གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སེང་རྡོར་གྱིས་༢༠༡༨ལོའི་ཟླ་དགུ་བའི་ནང་བྲིས་པའི་ལྷུག་རྩོམ་འགའ།

  • དུར་མེ།ip:221.237.62.*
    2022-01-30 16:53:20
    གཞན་དག་མི་ཤེས་མོད། རྩོམ་སྐད་ཀྱི་སྐོར་ལ་བཤད་པ་དག་ནི་ལོས་བདེན་ཨང་སྙམ་པ་ཞིག་བྱུང་།
  • ས་ཁུ་རྒྱ།ip:118.213.232.*
    2020-04-01 11:04:16
    ༆ ཨོཾ་སེང་གེ་རྡོ་རྗེ་ལ་ན་མོ།  ཚིག་བྱིན་རླབས་ཅན་པོ།  དོན་གསེར་རྡོག་འདྲ་བོ།  
  • ལྕགས་དགྲip:117.136.82.*
    2019-05-29 23:46:16
    སེང་རྡོར་ལ་སེང་གེ་ཞེས་བསྟོད་པའི་མེ་ཏོག་གཏོར་དོན་མེད་ལ་སྨད་པའི་མཆིལ་ཞག་ཀྱང་འཕེན་དགོས་དོན་མེད།ཀློག་པ་པོའི་ངོས་ཐད་ནས་བཤད་ན།བཟའ་བྱའི་ཟས་དེ་ལ་ཚ་སྒོག་གཡེར་གསུམ་གྱི་སྦྱོར་བ་འགྲིག་ན་ཟོས་ཆོག་སྟེ།གལ་ཏེ་བྲོ་བ་གང་མེད་པ་དང་བྲོ་རྫས་ཀྱི་སྦྱོར་བ་འགྲིག་མེད་ན་ཉིད་ཀྱིས་ཀྱང་དེ་མ་ཟོས་ན་ཆོག་པར་འདོད།
  • དཔལ་མིང་པ།ip:58.132.205.*
    2018-12-24 21:24:57
    སེང་གེ་རྡོ་རྗེའི་ཚིག་གཙང་ཞིང་དོན་འདུས་པ་ཞིག་བྲིས་གནང་འདུག  ཐུགས་རྗེ་ཆེ།  ད་ལྟའི་རྩོམ་པ་པོ་ལས་ཁྱེད་དང་འཇུ་སྐལ་གྱི་རྩོམ་སྐད་ལས་སྒྲོས་གཙང་བ་ཞིག་མི་འདུག  དེ་ཡང་དོན་ལ་ཁྱེད་རྣམ་གཉིས་དཔེ་དེབ་གསར་རྙིང་གཉིས་ཀྱི་སྒང་གཤོང་མང་པོ་ལོ་མང་པོའི་རིང་རེ་རེ་ནས་ཉུལ་ཞིང་འོངས་པའི་འབྲས་བུར་འདི་ལྟ་བུའི་ཞིབ་ཆ་གང་མང་ཞིག་ལ་ངེས་པ་གཏིང་ནས་འདྲོངས་པ་ལོས་ཡིན་སྙམ་བྱུང་།  ད་ལྟའི་ལོ་གཞོན་རྣམས་ཀྱིས་རྩོམ་སྐད་འདིའི་རིགས་ལ་སློབ་སྦྱོང་ཅི་ནུས་གནང་དགོས་ངེས་ཡིན་པར་མ་ཟད།  སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དག་གིས་ཀྱང་འདི་དང་འདིའི་མཚོན་པའི་རྩོམ་པ་ལ་འཇུག་པའི་ཉམས་མྱོང་དོན་ལྡན་རྣམས་སློབ་ཕྲུག་རྣམས་ལ་ངོ་སྤྲད་རྒྱུ་ནི་ཅི་བས་གལ་ཆེ་སྙམ།  ད་ལྟ་ང་ཚོའི་སློབ་ཕྲུག་དག་གི་རང་སྐད་ཀྱི་རྩོམ་འབྲིའི་གནས་ཚད་མི་རིགས་གཞན་གྱི་ལོ་རིམ་ཕྱོགས་མཚུངས་ཀྱི་སློབ་བུ་དག་དང་བསྡུར་ན་ཧ་ཅང་སྐྱོ་པོ་ཡིན་པ་འདི་ཅིས་ཀྱང་ཇེ་ལེགས་སུ་གཏང་དགོས་ངེས་རེད།  
  • མིང་མེད།ip:111.44.146.*
    2018-12-19 13:38:57
    བོད་ཕྲག་དོག་ཅན་ལ་སྐྱོན་ཅིག། བུ་ཡག་ནོ་རང་རེད།
  • གུ་རུ་བསོད་ནམས།ip:68.199.196.*
    2018-12-02 02:40:00
    སེང་རྡོར་བཤད་འདོད་པ་ནི་ཁོའི་རྕོམ་ཡིག་ལ་ཨ་མདོ་མ་ཟད་ཁམས་དང་དབུས་གཙང་ཕྱོགས་སུ་དགའ་བོ་ཡོད་པ་སྒྲུབ་ཀི་ཡོད་རེད།
  • རྡོ་རྗེ།ip:117.157.153.*
    2018-11-19 23:03:24
    སེང་རྡོར་གྱིས་ཐ་སྙད་འགའ་རེ་གླེང་བ་ནོར་འདུག  དགེ་ཆོས་ཀྱིས་མོ་ཀྲ་སོགས་བཀོལ་བ་ནི་སྦྲགས་སྐད་མ་རེད།དབུས་སྐད་རེད།དབུས་སྐད་ནང་གི་མོ་ཀྲ་ཞེས་པ་དབྱིན་སྐད་ཀྱི་སྐད་དོད་ཅིག་གི་སྒྲ་སོར་བཞག་བྱས་པ་རེད།ལོ་ཙྰའི་གཞུང་ན་ཕྱི་ཡོང་ཐ་སྙད་ཅེས་པའི་བསྒྱུར་ལུགས་ཤིག་ཡོད་པ་རེད།སེང་རྡོར་ལ་ལོ་ཙྭའི་གཞུང་ལུགས་ཀྱི་ཤེས་བྱ་མེད་པས་དེ་རིགས་སྦྲགས་སྐད་དུ་འདོད་ཀྱིན་འདུག  ཁོས་ཅི་ཞིག་བཤད་འདོད་ཀྱིན་པ་ཤེས་མོད།གཞུང་ལུགས་ཀྱི་ལྟ་རྒྱ་མེད་པས་བཤད་ཤེས་གི་མི་འདུག  
  • ལྷ།ip:36.100.246.*
    2018-11-11 00:26:42
    སེང་རྡོར་གྱི་སྤྱང་རྟུག་ལ་ཚར་རྒྱུ་ཞིག་མི་འདུག   ངོ་མ་སེང་རྡོར་ཟེར་བའི་ངོ་ཚ་རྒྱུ་མེད་པའི་མི་འདི་ནི་དོན་ལ་རྣམ་ཤེས་བྲལ་བའི་བེམ་པོ་རུལ་བ་ཞིག་རེད་འདུག    དེའི་སྟེང་ལ་འཁོར་བའི་སྦྲང་ནག་ཀྱང་ཇེ་མང་ནས་ཇེ་མང་ནས་རེད།   འདི་ནི་ང་ཚོ་བོད་པའི་སྤྱི་ཚོགས་འདི་ཡར་རྒྱས་སུ་འགྲོ་བཞིན་པའི་རྟགས་ཤིག་མ་ཡིན་པར།  ལྡོག་སྟེ་མར་ནས་མར་ལ་རྒུད་བཞིན་པའི་མཚོན་རྟགས་ཤིག་ལས་ཅི་ཡང་མ་ཡིན།
  • སྡིག་སྲིན།ip:117.136.29.*
    2018-11-09 09:22:23
    དོན་གྱིས་དབུས་གཙང་ན་བྲིན་ཡོད་མེད་མི་ཤེས།  ཨ་མདོ་ལ་དེ་ཙམ་མ་བྲིས་པས་ཁ་གཡར་ས་ཁོ་ཐག་རེད།
  • ར་མ་ན།ip:222.28.239.*
    2018-11-09 08:24:36
    དབུས་གཙང་དང་ཁམས་ཀྱི་བོད་ཡིག་ཆུ་ཚད་ཞན་པས་རེད། ཁྲ་ཁྲ་རིག་རིག་ལ་དགའ། ཀ་རྩོམ་ཡང་བྲིན། གཞན་མ་བྲིན་ས་མི་འགྲོ། ནང་དོན་ཧ་གོ་མི་དགོས། རྩོམ་རིག་ནི་ད་དུང་ལ་རྒྱ་དང་རྩྭ་ཐང་སོགས་ཡིན་ནམ་འདོད་ཡོད།
  • ར་མ་ན།ip:222.28.239.*
    2018-11-09 08:23:33
    དབུས་གཙང་དང་ཁམས་ཀྱི་བོད་ཡིག་ཆུ་ཚད་ཞན་པས་རེད། ཁྲ་ཁྲ་རིག་རིག་ལ་དགའ། ཀ་རྩོམ་ཡང་བྲིན། གཞན་མ་བྲིན་ས་མི་འགྲོ། ནང་དོན་ཧ་གོ་མི་དགོས། རྩོམ་རིག་ནི་ད་དུང་ལ་རྒྱ་དང་རྩྭ་ཐང་སོགས་ཡིན་ནམ་འདོད་ཡོད།