གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཨ་ཁུ་སྟོན་པའི་གསང་བ།

  • 计划经济ip:61.188.207.*
    2015-10-27 16:48:42
      ཡོ་ཞི་ཧ་རོ་སི་ཁེ་ནོ་ཡིས་དངོས་བརྗོད་གློག་བརྙན་འདིར་རང་གི་བརྩེ་བ་དང་ཚོར་སྣང་སོགས་གང་ཡང་བསྲེས་མེད་པར། མི་ཚང་དེའི་འཚོ་བའི་ཕྱི་ལོགས་ལ་འགྲེང་ནས་སྐབས་དེར་བྱུང་བ་མཐའ་དག་འུ་ཅག་ལ་ཐད་ཀར་བསྟན་ཡོད་ཅིང་། ཐ་ན་མཇུག་ལ་ཉེ་དུས་རོལ་དབྱངས་ཤིག་ཀྱང་མེད་པར་ཁ་ཁུ་སིམ་པོ་དང་དྲང་བོ་དྲང་བཞག་གི་ངང་ནས་མཇུག་བསྐྱངས་ཡོད། དེ་ལས་ང་ཚོས་ཕུར་སྐྱིད་དང་ཕུར་སྐྱིད་ཀྱི་ཨ་མ། ཕུར་སྐྱིད་ཀྱི་ཨ་ཡེ་སོགས་བུད་མེད་དེ་དག་གིས་མཐའ་མེད་པའི་སོག་ཡུལ་གྱི་སྤང་ལྗོངས་སུ་རང་རང་གི་ལས་དབང་གི་རི་མོ་ཞིག་བྲིས་ཡོད་ལ། དེའི་ནང་དུ་དཀའ་ངལ་དང་ཉེན་ཁ་ཡོད་ཅིང་། ཐ་ན་སྲོག་གི་རྒྱུན་ཡང་རླུང་ཁ་ན་སྐྱོད་པའི་མར་མེ་ཞིག་དང་འདྲ་བར་བསེར་བུ་ཕྲ་མོ་ཞིག་གིས་ཀྱང་གཟིམས་སྲིད་མོད། དེ་ལ་སྐྱོ་ཉམས་དང་སྡུག་སྨྲེ་མེད་པར། བྱིས་པའི་དུས་ནས་རང་མགོ་ཐོན་པའི་འཚོ་ཐབས་ཤིག་སྐྱོང་བཞིན་ཡོད་པ་མཐོང་ཐུབ། གལ་ཏེ་ང་ཚོས་འདི་ནི་སྙིང་སྟོབས་ཤིག་རེད་ཟེར་བའམ། ཡང་ན་བཟི་ཞིང་འཐོམས་ནས་ན་ཟུག་མ་ཚོར་བ་རེད་སོགས་གང་ཞིག་སྨྲས་རུང་འཁོར་བའི་རང་བཞིན་དངོས་ཀྱི་རྦ་ཀློང་ན་ཡོད་པའི་ཁོང་ཅག་དང་བསྡུར་ན་སླ་དྲགས་པ་ལས་མེད་པ་འདྲ།
      མདོར་ན་དངོས་བཤུས་གློག་བརྙན《ཕུར་སྐྱིད》ནི་གཞུང་དྲང་བ་སྟེ། ཐེངས་གསུམ་ལ་ཕུར་སྐྱིད་ཚང་ལ་ཕྱིན་པའི་མཐོང་ཐོས་ཕབ་ཡོད་པ་ཙམ་རེད། གལ་སྲིད་དེས་ཁྱོད་ཀྱི་མིག་ཆུ་དྲངས་པའམ། སེམས་ལ་ཕོག་ཐུག་རེ་བྱུང་ན། ཕུར་སྐྱིད་ཀྱི་ངོས་ནས་རང་དང་འདྲ་ས་རེ་རྙེད་པའམ། ཡང་ན་སྤང་ལྗོངས་ཀྱི་གཏིང་རིམ་ལ་ཟགས་པའི་མི་ཚོའི་ལས་དབང་གིས་གཡོ་འཁྱོམ་རེ་བཟོས་པ་ཡིན་ཤས་ཆེ། དེའི་ཕྱིར་ང་ཚོས་མཐའ་གཅིག་ཏུ་ཁོང་ཅག་ལ་སྡོམ་ཚིག་མི་འགོད་པར་བྱ།