གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ངའི་གསར་རྩོམ་གྱི་བརྒྱུད་རིམ།

  • བོད་བདགip:14.139.236.*
    2019-11-08 15:07:18
    བོད་ལ་ད་རུང་བརྩམས་སྒྲུང་འབྲི་མཁན་རྣལ་མ་ཞིག་འཁྲུངས་མི་འདུག

    དཔལ་དོན་གྲུབ་རྒྱལ་ལས་གཞན་པ་ཞིག་ད་རུང་བྱོན་མེད་པ་གང་ཡིན་ནམ།
    《སྤྲིན་དཀར་ལམ་རྙིང》དང་《བོད་མི་གསར་བརྗེ་བ་ཞིག》ཅེས་པའི་ཚིག་སྦྱོར་ལེགས་ཟེར་བ་ནི་ཁོས་ལྷ་སའི་ལུང་སྐད་ལེགས་ཟེར་བ་ལྟ་བུ་རེད། བོད་སྐད་དང་མི་མཐུན་པ་མང་པོ་ཡོད། སྔ་མ་ནི་བྱིས་པ་ངག་དིག་ཅིག་གིས་བཤད་པ་དང་། ཕྱི་མ་ཕྱི་རྒྱལ་མགོ་སེར་ཞིག་གིས་བོད་སྐད་བཤད་པ་ལྟ་བུར་ཡོད་དོ།།
  • གངས་སེང་།ip:110.166.209.*
    2019-10-11 22:35:27
    བོད་ནི་ནང་ཆོས་སྲོག་ཤིང་ཡིན་པའི་ཕྱུགས་ལས་རིག་གནས་ཀྱི་མི་རིགས་ཤིག་ཡིན་ཟེར་བའི་སྐད་྄འདི་ལ་གནད་དོན་ཞིག་འདུག   གཅིག་ནས་ཚེ་རིང་དོན་འགྲུབ་ཁོ་སོག་པོ་ཡིན་པ་དང་། གཉིས་ནས་ཁོ་ནི་འབྲོག་པ་ཞིག་ཡིན་པའི་ཆ་ནས་མགོ་རྔ་མི་ཚང་བའི་སྐད་ཆ་འདི་ལྟ་བུ་ཞིག་ལབ་པ་རེད།
  • བཙན་རུང་།ip:101.248.176.*
    2019-10-02 00:07:09
    རྒན་ཚེ་རིང་དོན་གྲུབ་ལགས་ཀྱི་གསར་རྩོམ་གྱི་བརྒྱུད་རིམ་དེ་དངོས་གནས་རྩོམ་འབྲི་བ་གཞོན་སྐྱེས་གསར་ཕོ་མོ་སོགས་ལ་གཏིང་གལ་ཆེ་བས་ཁྱོད་ཀྱིས་འདི་ལྟར་གསུང་བར་བཀའ་དྲིན་ཆེ།    བློ་སྐྱེད་ཡོད་སོང་ལགས།
  • དམེ་ཤུལ་ལྷ་མོ་སྐྱབས།ip:223.104.27.*
    2019-10-01 09:47:40
    ངོ་སོ་བསྟོད།
  • དུར་སྲི།ip:111.44.214.*
    2019-09-29 17:55:29
    ཡིད་སེམས་རབ་ཏུ་དྲངས།
  • རྨ་ཆུ་བ།ip:42.92.195.*
    2019-09-28 22:34:30
    བོང་རྫི་ལགས། བོད་ཀྱི་སྙན་ངག་ཟེར་ན་འདྲ། རྩོམ་པ་བོ་སྣ་ཚོགས་ལས་སྐྱོན་ཞིག་ཨེ་རྙེད་བལྟས་བལྟས་ལ་མ་འདུག ཁྱོད་ནས་རིག་གསར་སྐོར་ཅུང་བཤད་པར་ཚང་མ་སྤྱི་འགྲོས་དེར་བཞག་ནས་འགྲེལ། དེ་ནི་ཁྱོད་ཅོལ་ཆུང་ཡིན་པའི་རྟགས་སུ་ཐེ།
  • སྤྱན་གསལip:101.249.20.*
    2019-09-28 14:08:10
    བོང་རྫི། བོད་ཡིག་ཅུང་ཡག་པོ་ཞིག་སྦྱོང་ཨེ་ཐུབ་ལྟོས། རྒྱུན་དུ་འབ་ཟུག་མ་བྱེད།
  • སྲབ།ip:101.206.170.*
    2019-09-28 12:25:05
    བོང་རྫི། ཁྱེད་ཀྱི་ཕྱི་ནང་གསེང་གསུམ་སུ་ཞིག་གིས་ཀྱང་བསྡམས་ནས་བསྡད་མེད་པས། རྩོམ་པ་པོ་ཡིན་ཟེར་བ་དག་གིས་མ་ཡོང་ས་དང་མ་འདང་ས་ཅི་ཡོད་ཁྱེད་ཀྱིས་ཁ་གསབ་བྱེད་རོགས། དེ་མིན་ནམ་རྒྱུན་གཞན་ལ་གཤེ་གཤེ་དང་ཕ་གསོད་ཀྱི་ལག་དམར་གཞིས་སྡོད་བོད་མི་དག་ཨེ་མིན་བསམ་སྤྱད་ཀྱི་བསམ་སྦྱོར་ངན་པ་སྤེལ་མ་ཡོང་། ལྷག་ཏུ་རིག་གནས་བསམ་བློའི་བགྲོ་གླེང་ཁོད་ཡངས་པ་ཞིག་བསྐྲུན་རྒྱུ་གལ་ཆེན་དུ་སྣང་བས་ཀུན་སློང་ཡག་པོ་ཞིག་འཆིང་རྒྱུ་ནི་ཧ་ལས་པ་གཙོ་བསམ་སོང་།
  • རང་སྐྱེས།ip:218.95.241.*
    2019-09-28 10:31:22
    བོད་ནི་རིག་གནས་དང་།ས་བབ་དང་གོམས་གཤིས་ཐད་ནས་ཨི་རན་དང་ཡུ་གུར་སོགས་མུ་སུལ་མན་ཚོ་ལས།མེ་གླིང་ལྷོ་བྱང་གི་གདོད་གནས་མི་རིགས་དང་།ཡོ་རབ་བྱང་མའི་མི་རིགས་དག་དང་ཉེ་བོ་མེད་དམ།
    ཡང་མྱོང་བརྒྱུད་ཐད་ནས་ཡ་ཧུ་ཏ་པ་དང་མི་འདྲའམ།  
  • ཚེ་རིང་མགོནip:223.104.9.*
    2019-09-28 09:17:45
    རྩོམ་པ་པོ་ཚེ་རིང་དོན་གྲུབ་ནི་བོད་རྩོམ་རིག་གསར་བའི་གར་སྟེགས་སུ་གདན་ཐོབ་མཐོན་པོ་ཡོད་ཅིང་། བོད་ཀྱི་རྩོམ་རིག་རྣལ་མ་འབྲི་རྩོམ་གནང་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པས། ཁོང་གི་གསར་རྩོམ་ལམ་བུའི་ཁྲོད་ཀྱི་མྱོང་ཚོར་ལ་རིན་ཐང་ཤིན་ཏུ་ཆེ། ཁོ་བོའི་ངོས་ནས་དཔོག་ན། ཁོང་གིས་བོད་ཀྱི་རྩོམ་རིག་ལ་བཞག་པའི་བྱས་རྗེས་ཆེ་ཤོས་དེ་བོད་རྩོམ་རྣལ་མ་སྟེ། བོད་རང་གི་སྐད་ཆའི་སྒྱུ་རྩལ་ལམ་ནས་རྩོམ་རིག་གསར་རྩོམ་ལ་གྲུབ་འབྲས་བཞག་པ་དེར་འདོད། བཀྲ་ཤིས་ཟླ་བ་སོགས་བོད་ཀྱི་རྩོམ་པ་པོ་ཡིན་ཡང་། དེ་དག་གི་བརྩམས་ཆོས་བོད་ཀྱི་རྩོམ་རིག་ལ་ངོས་ལེན་གཏན་ནས་བྱ་མི་རུང་སྙམ། རྒྱུ་མཚན་རྩོམ་རིག་ནི་སྐད་ཆའི་རྒྱུ་རྩལ་ཞིག་ཡིན་པས་དེའི་མི་རིགས་ཀྱི་རང་བཞིན་སྐད་ཆ་ཁོ་ནར་བརྟེན་དགོས་པས་སོ།། གཞན་ཁོང་གིས་མདོ་དབུས་ཁམས་གསུམ་གྱི་སྐད་ཆ་ཧེ་བག་ཅིག་གསུངས་པ་དེ། གལ་སྲིད་ཐ་སྙད་བེད་སྤྱོད་ཀྱི་ཁྱད་པར་ཨ་མདོས་ཐོམ་བུ་ལ་དབུས་སུ་སྐྱོགས་སྤྱོད་པ་ལྟ་བུ་ཞིག་ནི་ཀློག་པོའི་ཤེས་རྒྱར་འབྲེལ་བ་ལས་རྩོམ་པ་པོས་ཐག་ཆོད་དགོས་པ་ཞིག་ཏུའང་མི་སེམས་ལ།  བརྡ་སྤྲོད་སྦྱོར་ལུགས་ཀྱི་ཆ་ནས་མདོ་དབུས་ཁམས་གསུམ་ལོ་ངོ་བརྒྱ་ཕྲག་ཡར་སྔོན་ནས་གཅིག་ཏུ་ཡོད་པ་སྔོན་གྱི་གསུངས་རྩོམ་དག་གིས་ར་སྤྲོད་བྱས་ཡོད།  འོན་ཀྱང་། ཅི་ཞིག་ལ་ཆི་ཟིག་ལྟ་བུ་ཨ་མདོའི་འབྲོད་རང་གི་སྐད་དུ་ཡི་གེའི་ཀློག་དང་སྐད་ཆའི་བར་མི་འདྲ་བའི་ཚུལ་གྱིས་བཅའ་བ་ནི་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པའི་རང་སྣང་གང་དྲན་ཞིག་ལས། དེ་ལྟ་བུ་ནི་མི་རིགས་ཆེན་པོ་རྒྱ་ལའང་རྒྱུན་འབྱམས་སུ་ཡོད་མོད། ཁོ་ཚོས་ཀློག་གཅིག་གྱུར་ལ་འབད་པ་ལས་ཀློག་མི་འདྲ་བས་ཡི་གེ་འཆོས་པ་ཞིག་གང་དུ་ཡོད། ཡང་གཅིག་བྱས་ན་དབུས་སྐད་དུ་ཅི་ལ་ཆིའི་སྒྲ་དང་ཉེ་བ་ཞིག་འདོན་པ་མངོན་སུམ་ཡིན་ནོ།།   
  • བོང་རྫི།ip:221.207.37.*
    2019-09-28 08:11:20
    དེང་སང་གི་བོད་ཀྱི་རྩོམ་པ་པོ་ཡིན་ཟེར་པ་དག་གི་སྐྱོན་ཆེ་ཤོས་ཤིག་ནི། རིག་གསར་གྱི་ཤན་ཞུགས་གླེང་མི་ཐུབ་པ་དེ་རེད། དེ་ནི་ཁོ་ཚོའི་ཁོག་གི་ན་ཚ་དེ་རེད། ཚེ་རིང་དོན་གྲུབ་ཀྱིས་ཀྱང་རིག་གསར་གྱི་ཤན་ཞུགས་མེད་ཚུལ་དང་། རྙིང་གཏོར་མེད་ཚུལ་སོགས་གླེང་ཅི་ཐུབ་བྱེད་ཀྱིན་འདུག་མོད། དེ་ནི་ཁོའི་ཁོག་གི་ནད་རྙིང་དེ་རེད། བོད་ཡིག་གི་ཆུ་ངོགས་གཏམ་རྒྱུད་བདུན་ཅུའི་མཇུག་ལ་ཡོད་པ་མ་རེད།
  • བཀྲ་ཤིས་རབ་བརྟན།ip:223.104.27.*
    2019-09-27 23:26:41
    ཐོག་མར་ངས་འདི་ནས་རྒན་ལགས་ཀྱིས་གསར་རྩོམ་གྱི་བརྒྱུད་རིམ་གླེང་བ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན །བལྟས་ནས་ཡོང་ན་ཁྱེད་ཀྱི་གསར་རྩོམ་གྱི་ལས་ཀར་ཞུགས་པའི་སྒུལ་ཤུགས་དང་འབྲི་རྐྱེན་པའི་ཀུན་སློང་།གསར་རྩོམ་མ་བྱས་སྔོན་གྱི་དོན་དངོས་རང་བཞིན་གྱི་བྱ་བའི་གནས་ཚུལ་གྱི་རྒྱབ་ལྗོངས་ཆེད་དམིགས་སུ་བཟུང་ཞིང་དཔྱད་གཞི ་རྒྱུ་ཆ་འཚོལ་བསྡུ་འམ་དབྱེ་ཞིབ་བྱས་པའི་བློ་མིག་ཕྲ་བོས་གསར་རྩོམ་གྱི་ལམ་ཁ་འགྲིམ་ལུགས་ཀྱི་ཐོས་པ་ནི་སློབ་བུ་ངས་སྙིང་ནས་མོས་གུས་ཞུ་བཞིན།གསར་རྩོམ་བྱེད་ལུགས་ཀྱི་དགོས པ་དང་མི་འདང་སར་བསམ་གཞིག་བྱས་པའི་རྗེས ་ཀྱི ་དགོངས་པ་འང་རིན་ཐང་གཞལ་མེད་དུ་འདོད་དོ།