གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལོ་ཙཱའི་མཚོན་དཔེ་རོབ་ཙམ་བཤད་པ།

  • གཡུ་ལུང་གཡུང་དྲུང་འབip:27.225.2.*
    2017-07-05 11:47:55
    གྲོགས་པོ་འབྲོག་སངས་ལགས།ཁྱེད་ཀྱིས་བཤད་པ་ནི་ཅུང་གོ་བ་རགས་མོ་ཞིག་རེད།ངས་བཤད་པ་ནི་ལོ་ཙཱའི་བྱེད་སྒོ་དེ་མ་མཐའ་ཡང་སྐད་ཡིག་གཉིས་བར་དུ་བརྗེ་སྤོར་བྱུང་བ་ལས་སྐད་ཡིག་གསུམ་བར་བརྗེ་སྤོར་འབྱུང་དགོས་ན་སྔར་བཞིན་གོ་རིམ་ལྟར་བསྒྲིག་དགོས་པ་མ་གཏོགས་སྐད་ཡིག་གསུམ་ལྷན་དུ་བརྗེ་སྤོར་བྱེད་མི་ནུས་པ་སྟེ།དཔེར་ན་ནུབ་ཕྱོགས་ཀྱི་དབྱིན་ཇིའི་བརྩམས་སྒྲུང་གྲགས་ཅན༼རོ་བྷེན་སོན་ཁུ་རོ་སི༽༽དེ་མ་གཞིའི་དབྱིན་ཇིའི་སྐད་ཡིག་གིས་བརྩམས་པས་དབྱིན་ཇིའི་སྐད་ཡིག་གི༼རོ་བྷེན་སོན་ཁུ་རོ་སི༽༽དང་།དེ་ནས་རྒྱ་འགྱུར་མའི༼རོ་བྷེན་སོན་ཁུ་རོ་སི༽།ད་དུང་ཉི་འགྱུར་མ་སོགས་ཡོད་ངེས།འོན་ཀྱང་།ང་ཚོས་གལ་སྲིད་བོད་ཡིག་ཏུ་བསྒྱུར་དགོས་པས་དབང་དུ་བཏང་ན་དབྱིན་ཇིའི་སྐད་ཡིག་སོགས་སྐད་ཡིག་གཞན་པ་མི་ཤེས་མཁན་གྱིས་རྒྱ་ཡིག་ནས་ཚུར་བསྒྱུར་ན་རྒྱ་བོད་སྐད་ཡིག་གཉིས་ཀྱི་ལོ་ཙཱའི་བྱེད་སྒོ་ཡིན།དབྱིན་ཇིའི་སྐད་ཡིག་སོགས་སྐད་ཡིག་མང་བོ་ཤེས་མཁན་ཞིག་གིས་ཀྱང་དབྱིན་ཇི་འམ་ཡང་ན་ཉི་ཧོང་སོགས་ཀྱི་སྐད་ཡིག་གཅིག་ལས་ཚུར་བོད་ཡིག་ཏུ་བསྒྱུར་བའམ་བརྗེ་སྤོར་བྱེད་པ་ཁོ་ན་ཡིན།ནུབ་ཕྱོགས་བརྩམས་ཆོས་རྒྱ་འགྱུར་མ་ཚུར་བསྒྱུར་དུས་སྐད་གསུམ་སྨྲ་བ་དག་གིས་མ་གཞིའི་དབྱིན་ཇིའི་སྐད་ཡིག་ལ་ཟུར་བལྟ་བྱེད་པ་ཡང་སྔར་བཞིན་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་སྐད་ཡིག་གཉིས་གཞི་རྩར་བཟུང་འདུག་པ་ངེས་དགོས་སོ།།དེ་མ་གཏོགས་ལོ་ཙཱ་བ་ལ་སྐད་གསུམ་སྨྲ་བ་དང་སྐད་བཞི་སྨྲ་བ་སོགས་ཐ་ན་སྐད་ཡིག་བཅུ་མཁྱེན་པའི་གནའ་དེང་གི་འཛམ་གླིང་ཤར་ནུབ་གང་དུ་ཡོད་སྲིད།
                                                                           གཡུ་ལུང་གཡུང་དྲུང་འབུམ་གྱིས།
  • གཡུ་ལུང་གཡུང་དྲུང་འབip:27.225.2.*
    2017-07-05 11:21:11
    གྲོགས་པོ་པ་སངས་ལགས།ངས་བེད་སྤྱོད་སྐད་བབ་ཅེས་པ་དེ་རྒྱའི་སྐད་དུ使用语镜ཞེས་པ་དེ་ཚུར་བོད་ཡིག་ཏུ་རིག་ཚན་རང་ངོས་ཀྱི་བརྡ་ཆད་སོར་བཞག་གིས་བསྒྱུར་བ་མ་གཏོགས使用语言ཞེས་པ་ཞིག་བཤད་མེད།ངས་རེ་བ་ཡིན་ན་ཁྱེད་ཀྱིས་སྐད་ཆ་བསམ་ནས་བཤད་རོགས།རྩམ་པ་ལྡད་ནས་མིད་རོགས།དེ་མིན་ན་ཁྱེད་རང་གི་མིད་པ་འགག་ཅིང་ཕོ་ཁ་ན་བས་ན།གཞན་གྱི་སྨྲ་ལྕེ་སྡོམས་པ་ནི་ནག་ཉེས་ཤིག་ཡིན་ནམ་ཡང་ན་རྒྱལ་ཁ་ཞིག་ཡིན་མིན་ཉིད་ཀྱིས་སོམས།
                                                          གཡུ་ལུང་གཡུང་དྲུང་འབུམ་གྱིས།
  • འབྲོག་སངས།ip:117.136.67.*
    2017-07-05 10:34:41
    འབྲེལ་འདྲིས་མི་རིགས་གཉིས་བར་མ་གཏོགས་བྱུང་མེད་ཟེར་བ་ནི་ཧམ་པ་རང་རེད། དཔེར་ན། ལོ་ཙཱ་བ་འགོས་ཆོས་འགྲུབ་དང་། བ་ཚབ་ཉི་མ་གྲགས་པ་ལྟ་བུ་སྐད་གསུམ་སྨྲ་བ་ཏག་ཏག་རརང།
  • པ་སངས།ip:175.184.182.*
    2017-07-05 06:50:35
    使用语言ཞེས་པ་ནི་བེད་སྤྱོད་སྐད་བབ་ཅེས་བསྒྱུར་བ་ནི་གཏན་ནས་དག་པ་ཅིག་མིན་ཏེ།    བོད་ཀྱི་ཚིག་གི་སྦྱོར་ལུགས་དང་འགལ་བའི་ཕྱིར།   བོད་སྐད་དངོས་ལྟར་ན་ཚིག་གི་སྦྱོར་ལུགས་དང་ཡང་ན་སྐད་ཆའི་སྤྱོད་སྟངས་ཞེས་བསྒྱུར་ན་དོན་ལ་གནས་པར་སེམས་ཤིང་།   རྩོམ་ཡིག་འདིའི་ནང་དུ་དེ་འདྲའི་བརྡ་ལོག་དང་ཚིག་སྐྱོན་ཤིན་ཏུ་མང་པོ་ཞིག་ཡོད་པས།     བློ་གསར་བུ་རྣམས་ཀྱིས་བ ལྟས་ན་བགཆགས་ངན་པ་ཞིག་འཇོག་སྲིད་པ་གདོན་མི་ཟ་ན།   ཕྱིན་ྡཆད་རྩོམ་ཡིག་འདི་འདྲ་དྲ་བའི་སྟེང་དུ་མི་འགོད་པར་སྙིང་ཐག་པ་ནས་རེ་བ་ཞུའོ།   །