གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《<<གཅིག་དགུ་གྱ་བཞི>>ཞེས་པའི་སྒྲུང་གྲགས་ཅན་དེ་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་ཡོད་པ།

  • ཁྱུང་།ip:58.135.108.*
    2015-02-07 19:19:51
    དེབ་རྫུན་བཟོས་འདུག་ལབ་མེད།
  • གསེརip:219.239.12.*
    2015-02-04 16:17:58
    ཁྱུང་དང་ཡ་ག་གཉིས་ལ། ངོ་མ་དོན་དག་དེ་འདྲ་ཡོད་ན་ཁྱེད་ཀྱི་བཤད་པ་ནང་བཞིན“ནང་སྙིང་ཕྱིར་སློག”རོགས། རྩོམ་སྒྲིག་ཁང་གང་གིས་དེབ་རྫུན་བཟོས་འདུག སུ་རེད། མིང་སོགས་གསལ་བོ་བཤད་རྒྱུ་འེ་ཡོད། ཁྱེད་གཉིས་ལ་གསུང་རྩོམ་དེབ་ག་ཚོད་ཡོད།
  • ཡ་གip:182.151.214.*
    2015-02-04 11:53:25
    ཁྱུང་ལགས་བདེན་པ་རེད། དཔེ་རྫུན་མང་ཆེ་བ་རྩོམ་སྒྲིག་ཁང་དང་རྩོམ་སྒྲིག་ཁང་གི་གྲོགས་པོ་དེབ་འཚོང་མཁན་དེ་ཚོས་བཟོས་པ་རེད། དེབ་རྩོམ་པ་པོས་དེབ་དཔེ་སྐྲུན་ཁང་ལ་སྤྲད་རྗེས་རང་གི་དེབ་དེ་ག་ཚོད་དཔར་ཡོད་པ་དང་ག་ཚོད་ཚོང་ཡོད་པ་ཤེས་ཐབས་མེད། དཔེ་རྫུན་དཔར་བ་དང་སྡུག་བཤད་བྱེད་པ། ལྐོག་ནས་ལས་པ། སླ་ཐབས་བྱེད་པ། མགོ་སྐོར་བ། གླ་ཆ་ཉིས་ལེན་བྱེད་པ། རྩོམ་ཡོན་མི་སྤྲོད་པར་ད་དུང་དཔར་གླ་ལེན་པ། དེབ་གྲངས་རྫུན་མ་བཟོ་བ་ལ་སོགས་པའི་ལས་ཀ་ངན་པ་འདི་འདྲ་མང་པོ་བསྒྲུབས་མ་མྱོང་ཟེར་ཕོད་མཁན་གྱི་དཔེ་སྐྲུན་ཁང་གཅིག་ཀྱང་མེད་ཚོད།
  • ཁྱུང་།ip:58.135.108.*
    2015-02-04 11:29:41
    སྐུ་མཁྱེན། དེབ་འཕུད་མཁན་བདག་གི་གྲོགས་པོ་ལོ་ཙཱ་བ་ཞིག་གིས་ཀྱང་ནང་སྙིང་ཕྱིར་སློག་པ་ཐོས་མྱོང་། དེར་མ་ཟད་དེབ་འཕུད་མཁན་གཞན་ལའང་རྒྱུས་ལོན་བྱས་མྱོང་ཡོད། དཔེ་རྫུན་དེ་དོན་གཞན་ཞིག་རེད། དེང་སང་བོད་ཡིག་གི་ཀློག་མཁན་སྔོན་ལས་མང་བར་ཐེ་ཚོམ་མེད།
  • གསེརip:219.239.12.*
    2015-02-04 11:14:57
    ཁྱེད་ལ་བསམ་རྒྱ་འདི་ཙམ་ལས་མེད་པ་ཡིད་ཕངས།   ཁྱེད་ལ་མང་པོ་ལབ་པས་ཀྱང་གོ་བ་མི་ཡོང་། དེབ་གཅིག་ཕུད་དང་ཧ་གོ་ཡོང་། འགྲོ་སོང་ག་ཙམ། ཚར་གྲངས་ག་ཙམ། ཀློག་མཁན་ག་ཙམ། ཁྲོམ་ར་ག་ཙམ། དཔེ་རྫུན་ག་ཙམ།
  • ཁྱུང་།ip:58.135.108.*
    2015-02-04 10:02:20
    སྤྱི་སེམས་འཆང་ཡ་དེ་གལ་ཆེན་པོ་རེད་མོད། སྤྱི་སེམས་ཙམ་གྱིས་དེང་སང་མི་འཁྱོངས་པའི་གནས་ལུགས་ཁྱོད་ཀྱིས་ལོས་ཤེས། དཔེ་ཆའི་གོང་བསྟད་པའང་ལེགས་མོད་ཀྱང་། དེ་རྩོམ་པོའམ་ལོ་ཙཱ་བའི་སྐུལ་མ་དང་ཡོང་སྒོ་རུ་མི་འགྱུར་བར་དཔེ་སྐྲུན་ཁང་གང་གི་སྐུ་ཞབས་དེ་དག་གི་གསུས་པ་རྒྱགས་བྱེད་ཀྱི་རྒྱུ་རུ་འགྲོ་བཞིན་པ་འདི་ཤེས་དགོས། ལར་རྒྱགས་བྱེད་དུའང་ཐབས་རྡུགས་ན་གྱུར་དུ་ཆུགས་ཀྱང་། རིན་གོང་དེའི་ཚོད་དང་རྩོམ་མཁན་ནམ་ལོ་ཙཱ་བའི་དཀའ་ལས་དེའི་ཚོད་ཀྱི་དཔེ་དེབ་ཀྱི་ཕྱི་ནང་ཇུས་འགོད་ནི་བལྟས་པ་ཙམ་གྱིས་ཡིད་མི་སྤྲོ་བ། ཐ་ན་ཞེའང་མེར་ཡོང་བའི་ཚོད་དུ་འདུག་པས་འདི་ལ་བཟོད་སྒོམ་བྱེད་ཐབས་མེད། དཔེ་སྐྲུན་གྱི་སྒོ་མོ་ཆེར་ཕྱེ་སྟེ་རྩོམ་མཁན་སྐྲུན་མཁན་གཉིས་ཀར་གཉིས་ཕན་དོ་སྙོམས་ཤིག་དགོས་པ་ལས། གཙོ་བོ་རྩོམ་མཁན་དང་ལོ་ཙཱ་བའི་ཁྲག་སྐྲུན་མཁན་གསོ་ཆས་སུ་གྱུར་ན་དེ་བས་ཀྱང་ཕངས། ཕངས།
  • གསེརip:117.136.0.*
    2015-02-04 01:10:21
    དེབ་འདི་འདྲ་ཡག་པོ་རྒྱལ་ནང་དུ་པར་སྐྲུན་བྱེད་པར“ཐབས་བཀོད”སྣ་ཚོགས་འཐེན་ཡང་། བསམ་ཤེས་བྱེད་མི་ཤེས་མཁན་རང་དོན་གཅིག་པུ་མ་གཏོགས་འདང་རྒྱག་མི་ཤེས་བ་དག་གིས་ག་ལ་ཤེས། འདི་གའི་ལོ་ཙཱ་བའི་ལས་གྲོགས་ཡིན་ཞེས་ངོམས་སོ་བྱེད་མཁན་ཚེ་རིང་སྐྱིད་ཟེར་བའི་པོད་འཕྲིན་དུ་རྩཔམ་སྒྲིག་པ་དང་དཔེ་སྐྲུན་ཁང་སོགས་སྟོན། དོན་ངོ་མ་ཅི་བསམ་པ་ཡིན་ནམ། མིག་རྒྱང་རིང་ཙམ་ལྟོས་ལ་སྤྱི་སེམས་ཏོག་ཙམ་ཆོངས་དང་། ང་ཚོའི་དཔེ་སྐྲུན་གྱི་སྒོ་མོ་དོག་པོ་བཅད་མ་འགྲོ། ཀུའུ་ཅུས། ཀུའུ་ཅུས།
  • རྡོ།ip:60.165.254.*
    2015-02-03 15:18:29
    དཔེ་ཆའི་རིན་གོང་ཧ་ཅང་སླ་བའི་བོད་ལ་མཚོན་ན་དཔེ་རིན་ཇེ་མཐོར་གཏོང་རྒྱུ་ནི་རྩོམ་པ་པོའི་བརྩམས་ཆོས་དེར་གདེང་འཇོག་བྱེད་སྟངས་ཤིག་རེད་ལ།   ཡང་གཅིག་བཤད་ན་རིག་གནས་ཀྱི་རིན་ཐང་ཇེ་མཐོར་སོང་བ་དང་འདྲ་བོ་རེད།   
  • ཁྱུང་།ip:58.135.108.*
    2015-02-03 11:29:31
    ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁེ་ཞིག་མེད་པར་ཞལ་བཞེས་ཨེ་གནང་། ད་དུང་དེའི་སྟེང་མི་རིགས་གྲངས་ཉུང་གི་དཔེ་སྐྲུན་རྣམ་གྲངས་ཞེས་བྲིས་བཞག་ཡོད་ཀི  དེང་དཔེ་ཆ་རྩོམ་མཁན་དང་སྒྱུར་མཁན་ཚོ་མེད་པ་ཆད་པོར་གྱུར་ཡོད་ཅིང་། དཔེ་ཚོང་ཁང་དཔེ་ཆ་སྐྲུན་མཁན་ཚོ་དཀོར་གྱིས་འབག་བསྡད་ཡོད་པ་ཤེས་ནི་རེད། གནའ་དཔེ་དེང་དཔེ་གང་ཡིན་ན་དེ་གོང་མཐོན་པོས་བཙོངས་ནས་ཁེ་བཟང་ཧམ་བཟའ་བྱེད་ཀྱི་ཡོད་པ་སུས་མི་ཤེས།