གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《བོད་རྒྱ་ཚིག་མཛོད་ཆེན་མོའི་མིང་མཐའི་པ་བ་སྦྱོར་ཚུལ་གླེང་བ།

  • དགའ་བྱེད།ip:47.8.157.*
    2019-02-23 00:39:03
    དོན་མེད་ཀྱི་ཉོག་གཏམ་རེད།
    ཉིས་སྟོང་ལོར་སྡོམ་རྩིས་བྱས་པ་ལྟར་ན། བོད་མི་རྒྱལ་ནང་དུ་5416021ཡོད་པ་རེད། དེའི་ནང་དུ་དབུས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་160ལྷག་དང་། ཁམས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་227ལྷག ཨམ་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་121ལྷག་ཡོད་པ་རེད
    བརྟག་དཔྱད་ཅི་ཡང་མ་བྱས་པའི་སྐད་ཆ།  ཁམས་སྐད་ཟེར་བ་སྐད་གང་རེད།  ལས་རྒྱན་ཟེར་བ། གང་རེད།  

    བོད་རྒྱ་ཚིག་མཛོད་ཟེར་བ་ནི་རྒྱ་མི་ཞིག་གིས་མགོ་བྱས་ཏེ་བསྒྲིགས་པ་ཡིན་པས། དེའི་ནང་ན་ནོར་འཁྲུལ་མང་། དེ་གཞི་བྱས་པ་ནི།  ཐོག་མ་ནས་ནོར་བ་རེད།  
    བོད་ཀྱི་མཁས་པ་པྲ་སྟི་དང་། དེང་གི་མཁས་པ་དཔའ་རིས་སངས་རྒྱས།  ཚེ་ཏན་ཞབས་དྲུང་ཚང་སོགས་བོད་སྐད་ལ་བྱང་ཆུབ་པ་དག་གི་དགོངས་པ་གཞིར་འཇོག་དགོས་ཤིང་།  དེ་ཡང་གཙོ་བོ་བོད་སྐད་རང་གི་སྐད་ཀྱི་གཤིས་ཀ་དང་བསྟུན་ནས་དཔྱད་དགོས་པ་ནི་གནད་ཀྱི་དོན་པོར་མཐོང་།  རྒྱ་བོད་ཚིག་མཛོད་སྒྲིག་མཁན་དག་གི་ཁྲོད་ན་སྐྱེ་གནས་ཀྱང་ཡག་པོ་ངོས་མི་ཟིན་ལ།  བོད་ཀྱི་དབྱངས་བཞི་ཡང་ངོས་མི་ཟིན་མཁན་ཡོད་པས། དེ་གཞིར་བཞག་པ་ནི་དོན་མེད་ཀྱི་ཚེགས་ལས་ཙམ་སྟེ། དེ་ལ་དཔྱད་རིན་ཅི་ཡང་མེད་ལ།  དེ་ནི་དཔྱད་གཞིར་འཇོག་འོས་པ་གང་ཡང་མེད་དོ།།
    དེ་ཙམ་ཡང་མི་ཤེས་པར་རྩོམ་འབྲི་ཁུལ་བྱེད་པ་ནི་གླེན་རྟགས་བསྟན་པའོ།།
    བོད་ཀྱི་སུམ་རྟགས་གཉིས་དང་འབྲེལ་ནས་དེའི་དགོངས་པ་དང་མ་འགལ་བ་ཞིག་བཤད་ཐུབ་ན་རབ། དེ་མ་གཏོགས་དོན་མེད་ཀྱི་ལས་མ་བྱེད་ཟེར་འདོད་དོ།།