གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《《སྟོན་རླུང》སོགས་ལྷུག་རྩོམ་ཁག་བཞི།

  • སྒོ་ཇོ་ཡགip:221.207.37.*
    2018-11-02 11:37:59
    རྩོམ་འབྲི་བ་ནི་གནས་སྐབས་ཀྱི་ལྟོ་རྒྱབ་ཙམ་གྱི་ཆེད་དུ་མིན་ཙང་། འབྲི་ན་མུ་མཐུད་དུ་འབྲི་རོགས་ཞེས་རེ་བ་ཞིག་སྙིང་ནས་ཞུའོ། བ
  • སྨུག་པོ།ip:60.165.248.*
    2018-10-25 09:26:46
    རྩོམ་འདི་དག་ནི་སེམས་ཀྱི་བཞུར་རྒྱུན་ལྷོད་ཅིང་།  ཚིག་གི་དབྱངས་སྙན་དལ་གྱིས་འཕྱོ་བའི་གཙང་ཆབ་ཀྱི་འགྲོས་དང་མཚུངས།  མུ་མཐུད་ནས་མང་པོ་འབྲི་རོགས།
  • ཨ་ཁུ་ཁྱི་སྐྱགip:110.167.101.*
    2018-10-06 23:49:22
    བུད་མེད་སྔོན་མ་དག་དང་བསྡུར་ན་ཁྱེད་ཀྱི་ལྷུག་རྩོམ་ལ་སྔོན་ཐོན་གྱི་ཆ་མང་དུ་འདུག  ལྷག་པར་དུ་སྤྱི་མཚན་པ་ཞིག་ནས་བྱེ་བྲག་པ་ཞིག་ཏུ་གྱུར་བ་ཡིད་དུ་འོངས།  ཚིག་སྦྱོར་སོགས་ཀྱང་མཛེས། དེ་ནས་ད་རུང་ཚོར་བ་བྱེ་བྲག་པ་ཞིག་བརྗོད་དེ་བརྒྱུད་ཀློག་པ་པོར་བསམ་གཞིགས་ཀྱི་བར་སྟོང་རེ་སྐྲུན་ཐུབ་ན་ལེགས།མཚོན་ཐབས་ལའང་འཚོལ་སྙེག་བྱེད་ཐུབ་ན་ལེགས། འབྲི་ཐབས་ལ་མཛེས་སེ་དང་ཚིག་སྦྱོར་ལ་ལྡོང་ཡོན་བསྟེན་ཐུབ་ཚེ་ལེགས།  ད་བར་བུད་མེད་ལྷུག་རྩོམ་འབྲི་ཐུབ་མཁན་ཉུང་བས་རྒྱབ་སྐྱོར་དང་ཡུན་སྐྱོང་གི་རེ་བ་ཞུ། ཨ་ཁུ་ཁྱི་སྐྱག་གིས།
  • མིང་མེད།ip:118.124.67.*
    2018-10-06 16:30:00
    བཀླགས་ཟིན། དཔེ་མེད་ཡག་སྣང་སྐྱེས། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཕྱུག་པའི་སྤང་ལྗོངས་ནི།ད་གཟོད་ཆེས་མཛེས་ཤིང་སྡུག་པ་དེ་ཡིན་ངེས། བོད་ཀྱི་རྩོམ་སྟེགས་ཀྱང་དེ་ལས་མ་འདས།