གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག Copyright © 2005-2024 tibetcm.com All rights reserved. Powered by: tibetitw.com E-mail:tibetcm@126.com QQ:492779202
࿐ཆགས་མེད།
རྩོམ་པོ• བེ"ཨག་ཚོམ།
མཛེས་སྡུག་གི་གཞན་དཔལ་འཛུམ་མདངས།།
ཉ་གང་གི་ཟླ་བར་མཉམ་ཡང་།།
བརྟན་མེད་ཀྱི་བཅོས་མའི་སེམས་པ།
གཞན་ཕྱོགས་ལ་འཁོར་འགྲོ་ཆགས་མེད།།
དཀྱུས་རིང་གི་ཟུར་མིག་ཁྲ་བོ།།
མེ་ཏོག་གི་འདབ་མར་འཁུ་ཡང་།།
བསིལ་རླུང་དེ་ལྡིང་ཕྱོགས་ཞིག་གིས།།
གཞན་ཡུལ་ལ་སྤུར་འགྲོ་ཆགས་མེད།།
འཕྱོར་སྒེག་གི་ལང་ཚོའི་མཛེས་ཉམས།།
གསར་བཞད་ཀྱི་པད་མར་བསྒྲུན་ཡང་།།
ཡིད་འོང་གི་སྟངས་སྟབས་དེ་ཡིས།།
ཕ་རོལ་ལ་བསྒྱུར་འགྲོ་ཆགས་མེད།།
སྙན་འཇེབས་ཀྱི་དབྱངས་རྟ་མངར་མོ།།
ཁུ་བྱུག་གི་དབྱངས་དང་འགྲོགས་ཀྱང་།།
སྟོན་འཇུག་གི་སྡུང་ལོ་འཐོར་ཚེ།།
མོན་ཡུལ་ལ་བཞུད་འགྲོ་ཆགས་མེད།།
གོ་ལ་ཡི་ཡང་སྟེང་འདི་ནས།།
དགའ་སྐྱོ་ཡི་མོ་ཚེ་ཐུང་ཐུང་།།
བར་ཆད་དང་འབྱུར་འགྱུར་ཞིག་གིས།།
གཤེན་ཡུལ་ལ་འགྲིམ་འགྲོ་ཆགས་མེད།