གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《བདག་གི་བསམ་ཚུལ་སྣ་ཚོགས།

  • སེང་།ip:221.207.37.*
    2015-01-16 00:48:31
    ད་ཐེངས་ཀྱི་འདི་མི་ཞིག་གི་བཤད་སྲོལ་རེད། དེས་ན་དེ་བྱ། ཁྲོ་བ་ཡོད་ཀྱང་འཛིན་པ་མེད་དོ། །
  • ཨ་ཕ།ip:110.166.90.*
    2015-01-15 19:43:26
    ཡ་ཡ།  ད་དེ་འདྲ་བྱོས།   ང་ལ་ཁྱོད་ཀྱི་སྟེང་དུ་ཀུན་སློང་ངན་པ་ཅི་ཡང་མེད།   རང་རེའི་བོད་ལ་མི་གཅིག་ཀྱང་ཡལ་བོར་འབོར་རྒྱུ་མེད།   སྤྱིར་བཟང་གི    གར་སྟེགས་སྟེང་དུ་བུད་ཟིན་ལྟད་མོ་བ་འགའ་རེ་ཡོད་སྲིད་ལ་དྲང་ལྡོག་གི་གླེང་མོལ་ཡང་རྟིང་མའི་ལག་ཡོང་ཡིན།   སྙན་པ་ཁོ་ན་རྣ་བར་མཁོ་ན་ཡང་དེས་ར་རི་འཁྲུད་ཐུབ་པའི་ངེས་པ་མེད།  མི་སྙན་པ་ནི་ལྟོས་བཅས་ཀྱིས་རྣ་བར་འཛེར་ཡང་དེ་ལ་ཡོ་བསྲང་གི་བྱེད་ནུས་ཡོད།  མཚང་འབྱིན་གྱི་རིགས་དེ་གཡུགས་ཞོག    ང་ཚོས་ཀྱང་གོམ་སྟོབས་གཞན་ཞིག་ཏུ་སྤོས་ན་འོས།  དགའ་སྐྱོ་ཆགས་སྡང་སུ་ལ་ཡང་ཡོད་ངེས།   དེའི་སྣེ་མོར་འཇུས་ནས་ལམ་དུ་ཞུགས་པ་ཡིན་ན་འདི་ལྟ་བུའི་དྲ་ངོས་སུ་རང་རང་གི་གཉོམ་ངོས་དེ་བསྟར་ལ་བསྒྲིགས་པ་ལས་མེད།     
  • ཨ་ཕ།ip:110.166.90.*
    2015-01-15 18:41:33
    ༡ཁྱོད་ཀྱིས་ཀྱང་རྣམ་སྨིན་ཞིག་ཡོད་པ་ཤེས་སམ།  མགོར་འཇིགས་པ་འོང་བས་དེ་ཁས་ལེན་ཡང་སྲིད།   ཁྱོད་རྣམ་སྨིན་ཅི་ཞིག་གི་དབང་གིས་ཡིན་ནམ།    ༢སྙིང་མི་བཟང་བ་གཞན་དང་སྦྱོར་བ་ཡང་ཁ་ཆུའི་ནང་གི་གར་མིན་པའི་ངེས་པ་ཅི་ཡོད།   ༣འཆི་བར་གྱུར་ཅིག་ཅེས་པ་སོགས་ཁྱོད་ཀྱིས་ཁས་མི་ལེན་མོད་ག་ལ་ཐུག་ན་ལབ་ཆོག་གི་རེད།   ༤གཞན་དག་ནི་ཁྱོད་དང་འབྲེལ་དགོས་དོན་ཅི།   ༥དེ་ཁས་བླངས་པ་ཡིན་ན་སྐད་ཆ་མང་བས་ཅི་བྱེད།༦མི་ཆོས་རིང་ལུགས་ནི་སྤྱི་ཞིག་གོ ། ཁྱོད་ཀྱི་ལུང་འདྲེན་མཁན་ཡོད་སྲིད་དོ།།   རྒྱུ་མཚན་ནི་ཅི་ཡང་སྲིད་པའི་ཕྱིར་རོ།།
  • སེང་།ip:221.207.37.*
    2015-01-15 17:45:37
    ༡ ཨ་ལ་ལ། ཡང་མཆན་འགའ་བཞག་བཏང་ངམ། ངས་མ་བཤད་དམ། ཁྱོད་རྣམ་སྨིན་གྱི་དབང་གིས་ངའི་མཆན་ཞབས་པར་སྐྱེས་འདུག
    ༢ ལྷོད་ལ་བབས་ནས་ཅི་བྱེད། བྱིས་པ་གཉིད་བསྡད་ཡོད་དམ། མཁས་པ་ཚང་མའི་སྤྲོ་ཐུང་། སྙིང་མི་བཟང་། སྨྱོ་གཤིས་ཅན་ཡིན། དེ་ལ་བོད་སྐད་ནང༼རླུང་ཁམས་པ༽ཟེར། བླུན་པོ་ཚོ་ཁོ་ནར་དལ་བྲེལ་མེད། གཉིད་ཆེ། གཞན་གྱི་ཁ་ཆུའི་ནང་གར་བྱེད་པར་དགའ། དཔེར་ན་ཁྱོད་ལྟ་བུའོ།།
    ༣ འཆི་བར་གྱུར་ཅིག མིག་ལྟག་ཁུང་ནས་བུད་ཅིག རྒྱུ་མར་མདུད་པ་ཐེབས་ཤིག ཁ་ནང་ལ་འབུ་ཐོབ་ཅིག་སོགས་ནི་རྒྱུད་སྡེའི་ཆོས་ཚིག་ཤ་སྟག་རེད། དེ་བློར་མི་འབབ་ན་ཐོག་མར་རྒྱལ་བ་རྡོ་རྗེ་འཆང་ལ་དགག་པ་ཐོངས། དེའི་འཕྲོ་ནས་སངས་རྒྱས་སེང་གེ་རྡོ་རྗེར་རྒོལ་བ་བྱོས།
    ༤ རྗེ་ཙོང་ཁ་བས་ཁོས་རྒྱ་གར་གྱི་ཀླུ་སྒྲུབ་སོགས་ཀྱིས་གང་བཤད་རྗེས་བརྗོད་བྱས་པ་ཡིན། སྐད་ཆ་གསར་བ་གཅིག་ཀྱང་མེད་ཅེས་གསུངས་པ་རེད། ང་ལའང་རྒྱ་གར་ནག་གི་རྩོམ་ཤན་རེ་ཐེབས་ཡོད་པའི་དབང་དུ་བཏང་ན་ངས་ཀྱང་དེ་ལྟར་སྨྲ་ངེས།
    ༥ ངས་ཁྱོད་ལ་སྔར་ནས་ཀྱང་མ་བཤད་དམ། ཐུའུ་བཀྭན་གྱི་སྙན་ངག་མང་པོར་རྒྱ་ནག་གི་རྩོམ་ཤན་ཐེབས་ཡོད། ཙོང་ཁ་པའི་རྩོམ་སོགས་ལ་རྒྱ་གར་གྱི་རྩོམ་ཤན་ཐེབས་ཡོད། ས་པཎ་གྱི་ལེགས་བཤད་སོགས་རྒྱ་གར་པ་ཚོའི་ལུགས་ཀྱི་བསྟན་བཅོས་ལ་དཔེ་བྱས་ནས་བྱུང་། འཛམ་གླིང་གི་རྩོམ་མཁན་ཚང་མའི་རྩོམ་དེ་འདྲ་ཞེ་གཅིག་ཡིན། ཤན་ཕར་ཐེབས་ཚུར་ཐེབས་ཀྱིས་འཕེལ་ཞིང་རྒྱས། དར་ཞིང་བདོ་བར་གྱུར་ཏོ།།
    ༦ མི་ཆོས་རིང་ལུགས་ཞེས་པ་མི་འགའ་རེའི་ལྟ་ཚུལ་ཙམ་རེད། བསྒྲགས་བསྒྲགས་པས་རིང་ལུགས་འདྲ་བོ་ཞིག་གྲུབ་སོང་བ་རེད། དེ་ཁས་མི་ལེན་པའི་མི་ཡང་མང་པོ་ཡོད་པ་རེད། ངས་ཀྱང་ཨེ་ལེན་སུས་ཤེས། མ་འོངས་པ་ཞིག་ལ་ཁྱོད་འདྲ་བའི་མཆན་ཞབས་པ་ཞིག་གིས་ངའི་ད་ལྟའི་སྐད་ཆ་འདི་དག་བསྟན་ནས༼སེང་རྡོར་གྱི་བཙན་པོར་སྨྲ་བ༽ལྟར་ན་ཞེས་ལུང་དུ་མི་འདྲེན་པའི་ངེས་པ་མེད་དོ།།
  • སེང་།ip:221.207.37.*
    2015-01-15 17:43:47
    ༡ ཨ་ལ་ལ། ཡང་མཆན་བཞག་གཉིས་བཏང་ངམ། ངས་མ་བཤད་དམ། ཁྱོད་རྣམ་སྨིན་གྱི་དབང་གིས་ངའི་མཆན་ཞབས་པར་སྐྱེས་འདུག
    ༢ ལྷོད་ལ་བབས་ནས་ཅི་བྱེད། བྱིས་པ་གཉིད་བསྡད་ཡོད་དམ། མཁས་པ་ཚང་མའི་སྤྲོ་ཐུང་། སྙིང་མི་བཟང་། སྨྱོ་གཤིས་ཅན་ཡིན། དེ་ལ་བོད་སྐད་ནང༼རླུང་ཁམས་པ༽ཟེར། བླུན་པོ་ཚོ་ཁོ་ནར་དལ་བྲེལ་མེད། གཉིད་ཆེ། གཞན་གྱི་ཁ་ཆུའི་ནང་གར་བྱེད་པར་དགའ། དཔེར་ན་ཁྱོད་ལྟ་བའོ།།
    ༣ འཆི་བར་གྱུར་ཅིག མིག་ལྟག་ཁུང་ནས་བུད་ཅིག རྒྱུ་མར་མདུད་པ་ཐེབས་ཤིག ཁ་ནང་ལ་འབུ་ཐོབ་ཅིག་སོགས་ནི་རྒྱུད་སྡེའི་ཆོས་ཚིག་ཤ་སྟག་རེད། དེ་བློར་མི་འབབ་ན་ཐོག་མར་རྒྱལ་བ་རྡོ་རྗེ་འཆང་ལ་དགག་པ་ཐོངས། དེའི་འཕྲོ་ནས་སངས་རྒྱས་སེང་གེ་རྡོ་རྗེར་རྒོལ་བ་བྱོས།
    ༤ རྗེ་ཙོང་ཁ་བས་ཁོས་རྒྱ་གར་གྱི་ཀླུ་སྒྲུབ་སོགས་ཀྱིས་གང་བཤད་རྗེས་བརྗོད་བྱས་པ་ཡིན། སྐད་ཆ་གསར་བ་གཅིག་ཀྱང་མེད་ཅེས་གསུངས་པ་རེད། ང་ལའང་རྒྱ་གར་ནག་གི་རྩོམ་ཤན་རེ་ཐེབས་ཡོད་པའི་དབང་དུ་བཏང་ན་ངས་ཀྱང་དེ་ལྟར་སྨྲ་ངེས།
    ༥ ངས་ཁྱོད་ལ་སྔར་ནས་ཀྱང་མ་བཤད་དམ། ཐུའུ་བཀྭན་གྱི་སྙན་ངག་མང་པོར་རྒྱ་ནག་གི་རྩོམ་ཤན་ཐེབས་ཡོད། ཙོང་ཁ་པའི་རྩོམ་སོགས་ལ་རྒྱ་གར་གྱི་རྩོམ་ཤན་ཐེབས་ཡོད། ས་པཎ་གྱི་ལེགས་བཤད་སོགས་རྒྱ་གར་པ་ཚོའི་ལུགས་ཀྱི་བསྟན་བཅོས་ལ་དཔེ་བྱས་ནས་བྱུང་། འཛམ་གླིང་གི་རྩོམ་མཁན་ཚང་མའི་རྩོམ་དེ་འདྲ་ཞེ་གཅིག་ཡིན། ཤན་ཕར་ཐེབས་ཚུར་ཐེབས་ཀྱིས་འཕེལ་ཞིང་རྒྱས། དར་ཞིང་བདོ་བར་གྱུར་ཏོ།།
    ༦ མི་ཆོས་རིང་ལུགས་ཞེས་པ་མི་འགའ་རེའི་ལྟ་ཚུལ་ཙམ་རེད། བསྒྲགས་བསྒྲགས་པས་རིང་ལུགས་འདྲ་བོ་ཞིག་གྲུབ་སོང་བ་རེད། དེ་ཁས་མི་ལེན་པའི་མི་ཡང་མང་པོ་ཡོད་པ་རེད། ངས་ཀྱང་ཨེ་ལེན་སུས་ཤེས། མ་འོངས་པ་ཞིག་ལ་ཁྱོད་འདྲ་བའི་མཆན་ཞབས་པ་ཞིག་གིས་ངའི་ད་ལྟའི་སྐད་ཆ་འདི་དག་བསྟན་ནས༼སེང་རྡོར་གྱི་བཙན་པོར་སྨྲ་བ༽ལྟར་ན་ཞེས་ལུང་དུ་མི་འདྲེན་པའི་ངེས་པ་མེད་དོ།།
  • ཨ་ཕ།ip:110.166.90.*
    2015-01-15 16:56:34
    སྙན་ངག་དེ་ཚོ་མ་གཏོགས་དྲན་རྒྱུ་ཅི་ཡང་མེད་ཀི      དེ་ནི་ངའི་བསམ་ཚུལ་རེད།   གལ་ཏེ་དེ་ལ་འབྲེལ་བ་ཅི་ཡང་མེད་ན་ཁྱོད་ཅི་ལ་འདྲོགས་པ་ཡིན།   འདྲོགས་པས་མི་ཚད་གཡང་ལ་ལྷུང་གྲབས་རེད།    འདི་ཙམ་ལ་བརྟེན་ནས་ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་འདི་འདྲ་བརྟས་པ་ཡིན་ན་འཁོར་བ་ནི་མ་གཞི་ནས་འདི་ལྟ་བུ་ཞིག་ཡིན།     མི་ཚེ་ལ་བཞི་ཤད་འགོད་རག་བར་ཨེ་དཀའ་བསམས།    ངས་ཁྱོད་ལ་རྡོག་བརྫིས་གཏོང་གིན་མེད།   ཡིན་ཡང་གསར་བུ་ཁུ་ཚིར་འཆང་མཁན་ཚོ་དང་འདྲ་བར་ཁྱོད་ངར་ལངས་པ་འདི་ཅུང་མཚར་རོ།།  རང་གི་བྲིས་པའི་ནང་དོན་དེ་ཡང་རང་སྟེང་དུ་འབབ་ལོས་དགོས།   ཁྱོད་ལ་མ་དགའ་བའི་བསམ་བློ་ཅི་ཡང་མེད།    ཡིན་ཡང་དྲང་གཏམ་ནི་དྲང་གཏམ་ཡིན།   ངོ་དགའ་སྤྲེལ་ལད་ཅིག་ཁྱོད་ལ་འགངས་མི་ཆེ་ལ་ང་ལ་ཡང་ངོ་།     
  • ཨ་ཕ།ip:110.166.90.*
    2015-01-15 16:07:15
    ངའི་ངོས་ཐད་ནས་ཁྱོད་སེང་ཕར་ཞོག   བྱིས་པ་དམར་འབྱར་ཞིག་ཤི་ན་ཡང་མི་རིགས་འདིའི་གྱོང་ཡིན།   དེ་འདྲ་ཟེར་ཡང་མི་ཕོད།   ཡིན་ཡང་རང་ཉིད་ཀྱིས་མཐོང་བའི་ཁ་དོག་ལ་དབྱེ་ཞིབ་ཅིག་བྱས་ལོས་ཆོག་སྙམ།  ནག་ཉེས་ཡོད་པའི་མི་བཙལ་མཁན་ཧ་ཅང་མང་།    བཙལ་མཁན་ཚང་མ་དེའི་དམན་ཡིན་པ་མི་ཤེས།  བླུན་ནག་ཅེས་ཀུན་ལ་འབོད་པ་དེ་ཆུ་ཚད་མེད་པའི་བྱེད་ལས་ཤིག་ཨེ་ཡིན་སྙམ།    རང་ལབ་དྲི་ངན་ཅན་དེ་གཡུགས་ཞོག   ཅི་ཡང་མི་དགོས་ཀྱང་མི་ཆོས་རིང་ལུགས་ཙམ་ལ་འདང་རྒྱག་དགོས།    སྤྱིར་ང་ལ་བབས་མེད་པའི་ལས་ཀ་ཡིན་མོད།   ངས་ཁྱོད་གཏོགས་པའི་བོད་ཀྱི་བྱིས་པ་ཚུན་ཆད་ཀྱིས་བྲིས་པར་བལྟས་པ་ཡིན།   དེ་ནི་འུ་ཅག་རིགས་གཅིག་ཡིན་པས་རིགས་ཞེན་སུ་ལ་ཡང་ཡོད་ངེས།  དེ་བས་བལྟས་རྗེས་དབྱེ་ཞིབ་བྱས་པ་ཡིན།   ཁྱོད་ཀྱི་སྙན་རྩོམ་ཚོ་ལ་ཇི་ལྟར་བལྟས་ཀྱང་ཐང་གི་
  • ཨ་ཕ།ip:110.166.90.*
    2015-01-15 15:10:13
    ལྷོད་ལ་བོབས།  བསམ་བློ་དབྱིངས་ལ་ཞུགས་པ་ནི་སྦྲིད་དུག་ལག་ལེན་པ་ཚོའི་སྣང་བ་ཡིན།   མི་ཚེ་འདིར་ཁྱོད་ལ་མཆན་ཡག་ཤོས་རེ་ཡོད་ན་ཁྱོད་དགའ་བ་ངས་ཤེས་ཡོད།   ཡིན་ཡང་འདོད་པ་ལྟར་ཡོང་མིན་མི་ཤེས།  དར་ཅིག་གི་རིང་ལ་རྗོད་བྱེད་ཚིག་གི་ཆ་ནས་ཐང་གི་སྙན་ཚིག་ཚོར་ཤུ་འཐམ་རོ་འཐམ་བྱས་པས་གསར་བུ་མཐོང་རྒྱ་མེད་པ་ཚོས་ཁྱོད་ལ་ཁ་ཡག་འདྲ་བཤད་ནས་ཁྱོད་བཟི་ཡོད་ངེས།   བཟི་སྣང་དེའི་ངོགས་སམ་ཡང་ན་མ་གཞི་ནས་ཁྱོད་འདྲོགས་འདྲོགས་ལ་བསྡད་ཡོད་ཀྱང་སྲིད།   གང་ལྟར་མི་ཞིག་ཤི་དགོས་པའམ་མེད་ན་འདོད་པ་དེ་གཞན་གྱིས་ཁྱོད་ལ་ལབ་པ་རེད།  སྐད་དེ་ངས་ཀྱང་ཐོས་མྱོང་།   ངས་ནི་དེ་ལ་དགག་པ་བརྒྱབ་མྱོང་།   རྩིང་རྩིང་འདྲ་བྱེད་མི་དགོས།  སུ་ཞིག་རྐང་འོག་ཏུ་གནོན་འདོད་པ་དང་།   ཤི་ན་འདོད་པའི་བསམ་བློ་དེ་མ་གཞི་ནས་རྩོམ་པ་བོ་ཞིག་ལ་རན་མིན་མི་ཤེས།
  • སེང་།ip:118.213.20.*
    2015-01-15 13:43:38
    ༡ ང་གང་ལ་ཐོན་ཡོད་མེད་མི་ཤེས་ཏེ། ཁྱོད་ལྟ་བུ་དག་ངའི་རྩོམ་འོག་གི་འབུ་ཡིན་པ་ཧ་ཅང་གསལ་པོར་ཤེས་ཀྱི་ཡོད། ཁྱོད་ནི་མི་ཚེ་འདིར་ང་ལ་མཆན་འབྲི་མཁན་དུ་སྐྱེས་གཏན་ཁེལ་བ་རེད། ངས་ནི་ཚེ་འདིར་མ་ཟད་ཚེ་ཕྱི་མར་ཡང་ཕར་ཁྱོད་འཚོལ་བའི་དཔེ་མེད་དོ། ། ཁྱད་པར་དེ་རེད། སུ་གང་ལ་ཐོན་ཡོད་མེད་ཀྱང་དེས་ཤེས། སུ་སུའི་རྩོམ་འོག་ལ་འགྲོ་བཞིན་འདུག སུས་སུ་བཙལ་ནས་རྔུལ་ནག་བཞུར་བཞིན་འདུག ཞིབ་ཏུ་སོམས་དང་ཁྱོད་ཀྱི་ངོ་ནས་མེ་འབར་ངེས། འབར་རྒྱུ་མེད་དུས་བླུན་པོ་ཁ་ནག་ཅིག་ཡིན་ངེས། ༢ མི་གཤིས་ཟེར་བ་ཅི་ཡིན་ངས་གཞན་དུ་བཀྲལ་ཟིན། དེས་མི་མང་པོ་ཨར་ལ་གཏད་ཡོད། བསམ་ཤེས་སུ་བཅུག་ཡོད། མགོ་བཏགས་ལུས་འབུལ་འགྱོད་ཚངས་ལྟུང་བཤགས་བྱེད་མཁན་མང་པོ་བྱུང་ངོ་། ། ༣ རང་མ་གྲོལ་བར་གཞན་འགྲོལ་བའི་གནས་མེད་ཅེས་པ་ནི་ཙོང་ཁ་པ་སོགས་ཀྱི་གསུང་སྟངས་རེད། ང་ཁོ་ནའི་མ་རེད། འདི་ཙམ་ཡང་གོ་མྱོང་མེད་པར་གསོན་པ་ལས་མྱུར་བ་མྱུར་དུ་མེ་འཁོར་ཞིག་གི་ཁ་འོག་ལ་འཛུལ་བཞག་པས་མི་དགའ་འམ།
  • ཨ་ཕ།ip:223.220.118.*
    2015-01-14 11:45:41
    ཡུ་མོ་ཆུ་འཐུང་གིས་རྣ་བ་ཀེར་བ་ལྟར་དོགས་དོགས་ལ་འདུག་མི་དགོས།   ཁྱོད་འདྲོགས་པར་ཡང་ཁག་མི་འདུག  འདྲོགས་སྤྱད་རང་གིས་བྱས་ན་སྐྱོབ་ཐབས་མེད། ཡིན་ཡང་ངའི་ངོས་ཐད་ནས་དེ་དག་མི་གཙོ།   དོག་ས་ནས་བཤད་ན་ང་མ་དགོས་ཁྱོད་ཀྱང་ཅང་ལ་ཐོན་མེད།   རང་དབང་གི་ངོས་ནས་ལབ་ན་ང་མ་དགོས་ཁྱོད་ཀྱང་ཆོག  སོ་སོར་དབྱེ་བྱའི་དོན་ལ་མི་གཞོལ་བར་སྒེར་ནས་མི་གཞི་ལ་ཚིག་མཚོན་འདེབས་པ་ནི་ཁྱོད་ཀྱི་རང་གཤིས་ཡིན་པ་འདྲ།   གཞན་བསྐྱབས་ནས་རང་སྲོག་ཤོར་བ་མང་།   ཁྱོད་ཡིན་ན་རང་མ་གསོན་པར་གཞན་སྐྱོབ་ཐབས་མེད་པ་འདོད་མོད།  དེ་ཡང་དེ་ཀ་རང་རེད།   དཔོན་པོ་ཚོས་མ་གཏོགས་གཞན་འཆོས་མི་ཆོག་པ་ཁྱོད་ཀྱི་ལུགས་རེད།་་་་་་
  • སེང་།ip:221.207.37.*
    2015-01-14 03:14:38
    ༡ འཛམ་གླིང་གི་རྩོམ་པ་པོ་ཚང་མ་དེ་འདྲ་ཡིན་མོད། ངས་ཁ་ཁ་ཞིག་ཨེ་ཡོང་བསམ་གྱི་ཡོད། མི་ཡོང་ན་འཛམ་གླིང་རྩོམ་པ་པོ་ཚོའི་གཞུག་ཏུ་འདེད་རྒྱུ་ཡིན། ༢ རང་མ་གྲོལ་བར་གཞན་འགྲོལ་བའི་གནས་མེད་ན། ཐོག་མར་ཁྱོད་རང་ཉིད་མཐོ་ས་ཞིག་ལ་ཐོན་དུ་ཆུགས། དེ་ནས་གཞན་འཆོས་པའི་ལས་ཀར་ཞུགས། དེ་ཡིན། ༣ དེ་མིན་འཚོ་བའི་ནང་གི་ལོ་ལོན་ཞེས་པ་ཅི་ཞིག་རེད། འཚོ་བའི་ནང་ན་མེད་པའི་ལོ་ལོན་ཞིག་ཀྱང་ཡོད་དམ། ཁོ་ཚོ་དེ་འདྲའི་སྡུག་པོ་ཞིག་རེད་དམ། ཤེས་རིག་མེད་པ་ཞིག་རེད་དམ།  འདིའི་སྐོར་ཁོ་བོས་རྩོམ་གཞན་དུ་གླེང་སྲིད་པས་ད་དུང་མ་བྲེལ། ད་བདེ་མོ།
  • སེང་།ip:221.207.37.*
    2015-01-14 03:11:43
    ༡ འཛམ་གླིང་གི་རྩོམ་པ་པོ་ཚང་མ་དེ་འདྲ་ཡིན་མོད། ངས་ཁ་ཁ་ཞིག་ཨེ་ཡོང་བསམ་གྱི་ཡོད། མི་ཡོང་ན་འཛམ་གླིང་རྩོམ་པ་པོ་ཚོའི་གཞུག་ཏུ་འདེད་རྒྱུ་ཡིན། ༢ རང་མ་གྲོལ་བར་གཞན་འགྲོལ་བའི་གནས་མེད་ན། ཐོག་མར་ཁྱོད་རང་ཉིད་མཐོ་ས་ཞིག་ལ་ཐོན་དུ་ཆུགས། དེ་ནས་གཞན་འཆོས་པའི་ལས་ཀར་ཞུགས། དེ་ཡིན། ༣ དེ་མིན་འཚོ་བའི་ནང་གི་ལོ་ལོ་ཞེས་པ་ཅི་ཞིག་རེད། འཚོ་བའི་ནང་ན་མེད་པའི་ལོ་ལོན་ཞིག་ཀྱང་ཡོད་དམ། ཁོ་ཚོ་དེ་འདྲའི་སྡུག་པོ་ཞིག་རེད་དམ། ཤེས་རིག་མེད་པ་ཞིག་རེད་དམ།  འདིའི་སྐོར་ཁོ་བོས་རྩོམ་གཞན་དུ་གླེང་སྲིད་པས་ད་དུང་མ་བྲེལ། ད་བདེ་མོ།