གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གཏིང་རོལ་ན་འཁོལ་གྱིན་པའི་ཚོར་འདུ་དྲག་པོ་སྟེ་ཁ་ཟུཨོ·ཨི་ཤིས་གུརོ་ཡི་བརྩམས་སྒྲུང་གི་འཇིག་རྟེན།*

  • ལགསོ།ip:117.136.62.*
    2017-12-27 01:24:46
    སྐུ་ཞབས་མདའ་ཚན་ལགས་ཀླད་དམར་ཆགས་པ་ནི་དངུལ་ལོར་གྱི་ཉོན་མོངས་ཆེ་བའི་ཚོང་བ་དག་གིས་རྒྱུ་ནོར་མི་ཚིམས་པ་སྒྲུབ་ཕྱིར་སྐྲ་ཤུད་པ་དང་མི་འདྲ་བར། སློབ་གཉེར་དང་རྩོམ་འབྲི་སོགས་ཀྱི་ཚེགས་ལྕི་བས་ཀླད་དམར་ཆགས་པ་རེད།  བྱས་ཙང་ཁོའི་སྐྲ་ལོ་མེད་པའི་དབུ་དེ་ལ་ལྷག་པའི་མཛེས་སྡུག་ཅིག་མངའ།  བོད་རྩོམ་གྱི་ཕྱིར་དཀའ་ལས་མྱང་སོང་། ཀུ་རེ་ནང་ན་དོན་གཏམ།
  • གཅན།ip:106.37.178.*
    2017-12-13 09:11:07
    ཉི་ཧོང་པའི་རུས་མིང་དེ་དབྱིན་ཇི་སྐད་ལ་བསྒྱུར་བའི་སྐབས་སུ་ནུབ་ཕྱོགས་པའི་ལུགས་ལྟར་རུས་ནི་མིང་གི་རྗེས་སུ་བཞག་ཡོད་པ་རེད། ་་་་་ཁ་ཟུཨོ·ཨི་ཤིས་གུ་རོ་(Kazuo Ishiguro)་་་་་་ དེ་བས།ང་ཚོས་འདི་ལྟ་བུའི་རུས་མིང་ཕྱིར་བོད་རང་ལ་བསྒྱུར་སྐབས་ངེས་པར་དུ་རང་གོམས་ལྟར་རུས་སྔོན་དང་དེའི་རྗེས་སུ་མིང་འཇོག་དགོས་པ་རེད།་་་་་་་་འདོན་པའམ་བཤད་པའི་སྐབས་སུ་ཨི་ཤིས་གུ་རོ་་ཁ་ཟུཨོ( Ishiguro Kazuo)་་་་་་་ཟེར་དགོས་པ་རེད།
  • གཤོག་སྒྲip:73.243.163.*
    2017-11-30 06:58:51
    རྒན་ལགས་ནས་འདི་ལྟ་བུའི་རིན་བྲལ་གྱི་རྩོམ་དཔྱད་མུ་མཐུད་བོད་ཀྱི་ཀློག་པོ་རྣམས་ཀྱི་མིག་སྔར་སྤེལ་བར་མཁྱེན།        ཐུགས་རྗེ་ཆེ།
  • ཀུན་དཔལ།ip:223.85.82.*
    2017-11-27 22:13:50
    བཀླགས་ཡོད།
  • འབྲོག་ཀློའུ།ip:61.159.97.*
    2017-11-25 17:20:04
    ཞིབ་བུར་ཚར་གསུམ་ལ་བཀླགས་ཡོད། ཐུགས་རྗེ་ཆེ།
  • 索科ip:117.139.161.*
    2017-11-25 17:16:19
    索科
  • འབྲོག་རེ་ལྡེ།ip:43.243.16.*
    2017-11-25 13:47:35
    མདའ་ཚན་བླ་མ་སྐྱབས་ལ་བཀའ་དྲིན་ཞུ།     དེ་མིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བའི་བདག་གཉེར་བ་ལའང་བཀའ་དྲིན་ཞུ།     དྲྭ་བ་འདི་འདི་དང་འདི་ལྟ་བུའི་བརྩམས་ཆོས་ཀྱི་འཇིག་རྟེན་ཉག་གཅིག་ཏུ་གྲུབ་ན་བོད་ཀྱི་རྩོམ་རིག་ལ་དམིགས་བསལ་གྱི་ལམ་སྟོན་བྱ་ནུས་པར་སེམས།  
  • དེ་མི་གཙོ།ip:211.101.61.*
    2017-11-25 11:59:40
    རྒན་བླ་མ་སྐྱབས་ལགས་ཀྱི་རྩོམ་དཔྱད་དེ་ནི་ང་རང་གིས་རེ་འདོད་ཆེན་པོས་སྒུག་པ་ཞིག་ཡིན་ངེས། གཙོ་བོ་ནི་ངས་མི་འགྱངས་བའི་སྔོན་དུ་ད་ལོའི་ནོ་བྷེལ་བྱ་དགའ་ཐོབ་པའི་རྩོམ་པ་པོའི་སྒྲུང་གཏམ་ཐོག་མ<སྐྱ་ཉིལ་ལེའི་རི་ལྗོངས>ཞེས་པ་དང<ས་འོག་ཏུ་སྦས་པའི་གྱད་མི>ཞེས་པ་དེ་བཀླགས་པ་ཡིན། གཙོ་བོ་རྩོམ་མཁན་ཁོང་གི་སྒྲུང་གཏམ་བཀླགས་དུས་མི་ཡུལ་དང་འཚོ་བ་ལ་དྲོད་འཁོལ་མེད་ལ། མི་དང་མིའི་བར་ལ་བརྩེ་བའི་འཆིང་ཐག་རིང་བར་ལྷོད་ཡོད་པ་ལྟ་བུའི་ཚོར་བ་ཞིག་བྱིན་འོངས། དེ་བས་ཁོང་གི<སྐྱ་ཉིལ་ལེའི་རི་ལྗོངས>ཀྱི་སྤྲོས་བརྗོད་ཀྱི་ཐབས་ལམ་དེར་དངོས་གནས་སེམས་གཏིང་ནས་དད་གུས་སྐྱེས་སོང་། མི་སྣ་གཙོ་བོས་རང་ཉིད་ཀྱི་དོགས་མི་བདེ་བའི་འདས་དོན་ལ་ཐད་ཀར་མདུན་གཏུགས་མི་ནུས་པར་ཁ་གཡར་ས་གཞན་ཞིག་གི་ཐོག་ནས་ག་ལེར་བརྗོད་ཡོང་བའི་ངོ་མཚར་གྱི་རྣམ་པ་དེ་ནི་ཧ་ལས་དགོས་པ་ཞིག་བྱུང་། གང་ལྟར་ང་རང་གིས་ད་བར་དུ་བལྟས་མྱོང་བའི་སྒྲུང་གཏམ་གྱི་ཁྲོད་དུ་སྤྲོས་བརྗོད་ཐབས་ལམ་དེ་ཡང་ཐུན་མོང་མིན་པ་ཞིག་རེད་བསམ་སོང་།
    རྒན་བླ་མ་སྐྱབས་ལགས་ཀྱི་གོ་བདེ་ལ་དོན་ཟབ་པའི་བོད་ཡིག་རྣལ་མའི་ལམ་ནས་དེ་ལྟ་བུའི་རྩོམ་དཔྱད་མུ་མཐུད་ནས་གང་མང་སྤེལ་མཁྱེན།
  • ཀློའུ།ip:118.182.83.*
    2017-11-25 11:30:52
    མདའ་བཙན་པ་བླ་མ་སྐྱབས་ཀྱི་དཔྱད་རྩོམ་ཡོངས་སུ་བཀླགས་ཚར།བྱ་བ་ལམ་འགྲོ་ཡོང་བར་སྨོན།