གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྡུམ་རའི་དྲི་བཟང་།

2018-07-30 12:30:01 ཧྥུ་རེ་ཡེའི་རོལ་དབྱངས་ཚོགས་པས་བླངས། ཀློག་གྲངས། མཆན ཡོད།


             Garden Sweet Smells

                          by: The Frey’s

                           ཧྥུ་རེ་ཡེའི་རོལ་དབྱངས་ཚོགས་པས་བླངས།

I was walking down a little path
Pink roses on either side
Garden sweet smells pass
It filled up my insides

ང་ནི་ལམ་ཕྲན་བརྒྱུད་ནས་ཕར་ལ་ཕྱིན།།
ལམ་འགྲམ་གཡས་གཡོན་རྒྱ་སེ་མེ་ཏོག་བཞད།།
ལྡུམ་རའི་དྲི་བཟང་ཕྱོགས་བཞི་ཀུན་ཏུ་ཁྱབ།།
ང་ཡི་ཡིད་ཀྱི་ཚལ་ན་ལྡང་ཞིང་རྒྱུ།།

 I’m just waiting for my true love to come
To hear her voice, it is like white bells
Her sisters came, they said she’s coming soon
Where will we go?
I don’t know, I’ll just follow her

ངས་ནི་ལས་ཀྱི་སྐྱ་ཡར་སྒུག་ནས་ཡོད།།
ཁོང་མོའི་གསུང་སྐད་དྲིལ་ཆུང་ཐོས་ལ་བྲེལ།།
གཅེས་མོ་སླེབས་ནས་མོ་རང་ཡོང་གི་གསུངས།།
གར་འགྲོ་དྲིས་པས་ཁོང་མོའི་ཐུགས་དང་བསྟུན།།

Brick walls and bird songs
Gladness fills the air
Springtime dances pure and strong
And all’s lovely and fair

མཁར་གྱང་དམར་པོ་བྱེའུའི་སྐད་སྙན་མཛེས།།
དགའ་སྤྲོའི་རྣམ་པས་མཁའ་དབུགས་ཡོངས་སུ་ཁྱབ།།
དཔྱིད་ཀྱི་དཔལ་མོས་བདེ་དགའ་སྟངས་སྟངས་བསྒྱུར།།
ཡོད་ཚད་བདེ་ཞིང་སྐྱིད་པའི་དཔལ་དུ་ཤར།།

 I’m just waiting for my true love to come
To hear her voice, it is like white bells
Her sisters came, they said she’s coming soon
Where will we go?
I don’t know, I’ll just follow her

ངས་ནི་ལས་ཀྱི་སྐྱ་ཡར་སྒུག་ནས་ཡོད།།
ཁོང་མོའི་གསུང་སྐད་དྲིལ་ཆུང་ཐོས་ལ་བྲེལ།།
གཅེས་མོ་སླེབས་ནས་མོ་རང་ཡོང་གི་གསུངས།།
གར་འགྲོ་དྲིས་པས་ཁོང་མོའི་ཐུགས་དང་བསྟུན།།

I noticed a feeling from inside
A novel form of joy
Crisp like crystal ocean tide
Each moment is glory

ངས་ནི་རང་གི་སེམས་ཀྱི་གསང་བ་ཚོར།།
དེ་ནི་ལུས་སེམས་བདེ་བའི་ཆ་ཞིག་སྟེ།།
སྤྲོ་བའི་རླབས་ཀྱི་ཟེགས་མཁའ་ལ་ཕྱུར།།
ད་ནི་མཛེས་པའི་དཔལ་གྱིས་ཡོངས་སུ་ཕྱུག།

I’m just waiting for my true love to come
To hear her voice, it is like white bells
Her sisters came, they said she’s coming soon
Where will we go?
I don’t know, I’ll just follow her

ངས་ནི་ལས་ཀྱི་སྐྱ་ཡར་སྒུག་ནས་ཡོད།།
ཁོ་མོའི་གསུང་སྐད་དྲིལ་ཆུང་ཐོས་ལ་བྲེལ།།
གཅེས་མོ་སླེབས་ནས་མོ་རང་ཡོང་གི་གསུངས།།
གར་འགྲོ་དྲིས་པས་ཁོང་མོའི་ཐུགས་དང་བསྟུན།།

                           Translated by Namgyal Drolma

                                       རྣམ་རྒྱལ་སྒྲོལ་མས་བསྒྱུར།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།