང་དུ།
བྱེ་ཕུང་དང་ཁ་བའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད། 

བཀླགས་མྱོང་བའི་ཤོག་ལྷེ་ཡོད་ཚད་ཀྱི་སྟེང་དུ།
ངོས་ཡོངས་སྟོང་བ་ཡིན་པའི་ཤོག་ལྷེ་ཡོད་ཚད་ཀྱི་སྟེང་དུ།
རྡོ་བ་དང་།    ཁྲག   ཤོག་བུའམ་ཐལ་རྡུལ་གྱི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

གསེར་མདོག་གི་སྣང་བརྙན་སྟེང་དུ།
འཐབ་མོ་བའི་དཔུང་བའི་སྟེང་དུ།
རྒྱལ་བོ་ཡི་ཅོད་པན་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ནགས་ཀྱི་ཡལ་འདབ་སྟེང་དང་བྱེ་ཐང་གི་སྟེང་དུ།
བྱ་ཚང་གི་སྟེང་དང་ལྕུག་ཕྲན་གྱི་སྟེང་དུ།
ང་ཡི་བྱིས་དུས་ཀྱི་སྐད་སྒྲའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

མཚན་དགུང་གི་ངོ་མཚར་སྟེང་དུ།
ཉིན་དཀར་གྱི་བག་ལེབ་དཀར་པོའི་སྟེང་དུ།
གཉེན་སྟོན་གྱི་དུས་ཚིགས་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ང་ཡི་གནམ་སྔོན་མོའི་གོས་ཧྲུལ་སྟེང་དུ།
རླམ་ཁྱེར་གྱི་ཉི་མའི་རྫིང་བུའི་སྟེང་དུ།
ཟླ་འོད་མཚེའུའི་འགྲམ་རྒྱུད་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ས་ཞིང་གི་ནང་དང་གནམ་མཐའ་རུ།
བྱེའུ་ཡི་གཤོག་ཟུང་སྟེང་དང་།
གྲིབ་ནག་འོག་གི་རླུང་བསྐོར་རང་འཐག་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

ཞོགས་པ་རེ་རེའི་ཉི་འོད་སྟེང་དུ།
མཚོ་ཐོག་དང་གྲུ་གཟིངས་སྟེང་དུ།
སྨྱོ་ཧམ་ཆེ་བའི་རི་བོའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

སྤྲིན་གྱི་སྔོ་དྲེག་སྟེང་དུ།
ཆར་རླུང་དྲག་པོའི་ཐིགས་པ་ཡི་སྟེང་དུ།
མཐུག་ཅིང་དྲི་མ་མེད་པའི་ཆར་བའི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

རེ་འདུན་མེད་པའི་གྱེས་བྲལ་གྱི་སྟེང་དུ།
དམར་རྗེན་ལ་གསལ་བའི་ཁེར་རྐྱང་གི་སྟེང་དུ།
འཆི་བའི་སྐས་འཛེག་གི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

བསྐྱར་གསོ་བྱུང་བའི་བདེ་ཐང་གི་སྟེང་དུ།
ཡལ་བར་གྱུར་བའི་ཉེན་མཆོང་གི་སྟེང་དུ།
དྲན་ཤེས་མེད་པར་གྱུར་བའི་རེ་བ་ཡི་སྟེང་དུ།
ངས་ཁྱོད་ཀྱི་མིང་ཡིག་བྲིས་ཡོད།

དེ་ནས་ཡིག་འབྲུ་གཅིག་གི་སྟོབས་ཤུགས་ཀྱི་དབང་གིས།
ངས་རང་གི་འཚོ་བ་གསར་དུ་འགོ་བརྩམས།
ང་རང་འཇིག་རྟེན་འདིར་འཚོ་བ་ཁྱོད་ཉིད་ངོ་ཤེས་པའི་ཆེད་དང་།
ཁྱོད་ཀྱི་མིང་ནས་འབོད་པའི་ཆེད་དུ་ཡིན།
རང་དབང་།

                                 དམག་གིས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།