གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《དབྱར་གནང་སྐབས་ཀྱི་དྲན་འཆར།

  • དགེ་ལེགས་རྒྱལ་མཚན།ip:110.167.84.*
    2018-12-11 20:24:30
         རྩོམ་ལེགས་པོ་རེད
  • Yjbip:61.178.196.*
    2015-05-14 11:13:20
    དབྱར་གནང་གི་དྲན་འཆར་ཞེས་པ་བཀླགས་རྗེས།
    ང་དང་ང་ལྟ་བུའི་ཀློག་པ་པོ་ཚོར་དྲན་པའི་མེ་ལོང་ངོས་སུ་གློག་བརྙན་ཞིག་བསྟན་པ་བཞིན་ཕ་ཡུལ་གྱི་གཟུགས་བརྙན་མངོན་སུམ་དུ་འཆར་འོང་བས། ཡིད་ཀྱི་དུངས་པ་ཅིག་ཅར་དུ་འཕྲོག་ཅིང་། ལྷག་ཏུ་རྩོམ་མཁན་ཉིད་དང་ཤ་ཁྲག་འབྲེལ་ཅིང་ན་ཚོད་མཉམ་པའི་བདག་ལ་མཚོན་ན་རྩོམ་གྱི་མགོ་མཇུག་ཧྲིལ་པོས་ཕ་ཡུལ་དུ་དངོས་སུ་གནས་པ་ལྟ་བུའི་སྒྱུ་རྩལ་སྣང་བརྙན་གསར་བཞེངས་བྱས་ཤིང་། སྒྲིག་གཞི་ཞིབ་ཚགས་ལྡན་ཞིང་གོ་རིམ་བསྟར་ཆགས་སུ་གནས་པ་དང་། རྩོམ་པ་པོའི་མི་ཚེའི་བརྒྱུད་རིམ་ལས་འཕྲོས་ཏེ། ཆེ་ས་ནས་བོད་ཀྱི་རིག་གནས་རིན་ཐང་ཁྱེར་ཕྱོགས་དང་། ཆུང་ས་ནས་ཕ་ཡུལ་གྱི་ཡུལ་མིའི་བསམ་བློའི་འཕོ་འགྱུར་ལས་བྱུང་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། དེས་བསྐྱེད་པའི་བསམ་པའི་འགལ་འདུ་རྣམས་ཚིག་སྦྱོར་བདེ་ཞིང་ཁ་གསལ་པ། དཔེ་དོན་གནད་ལ་ཁེལ་ཞིང་བརྗོད་དོན་འབུར་དུ་ཐོན་པ་སོགས་རྩོམ་ཡག་པོ་འཁྱོངས་ཡོད། རང་ལ་མཚོན་ན་འདི་ལྟ་བུ་འབྲི་རྒྱུའི་རྩོམ་རྩལ་དངོས་གནས་དབེན་པ་རང་རྒྱུས་རང་ལ་གསལ་པས། རྩོམ་འདིར་ཁ་མིན་དོན་གྱིས་རྗེས་སུ་ཡི་རང་དང་། སླད་མར་ཡང་འདི་ལྟ་བུའི་རྩོམ་ཡིག་གང་མང་ལ་རེ་སྒུག་དང་བཅས་གུས་ཕྲན་བདག་གིས་ལག་ཟུང་ཐལ་མོ་སྙིང་གར་སྦྱར་ནས་ཞུའོ།།
  • མིང་མེད།ip:60.165.254.*
    2015-05-13 17:19:01
    ལེགས་པོ་འདུག