གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གཡུ་ཆུང་གི་བརྩམས་སྒྲུང་གསར་བ། སྒྲུང་ཞིག་གི་ཟིན་ཐོ།

  • གཙང་བོip:60.165.248.*
    2019-05-13 00:22:22
    གཡུ་ཆུང་ལགས་ཀྱི་སྒྲུང་དག་ཡ་མཚན་ཡག་པོ་འདུག    འདི་ཐེངས་གཅིག་རྗེས་ཚོར་བ་སྐྱིད་པོ་ཞིག་བྱུང་མ་སོང་། དེ་ནི་སྒྲུང་བཤད་པ་མ་ཡག་པ་ག་ལ་ཡིན། ང་རང་སྒྲུང་འདིའི་ནང་ལ་འཛུལ་རྒྱུ་མང་དྲག་པས་རེད། ཧི་ཧི
  • རིན་ཆེན།ip:125.75.244.*
    2017-03-26 17:23:58
    རྩོམ་སྒྲིག་པ་ལགས། ༢༠༡༨ལོ་ད་དུང་མ་ཐོན་པས་བཅོས་རོགས།
  • ནང་ཆུང་སྲི་འབུ།ip:124.31.203.*
    2016-11-17 11:01:15
    འབྲི་སྲོལ་འདི་ལ་དད།བརྗོད་བྱ་འདི་ལ་སྨོན།བཀའ་དྲིན་ཆེ།
  • གཡུ་ཆུང་།ip:221.222.56.*
    2016-11-15 22:41:18
    ཀློག་མཁན་དག་གིས་བཀླགས་པར་མ་ཟད་མཆན་ཡང་བཞག་པར་ཐུགས་རྗེ་ཆེ།   
         lhan-ba ལགས།  གུས་པསBorgesསྒྲུང་དེ་དོ་ནུབ་ཀློག་གི་ཡིན།  ཁྱེད་ཀྱིས་སྐུལ་ལྕག་གནང་བར་འདིར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།  
                                                            གཡུ་ཆུང་ནས།   
  • lhan-baip:61.50.133.*
    2016-11-15 20:00:53
    མཆན་འོག་མའི་དྲ་གྲོགས་ངག་དབང་ལགས། གློག་ཞུ་དམར་པོ་ཅན་གྱི་ཁང་པ་ཟེར་ན་སྨད་འཚོང་ཁང་ཤོད་ཀྱིན་ཡོད་པ་རེད། ཀུན་དགས་བརྩེ་དུང་དང་ཁྲེལ་གཞུང་སླད་དུ་སྨད་འཚོང་མར་ལོག་གཡེམ་མ་བྱས་པ་རེད། སྨད་འཚོང་ཁང་མཐོང་མྱོང་བ་ཞིག་ཡིན་ན་དེ་གོ་སླ་པོ་རང་རེད།
  • lhan-baip:61.50.133.*
    2016-11-15 19:54:30
    སྒྲུང་ཐུང་ཕུལ་དུ་བྱུང་བ་ཞིག་རེད། ཐད་ཀར་Borgesཡི་སྒྲུང་ཐུང་《རྨ་ཤུལ་》དྲན་དུ་བཅུག་སོང་། ཀུན་དགའི་སྣང་ངོར་བརྩེ་དུང་དང་གྲོགས་ཀྱི་འདང་བརྩེ་ལ་རྒྱབ་འགལ་བྱེད་མཁན་ནི་ཟླ་བ་དང་བུ་མོ་དེ་རེད། འོན་ཏེ། ཀུན་དགས་བུ་མོ་དེ་ཁ་བྲལ་བའི་རྒྱུ་མཚན་བཤད་མི་འདོད་པ་དེས་ཏག་ཏག་ཀུན་དགས་ཀྱང་ཅི་ཡང་གསང་བཞིན་པ་ལྟ་བུའི་ཚོར་སྣང་ཞིག་བྱིན་འོང་ཞིང་དེས་ཀྱང་མིའི་གཉུག་གཤིས་ཀྱི་རྫུ་བག་གང་ཞིག་གསལ་རྗེན་དུ་སྟོན་ཀྱིན་པའི་སྣང་བ་སྐྱེས། ཡང་གཏམ་བརྗོད་པ་ཀུན་དགའ་ཁོ་ནས་མཐོང་སྣང་གི་བཀག་རྒྱས་གཏམ་རྒྱུད་ཀྱི་ཕྱེད་ཀ་མི་མངོན་པར་སྦས་པས་ཀུན་རྟོག་གི་བར་སྟོང་ཆེན་པོ་ཞིག་ཕྱེས་ཤིང་གཏམ་རྒྱུད་གཏམ་རྒྱུད་ཙམ་ལས་འགོངས་པར་བྱས། འོན་ཏེ། ཁྱད་ཆོས་འདི་དག་ཡོད་ཚད་སྒྲུང་འདིའི་ཆེས་ཡིད་དབང་འགུག་པའི་ཆ་མིན། འོ་ན་ཡང་སྙིང་ཅི་ཞིག་ཅེ་ན། གཏམ་རྒྱུད་དེ་བཀླགས་གྲུབ་དུས། གཏམ་རྒྱུད་གང་བཅོས་སྒྲུང་ཞིག་ཡིན་པ་གཏིང་བརྗེད་དུ་གྱུར་པར་བྱེད་པའི་བདེན་སྣང་ཁྱད་པར་བ་དེ་རེད། དེ་ནི་བརྗོད་བྱའི་ཤན་སྟོབས་ཙམ་མིན་པར་གཏམ་རྒྱུད་ཕྱི་ནང་གཉིས་ཀྱི་འཁོར་ལོས་ཀློག་པ་པོའི་ཀླད་རྒྱ་སྤྲུགས་པའི་བརྗོད་སྟངས་སམ་རྩོམ་ཐབས་ཁྱད་པར་ཅན་དེའོ། །མདོར་ན། ཕྱི་སྨིན་ནང་སྨིན་གྱི་སྒྲུང་ཐུང་འདི་ལ། སྐད་ཆ་ཚིག་གཅིག་གིས་གདེང་འཇོག་བྱས་ན། སྒྲུང་འདི་ལས་བོད་ཀྱི་སྒྲུང་ཐུང་གི་རེ་བ་གསར་བ་ཞིག་མཐོང་སོང་ཞེས་ཁ་ཚོན་བཅད་ཀྱང་ཐལ་མི་ཆེ་སྙམ་སོང་ངོ་། །
  • ངག་དབང་།ip:221.222.62.*
    2016-11-15 19:24:06
    གཡུ་ཆུང་ལགས་ལ་ཐུགས་རྗེ་ཞུ། ཐེངས་གཉིས་ལ་བལྟས་ཟིན། དངོས་གནས་སྒྲུང་གཏམ་ཡག་པོ་ཞིག་རེད། ཡིན་ཡང "ཁོ་ཡོ་རོབ་སྦེལ་ཇིམBelgiumདུ་ཡོད་དུས་གྲོགས་པོ་དག་གིས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་གྲོང་ཁྱེརAntwerpརུ་ཡོད་པའི་སྐད་གྲགས་ཆེ་བའི་གློག་ཞུ་དམར་པོའི་སྲང་གི་ཁང་པ་དེ་དག་གི་ནང་ལ་མ་སོང་བ་སྟེ།   ཁོ་གྲོགས་པོ་ཚོ་དང་ལྷན་དུ་སྲང་དེར་སླེབས་རྗེས་ཁང་པ་དེ་དག་གི་ཕྱོགས་ལ་ལྟ་ཙམ་བྱས་རྗེས།  “ངས་ཁྱོད་ཚོར་ཕ་གི་ནས་བསྒུག་ལ་འདུག” ཞེས་ཁོ་ཧྥེ་ཁང་ཞིག་བསྟན་ནས་གྱེས་པས།  གྲོགས་པོ་ཚོས་ཀྱང་ཁོའི་རྗེས་སུ“གླེན་པ་གན”ཞེས་སྟོང་བཤད་ཙམ་བྱས་པ་ལས་ཐབས་གཞན་མ་རྙེད།"ཞེས་པའི་མཚམས་དེར་གོ་བ་ཡག་པོ་ཞིག་ལེན་མ་ཐུབ།  སུ་ཞིག་གིས་བདག་ལ་གསལ་ཆ་ཐོན་རོགས་གནང་རྒྱུ་མཁྱེན།
  • སྒྲོལ་སྐྱིདip:114.242.248.*
    2016-11-15 18:04:43
    ཟིན་ཐོ་ཟེར་ཡང་།  ཟིན་ཐོ་ཡང་སྒྲུང་གི་གྲུབ་ཆ་རེད་མོ།  འབྲི་སྟངས་གསར་པ་ཞིག་ཏུ་འདུག་བསམ་བྱུང་། མཇུག་གི་ཟླ་ཚེས༢༠༡༨ཞེས་བྲིས་འདུག  མུ་མཐུད་དུ་འདི་འདྲ་འབྲི་རོགས་ཞུ
  • མགར་གཞུང་།ip:36.100.159.*
    2016-11-15 18:03:59
    བཀླགས་ཟིན།སྒྲུང་ཡག་པོ་བྲིས་འདུག དགེ་སྤུན་གྱི་རྩོམ་རིག་གི་ལམ་ཁ་སྔར་ལས་ཡངས་བར་ཤོག
  • ཐོ་ཡོར།ip:106.37.34.*
    2016-11-15 17:28:17
    སྒྲུང་གཏམ་དེ་ཚར་གཉིས་བཀླགས   དཔྱམཇུག་གི་ང་ཡིན་ཟེར་བའི་ཚིགས་དེ་མེད་ན་ལྷག་ཏུ་རྣམ་ཤེས་གང་ཞིག་འཁྲིད་འགྲོ་ཁ་རེད
  • windip:123.113.150.*
    2016-11-15 14:47:21
    གཡུ་ཆུང་གི་བརྩམས་སྒྲུང་འགའ་བཀླགས་མྱོང་།    ཁོང་གིས་འཚོ་བའི་ཁྲོད་ཀྱི་ཕྲ་ཞིང་ཞིབ་པའི་ལྗོངས་རྣམ་དག་ལས་མི་སྣའི་སེམས་ཀྱི་འགྱུར་བ་མངོན་ཚུལ་དེ་སེམས་སུ་ཐིམ་པ་ཞིག་བྲིས་འདུག      ཡག་པོ་རེད།   སྒྲུང་གཏམ་རྗེས་མ་རེ་ལྟོས་བྱས་ཡོད།  
  • མིང་མེད།ip:125.75.102.*
    2016-11-15 14:03:59
    འདིའང་བློ་ནས་བརྗེད་མི་ཐུབ་པའི་སྒྲུང་ཐུང་ཞིག་རུ་གྱུར་སོང་།