དུས་ཚོད་ཀྱིས་ཁྱེད་རང་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྒྱུར་སྲིད།

  སྤྱི་ལོ་༡༩༠༢ལོར།དགུང་ལོ་༢༧སོན་མ་ཐག་ཡིན་པའི་སྙན་ངག་པ་ལེའར་ཁེ་དགུང་ལོ་༦༢ལ་སོན་པའི་རི་མོ་བ་དང་འཇིམ་བཟོ་མཁས་ཅན་ལོ་ཏན་གྱི་ལས་རོགས་སུ་གདན་ཞུ་བྱས་ཤིང་། སྤྱི་ཚོགས་ཀྱི་གར་སྟེགས་ཐོག་ཏུ་གོམ་པ་སྤོ་མ་ཐག་ཡིན་པའི་སྙན་ངག་པའི་སེམས་སུ་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་སྐུ་ཞབས་ལོའོ་ཏན་གྱི་འཚོ་བ་ནི་འཆར་ཡན་གྱིས་ཕྱུག་ཅིང་། གང་དགའ་གང་སྐྱིད་ཀྱི་འཚོ་བ་བདེ་སྐྱིད་དང་ལྡན་པ་ཞིག་ལོངས་སུ་སྤྱོད་ཀྱི་ཡོད་པར་བསམས། ཡིན་ནའང་། ཁོས་བསམ་བཀོད་བྱས་པ་དང་དོན་དངོས་གཉིས་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་སྟེ།བསམ་ཡུལ་ལས་འདས་པ་ཞིག་ལ་སྐུ་ཞབས་ལོ་ཏན་གྱི་འཚོ་བ་ནི་ཉིན་ལྟར་ཁེར་རྐྱང་དུ་རི་མོ་ཁང་ཁོ་ནར་མགོ་འཁོར་རྒྱུ་དེ་ཙམ་ཡིན་པ་རེད།

  ཉིན་ཞིག ལེའར་ཁེས་ལོ་ཏན་ལ། ཇི་ལྟར་བྱས་ནས་རྒྱུ་ཆ་གལ་ཆེན་ཞིག་བཙལ་བ་བརྒྱུད་དེ་རང་ཉིད་ཀྱི་ཡོད་ཚད་མངོན་མཚོན་བྱེད་དགོས་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། ལོ་ཏན་གྱིས་བསམ་གཞིགས་ཅུང་ཟད་བྱས་རྗེས་ནན་ཏན་གྱི་ངང་ནས། ངེས་པར་དུ་ལས་ཀ་བྱེད་དགོས། ལས་ཀ་བྱེད་དགོས་པ་མ་ཟད། ངང་རྒྱུད་རིང་པོ་ཡོད་དགོས་ཞེས་གསུངས་པ་རེད།

  རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་མི་ཉུང་ཤས་ཤིག་ཐུན་མོང་མ་ཡིན་པར་ཇི་ལྟར་འགྱུར་བ་རེད་དམ། དེ་ནི་ངའི་བསམ་པར་ལོ་ཏན་གྱིས་དངོས་གནས་གསང་བ་ཞིག་གསུངས་ཡོད་པ་སྟེ། ལས་ཀ་བྱེད་པ་དང་ངང་རྒྱུད་རིང་པོ་ཡོད་དགོས་པ་གཉིས་ཡིན་པ་རེད།

  ཡིན་ནའང་། ན་སོ་གཞོན་དུས་ཀྱི་སྐབས་སུ། ང་ཚོ་མང་པོ་ཞིག་གིས་༼སྦྱངས་མ་ཐག་ནས་མཁས་པའི་གོ་འཕང་འཐོབ་༽ན་བསམ་གྱི་ཡོད་ལ། ཀྲང་ཨེ་ལིན་གྱིས་ཀྱང་། ན་སོ་གཞོན་དུས་སྟོང་གསུམ་སྐད་ཀྱིས་ཆོད་ཐུབ་པ་བྱ་དགོས་ལ། གལ་ཏེ་ན་སོ་གཞོན་ནུས་ལེགས་གྲུབ་མ་བྱུང་ན། སྤྲོ་སྣང་ཡང་དེ་ཙམ་འཕེལ་མི་སྲིད་ཅེས་བཤད་མྱོང་ཡོད་ལ། སྐད་ཆ་དེས་ན་གཞོན་མང་པོ་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་བཏང་ཡོད་པ་རེད།

  དོན་དངོས་ཐོག གལ་ཏེ་ཁྱེད་རང་གི་མི་ཚེ་འདི་རྒྱང་རྒྱུག་འགྲན་བསྡུར་ཞིག་ཡིན་པར་ཆ་བཞག་ན། རྒྱང་རྒྱུག་འགྲན་བསྡུར་འགོ་བཙུགས་མ་ཐག་གི་རྨིད་ཆིག་སྟོང་ནང་ཚུན་དུ་ཨང་དང་པོ་འཐོབ་མིན་དེ་ཁྱེད་ཀྱིས་ངོས་ནས་བཤད་ན་གལ་འགངས་ཆེན་པོ་ཞིག་གཏན་ནས་མ་ཡིན་པ་དེ་དང་གཅིག་མཚུངས་རེད།

  ངའི་ཉེ་འཁོར་དུའང་ཕུལ་དུ་བྱུང་བའི་མི་སྣ་མི་ཉུང་བ་ཡོད་ཅིང་། ཁོང་ཚོ་འཇིག་རྟེན་པའི་དོན་སྙིང་སྟེང་ནས་བཤད་ན་ཚང་མ་ལེགས་གྲུབ་བྱུང་བའི་མི་སྣ་ཤ་སྟག་རེད་ལ། ཁོང་ཚོ་ཚང་མར་ཐུན་མོང་གྱི་ཁྱད་ཆོས་གཅིག་ཡོད་པ་ནི་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བྱ་བ་བསྒྲུབ་པ་དེ་ཡིན།

  ངས་རྒྱུས་མངའ་ཡོད་པའི་ཀྲུང་གོའི་དཔལ་འབྱོར་རིག་པ་མཁས་ཅན་གྱི་ཁྲོད་ནས་ཀྲང་ཝུ་ཁྲང་ནི་ལྷན་སྐྱེས་ཤེས་རབ་མཐོན་པོ་ཡོད་པའི་མི་སྣ་ཞིག་ཡིན་ཞིང་། ཁོང་དགུང་ལོ་བཞི་བཅུ་ལྷག་ཙམ་གྱི་སྐབས་སུ་ཅུང་ཙམ་མ་གཏོགས་ཁོང་ལ་ནོ་པེའར་དཔལ་འབྱོར་རིག་པའི་བྱ་དགའ་འཐོབ་པ་རེད་ལ། ཁོང་ནི་བརྩོན་འགྲུས་ཧ་ཅང་ཆེ་བའི་མི་ཞིག་ཡིན་པ་སྟེ། ན་སོ་གཞོན་དུས་ཁོང་གིས་༼ཞིང་པའི་དཔྱ་ཁྲལ་གཞུང་ལུགས་༽འབྲི་རྒྱུའི་ཆེད་དུ་སྒམ་བཅུ་གྲངས་ཁ་ཤས་ཡོད་པའི་གདོད་མའི་ཡིག་ཚགས་ཚང་མ་རེ་རེ་བཞིན་དབྱེ་གསེས་བྱས་ལ། ལས་རྙོག་དེ་ལྟ་བུ་ནི་འབུམ་རམས་པ་མང་པོ་ཞིག་གིས་བྱེད་འདོད་གཏན་ནས་མེད་པ་རེད། ད་ལྟ། ཁོང་དགུང་ལོ་བརྒྱད་བཅུར་སོན་ལ་ཉེ་བའི་རྒད་པོ་ཞིག་ཡིན་ནའང་ཁོང་གིས་ད་དུང་གཟའ་འཁོར་རེར་ཡིག་འབྲུ་ཆིག་སྟོང་ལྔ་བརྒྱ་ཡན་གྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་ཡིག་བྲིས་དང་འབྲི་མུས་ཡིན་པ་རེད།

  ད་དུང་ངས་རྒྱུས་མངའ་ཡོད་པའི་ནུབ་ཕྱོགས་ཤེས་ཡོན་ཅན་གྱི་ཁྲོད་ནས་དབྱིན་ཇིའི་ཉིའར་ཧྥུ་ཀེ་སན་ནི་ཀུན་གྱི་ཁས་ལེན་ཐོབ་པའི་བྱིས་པ་རིག་རྒོད་ཅིག་ཡིན་ཞིང་། ཁོང་གིས་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ནི་ལོ་རྒྱུས་རིག་པ་དང་། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ་གསུམ་ལས་བརྒལ་ཡོད་པས། དགུང་ལོ་སུམ་ཅུར་མ་སོན་གོང་ནིའུ་ཅིན་སློབ་ཆེན་གྱིས་ཞིབ་འཇུག་པར་གདན་ཞུ་བྱས་ཤིང་། དགུང་ལོ་བཞི་བཅུར་སོན་སྐབས་༼དུས་རབས་༽གཟའ་འཁོར་དུས་དེབ་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་སྦྱིན་པའི་མི་སྣ་བརྒྱའི་ནང་ཁོངས་སུ་བདམས་ཡོད་པ་རེད།

  ཡིན་ནའང་ཁོང་གི་འབད་བརྩོན་ནི་སྤྱིར་བཏང་གི་མིས་བསྡུར་ཐུབ་པ་ཞིག་མ་ཡིན་ཏེ། ༼ལོ་སེ་ཁྲེའར་ཏེའི་ཁྱིམ་རྒྱུད།༽ཅེས་པའི་དཔེ་དེབ་འབྲི་སྐབས། ཁོང་དང་ལས་རོགས་ཀྱིས་ལོ་སེའི་ཁྱིམ་རྒྱུད་ཀྱི་ལོ་ངོ་བརྒྱ་ཡན་གྱི་ཁྱིམ་ཡིག་ཁྲི་ལྷག་ཙམ་དང་ལྗིད་ཚད་ལ་ཏུན་གཅིག་གཉིས་ཙམ་ཡོད་པའི་གདོད་མའི་ཡིག་ཆ་ཚང་མ་ལྟ་ཀློག་བྱས་ཡོད་པ་རེད།

  དེར་བརྟེན། ཁོང་ཚོ་གཞན་ལས་ཁྱད་དུ་འཕགས་པའི་རྒྱབ་ངོས་ན། མི་གཞན་ལ་བཤད་དུ་མི་བཏུབ་པའི་དཀའ་སྤྱད་སྡུག་འཁུར་མང་དག་བྱས་ཡོད་ཅིང་། ཁོང་ཚོས་དེ་ལྟར་སྟབས་བདེ་པོའི་ངང་ནས་རྒྱང་དུ་རྒྱུགས་ལ། སྟབས་བདེ་པོའི་ངང་ནས་ལས་ཀ་བསྒྲུབ་ཅིང་། ཁོང་ཚོས་ལས་ཀ་བྱེད་དགོས་དོན་ཡང་། ལས་ཀ་དེ་ཁོ་ནའི་དོན་སྙིང་ཆེད་དུ་ཡིན་པ་ལས། ལེགས་གྲུབ་ཡོང་བ་ཁོ་ན་ཙམ་གྱི་ཆེད་དུ་མ་ཡིན་སྟེ། ཁོང་ཚོས་ནུས་ཤུགས་གང་ཡོད་ཀྱིས་ལས་ཀ་བྱས་པ་བརྒྱུད་ནས་གཅིག་བྱས་ན་རང་ཤུགས་སུ་ལེགས་འགྲུབ་ཡོང་སྲིད་ལ། གཅིག་བྱས་ན་ནམ་ཡང་ལེགས་འགྲུབ་ཡོང་དཀའ་མོ་ཡིན་པ་རེད།

  དེ་བཞིན། ཐུན་མོན་མ་ཡིན་པའི་དངོས་པོ་ཞིག་ཡིན་ནའང་། དེ་གསར་བཟོ་བྱེད་པའི་བརྒྱུད་རིམ་ནང་དུ་ལས་ཀ་མང་པོ་ཞིག་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་དགོས་པས་ངང་རྒྱུད་རིང་པོ་ཡོད་དགོས་པ་ཡིན།

  ད་བར་དུ་དར་ཁྱབ་བྱུང་བའི་མིང་ཆིང་རྒྱལ་རབས་ཀྱི་དཀར་ཡོལ་ཁག་གི་ནང་ནས། སེ་རུའི་ཁྲ་ཐིག་ཡོད་པའི་དཀར་ཡོལ་ནི་རིན་གོང་མཐོ་ཤོས་ཡིན་ཞིང་། དཀར་ཡོལ་གཅིག་ལག་ལ་རག་རྒྱུ་ཧ་ཅང་ཁག་པོ་ཡིན་པ་རེད་ལ། ལོ་ཟླ་རིང་མོ་ཞིག་གི་ནང་དུ་མི་ཚོས་ཁོ་རྒྱུ་ཆ་གང་དག་སྤྱད་ནས་བཟོས་པ་ཞིག་ཡིན་པ་རྟོགས་ཀྱི་མེད་པ་རེད། རྗེས་སུ། ཝང་ཧྲེ་ལང་གིས་ཁོའི་དེབ་ཀྱི་ནང་དུ་གཞི་ནས་གསང་བ་དག་ཕྱི་ལ་གྱར་ཡོད་པ་སྟེ། ཁོའི་བཟོ་རྩལ་གྱི་བརྒྱུད་རིམ་ནི། ལག་ཤེས་མི་སྣས་སེ་རུའི་ཁྲ་རིས་བཟོ་སྐབས། སྔོན་ལ་སྐྱ་ཚོན་གྱི་ཕྱེ་མས་རིལ་བུ་རེ་རེའམ་དབྱིབས་ནར་མོ་མཐོ་ཙམ་གཤམ་དུ་སྤུངས་དགོས་ལ། དེ་རྨང་གཞི་ཡིན་ཞིང་། དེའི་སྟེང་དུ་ཚོས་གཞི་མི་འདྲ་བ་བྱུགས་དགོས་ལ། དེ་མཐུག་ཙམ་བྱུགས་དགོས་པ་ཡིན་ལ། དེ་ནི་དཀྱིལ་ལམ་ངོས་ཡིན་པ་རེད། དེའི་རྗེས་ཚོན་དེ་དག་སྐམ་པོར་གྱུར་སྐབས་ངོས་སྙོམས་པོར་བརྡར་ནས་མདངས་ཐོན་པ་བྱ་དགོས་ཤིང་། ངོས་དེ་འཇམ་པོར་གྱུར་སྐབས་ཞིབ་ཚགས་ལ་བང་རིམ་མང་བའི་ཚོན་གྱི་ཁྲ་རིས་མངོན་ཐུབ་ཀྱི་ཡོད་པ་རེད།

  ངས་གསང་བ་དེ་ཀློག་པའི་སྐབས་སུ། གློ་བུར་དུ་རང་དབང་མེད་པར་གད་མོ་ཤོར་བྱུང་།

  ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་མི་དང་བྱ་དངོས་གང་འདྲ་ཞིག་ཡིན་ནའང་དོན་དངོས་ཐོག་དེ་དག་ཚང་མ་ནི་ཁེར་རྐྱང་གི་ཁྲོད་དུ་འབད་བརྩོན་ལྷོད་མེད་བྱས་པ་ཞིག་ཡིན་པ་ནི་སྔོན་འགྲོ་ཡིན་ཞིང་། དེའི་ཐོག་ཏུ་ཡང་ན་ཁྲག་དང་ཡང་ན་རྔུལ་ཆུ། ཡང་ན་འོད་སྟོང་འབར་བའི་ལང་ཚོའི་དུས་སྐབས་མང་པོ་དང་མང་པོ་བེད་སྤྱད་པ་ལས་ད་གཟོད་ལེགས་གྲུབ་བྱུང་བ་ཤ་སྟག་ཡིན་པ་རེད།

དབྱངས་ལྷ་མོས་བསྒྱུར།

                                                                                                 ༢༠༢༡/༣/༡༦ཁྲེན་ཏུའུ་ནས།
 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དུས་ཚོད་ཀྱིས་ཁྱེད་རང་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྒྱུར་སྲིད།

2021-03-19 ཝུའུ་ཞའོ་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།