གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྲིན་པོའི་སྙན་ངག་བདམས་བཀོད།

  • དངངངདངip:111.11.189.*
    2015-06-20 15:59:56
    ཡ་གླིང་ནུབ་རྒྱུད་ཀྱི་མགྱོགས་བྲིས་ཚན་པ། (ཞར་བཀོད་གསུམ)
    སྙན་ངག ཇི་ལྟར་བཙལ་ཡང་མི་རྙེད་པ་དེ།
                             སྲིན་པོ།

    ད་བར་དུ ངས་ཁྱེད་ཉིད་ཅི་ཙམ་བཙལ་བ
    ང་ཡི་སྐྱོ་གདུང་གི་གཙང་བོ་ལ་འདྲི་རོགས
    ང་ཡི་སེམས་ཁོང་གི་རྨ་ཁ་ལ་འདྲི་རོགས
    ངས་ནི་དངོས་ནས་ཤེས་ཐབས་བྲལ་སྟེ
    ངེད་ཚང་གི་ཁྱིམ་རྒྱུད་ནས་ཁྱེར་འོང་པའི་རྩ་ཆེ་བའི་དངོས་པོ་དག་གི་ཁྲོད་ནས་ཀྱང་རྙེད་ཐབས་བྲལ

    མཚན་མོའི་སྲང་མདོ་དང་མུན་ནག་གི་གྲོག་ཤུར་རེ་རེར་བརྒལ་མྱོང་ཡང
    ང་རང་ཁྱེད་ཀྱི་བྲག་གཡེང་གི་ཞིང་ཁ་རུ་སླེབས་ཐབས་བྲལ

    ད་ནི་ཕ་ཡུལ་གྱི་གཙང་བོ་ལ་དྲིས་དགོས་བྱུང་སོང
    རྣ་བ་དྲོག་དྲོག་གིས་ས་སྒང་ན་ཞོགས་པའི་རི་དྭགས་ཀྱི་ཁྱུ་ལ
    ཁྱེད་ཀྱི་གནས་ཡུལ་འདྲི་དགོས་བྱུང་སོང

    དུས་རབས་འདིར ཁྱེད་ཀྱིས་བདག་ལ་ས་ཁྲ་དང་ལམ་ཆས་གང་ཡང་བཞག་མི་འདུག
          
        སྙན་ངག་ལ་ཕུལ་བ།

    ཆེས་མཐོ་བའི་རྒྱལ་ཁྲི
    བླ་ན་མེད་པའི་ཁེར་རྐྱང་གི་བཞུགས་གནས
    ང་རང་ནང་དུ་ཕེབས་ཆོག་པར་ཞུ
    བདག་ནང་དུ་ཕེབས་ཆོག་པའི་ཞུ་བ་ནི་གཡོ་ཟོལ་དང་ལྐོག་ཞུ་མ་ཡིན་ནོ།

                   གྲོང་གསེབ།
    ཁོ་ཚོ་ཅ་ལག་རྙིང་བ་དེ་དག་དང་ལྷན་དུ་ཉི་མར་ལྡེ་ཡོད
    མདོག་ཤོར་བའི་གྲོང་གསེབ་ཅིག་ཏུ་ཉི་མར་ལྡེ་བཞིན་ཡོད
    གྲོང་གསེབ་ཀྱི་ཆུ་བོ་སྔར་བཞིན་ཁ་རོག་གེར་བཞུར་ནའང
    བདག་གི་སྙན་ངག་ནི་ཁོ་ཚོའི་གླེང་གཞི་གཅིག་པུ་ཡིན


    ཡ་གླིང་ནུབ་རྒྱུད་ཀྱི་མགྱོགས་བྲིས་ཚན་པ།

    གངས་རི་ནི་བྱ་གླག་ཅིག་གི་གཤོག་འགྱུར་ལ་རྔམ་པའི་རི་དྭགས་རིགས་ཤིག་སྟེ
    མཚམས་སྤྲིན་གྱི་གསེབ་ནས་གསེར་མདོག་གི་རི་རྒྱུད་བརྒལ་ཏེ
    དུས་རབས་ལས་ཁ་ཕྱིར་འཁོར་ནས་སྤང་ཐང་གི་རྫས་དུད་ཀློང་ན་ཞོགས་ཀྱིན་ཡོད
    རྔུལ་ཆུའི་བྲབས་པའི་དུས་ཚོད་ཀྱི་རྒྱབ་ཏུ་ཞོགས་ཀྱིན་ཡོད

    གངས་རིའི་སྐྱོ་གདུང་ནི་ཡིད་སེམས་ཅིག་ཅར་འཕྲོག་པའི་བར་སྣང་ཡུག་ཅིག་སྟེ
    ཉི་མའི་འཁྱག་རོམ་གྱི་རྩིག་པ་གཏོར་ཏེ
    མཐའ་མེད་པའི་ཡ་གླིང་གི་ནུབ་རྒྱུད་དུ་བཞུར་གྱིན་འདུག
             

    2015.3.16                                                      
  • ཨ་གུརip:111.11.188.*
    2015-06-06 15:53:05
    ང་ཁྱེད་ཀྱི་སྙན་ངག་ལ་དགའ་མཁན་ཞིག་ཡིན་པར་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད།ནམ་རྒྱུན་དྲྭ་ཐོག་ནས་མང་བོ་ཞིག་ལ་བལྟས་དུས་ཁྱེད་ཀྱི་སྙན་ངག་དག་ཡང་དང་བསྐྱར་དུ་ཀློག་འདོད་བྱུང་།
  • དཔེ་ཀློགip:61.178.17.*
    2015-05-16 10:56:47
    འཛམ་གླིང་དཔེ་ཀློག་ཉིན་མོར།
    ཀྲང་ཧྥའུ་ཡུའུ།
    ངས་རང་རེའི་མི་རིགས་དང་རང་རེའི་རྒྱལ་ཁབ།འཛམ་གླིང་ལ་ང་ཚོར་པར་སྐྲུན་རང་དབང་དགོས་པ་དང་རང་དབང་གིས་དཔེ་ཀློག་བྱེད་དུ་འཇུག་རོགས་ཞེས་བརྗོད་འདོད།རང་དབང་གིས་དཔེ་ཀློག་བྱེད་ཐུབ་པའི་མི་རིགས་ཤིག་ཡིན་ཚེ་གཟོད་མི་རིགས་དེ་ནི་སྤྱང་གྲུང་ལྡན་པ་ཞིག་ཏུ་འགྱུར་སྲིད།
    གལ་ཏེ་སྲིད་གཞུང་ཞིག་གིས་པར་བསྐྲུན་རང་དབང་ལ་ཚད་བཀག་བྱེད་པ་དང་སྤྱོད་སྟངས་མི་ལེགས་པ།དཔོག་པར་དཀའ་བའི་དམིགས་ཡུལ་སོགས་འཛམ་གླིང་གི་མིག་མདུན་དུ་བཤམས་ཡོང་ཚེ།དོན་ཏུ་མི་རིགས་དེ་བླུན་རྨོངས་སུ་བསྒྱུར་འདོད་པ་རེད།མི་རིགས་དེ་བླུན་རྨོངས་སུ་བསྒྱུར་འདོད་པ་དེས་གཟོད་པར་སྐྲུན་རང་དབང་དང་གཏམ་བརྗོད་རང་དབང་ལ་བཀག་སྡོམ་བྱེད་ངེས།སྒེར་གཅོད་འཛུགས་བསྐྲུན་དང་སྲིད་དབང་སྒེར་གཅོད་པ་གང་དེ་གཟོད་རང་གི་མི་རིགས་འདི་སྤྱུང་གྲུང་ལྡན་པ་ཞིག་ཏུ་འགྱུར་བར་སྐྲག་སྲིད།
    འདི་ཀུན་སྤྱོད་ཀྱི་ངོས་ནས་ཕམ་ཁ་རག་ཅིང་།གཞན་འུ་ཚོས་ནུས་པའི་ཆ་ནས་པར་སྐྲུན་རང་ལ་བལྟས་ཡོང་ཚེ།གལ་ཏེ་ཆབ་སྲིད་པ་ཞིག་གིས་རྔོ་ཐོགས་པའི་བྱ་བཞག་དང་བྱས་རྗེས་བླ་མེད་ཅིག་འཇོག་བསམ་ན།འོ་ན་ཁོ་ཚོ་སྤྱང་གྲུང་ལྡན་པའི་སྐྱེས་བུ་དང་འགྲོགས་འོས་ཤིང་།ལྷག་ཏུ་ཁོ་ཚོས་ཤེས་རབ་ཅན་གྱི་སྐྱེས་བུ་གང་མང་སྐྱེད་སྲིང་བྱེད་འོས།རླབས་ཆེན་གྱི་སྐྱེས་བུ་མང་པོ་དང་འགྲོགས་ཚེ་གཟོད་རླབས་ཆེན་གྱི་བྱ་བཞག་བསྒྲུབ་བཏུབ་ངེས།གལ་ཏེ་ཤེས་རབ་ཅན་གྱི་སྐྱེས་བུ་དེ་དག་བླུན་རྨོངས་སུ་བསྒྱུར་ཚེ་ཁོས་རླབས་ཆེན་གྱི་བྱ་བ་གང་ཡང་བསྒྲུབ་མི་ནུས་ཤིང་།བླུན་པོ་ནི་ནམ་ཡང་བླུན་པོ་སྟེ།བླུན་པོ་རྗེས་སུ་འབྲང་ཚེ་ཐ་ཤལ་གྱི་བྱ་བ་རྒྱུན་མི་ཆད་པ་དང་སྐྱ་ཆད་སྔོ་སྡུག་གི་རྒྱུན་དེ་མཚམས་འཇོག་མི་སྲིད་དོ།།
    ངས་བསམ་ན།བླུན་རྨོངས་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་གི་གོང་མ་བྱེད་པ་ལས་སྤྱང་གྲུང་འཛོམས་པའི་སྤྱི་ཚོགས་ཤིག་གི་སྤྱི་དམངས་བྱས་ན་འཐུས།
    ཨིན་ཇིའི་བསམ་བློ་བ་ཡོའུ་ཧན་མེའེ་ཨིར་ཏིན་གྱི་དཔེ་དེབ་གྲགས་ཅན་༼པར་སྐྲུན་རང་དབང་གླེང་བ༽ཞེས་པའི་ཁྲོད་དུ་པར་སྐྲུན་རང་དབང་གི་སྐོར་ལ་ཞིབ་ཕྲས་ངང་རྒྱས་པར་བྲིས་འདུགཁོང་གིས་བསམ་ན་སྐྱེས་བུ་སུ་ཞིག་གིས་བློ་གྲོས་དང་ལེན་བྱེད་སྐབས་སུ་ཤེས་རྟོག་གི་དབང་ཆ་ཡོད་འོས། དེབ་དང་ཚགས་ཤོག་སོགས་ཞིབ་བཤེར་བྱེད་པ་དང་ཆོག་མཆན་ལམ་ལུགས་ནི་དཔེ་ཆ་ངན་པ་དག་འགོག་པའི་ཆེད་དུ་ཡིན་ཡང་།དེ་ནི་ཕན་པ་མེད་པ་དང་འཚེ་བ་བྱེད་སྤྱད་ཅིག་རེད།ཁོང་གིས་གསུང་དོན།གལ་ཏེ་དཔེ་ཆ་ངན་པས་ཀློག་པ་པོར་རྔོ་མི་ཐོགས་ཚེ་དེ་ན་ཞིབ་བཤེར་པ་ཁོ་རང་ཉིད་ངན་ར་མིན་རུལ་ཞིག་མིན་པར་ཅི་ལྟར་ཡིད་ཆེས་བྱེད་དགོས་སམ།དཔེ་དེབ་ལ་བཟང་ངན་མེད་མོད་ཀློག་པ་པོ་ལ་བཟང་ངན་མཆིས།བླུན་རྨོངས་ཤིག་གིས་དཔེ་ཆ་གང་ལ་བལྟས་ཀྱང་བླུན་པོ་རང་རེད།ང་ཚོས་བླུན་པོ་ལ་ཚད་བཀག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་མོད།འོན་ཏེ་སྤྱང་གྲུང་འཛོམས་པའི་སྐྱེས་བུའི་ཤེས་རབ་འཕེལ་བའི་ཆ་རྐྱེན་གཞོག་གཏུབ་བྱེད་འགྲོ།སླར་ཡང་མེས་ཨིར་ཏིན་གྱིས་གསུང་དོན།མི་ནི་དཔྱོད་ཤེས་ལྡན་པའི་སྲོག་ཆགས་ཤིག་རེད།རང་ཉིད་ཀྱི་དཔྱོད་ཤེས་བཀོལ་ནས་བདེན་རྫུན་གྱི་དབྱེ་བ་བཀར་ནུས་ཤིང་།རང་དབང་སྒོས་སློབ་སྟོན་བྱེད་པ་དང་རང་དབང་སྒོས་བསམ་འཆར་འདོན་ཐུབ།དེ་ནི་མིའི་རིགས་བྱུང་བ་དང་ཚེ་སྲོག་བྱུང་བ་ནས་ཡོད་པའི་དབང་ཆ་དང་ཁྱད་དུ་འཕགས་པའི་གོ་ཐོབ་ཅིག་རེད། དེ་ནི་ཚེ་སྲོག་བཞིན་དུ་འཕྲོག་ཐབས་བྲལ། དེའི་རྐྱེན་གྱིས།པར་སྐྲུན་རང་དབང་ལ་ཚད་བཀད་བྱེད་པ་ནི་དཔྱོད་ཤེས་ལ་འཕྱ་དམོད་བྱས་པ་རེད།མིའི་ཐོབ་ཐང་ལའང་ངན་གསོད་བྱས་པ་ཞིག་རེད།ཁོང་གིས་གསུང་དོན། ༼མི་གསོད་པ་ནི་དཔྱོད་ཤེས་ཀྱི་སྲོག་ཆགས་ཤིག་བསད་པ་ཡིན་མོད། དེས་དཀོན་མཆོག་གི་སྣང་བརྙན་ལ་གཏོར་བརླགས་བྱས་ཡོད། དཔེ་ཆ་སྤུས་ལེགས་ཤིག་བཀག་འགོག་བྱེད་པ་ནི་དཔྱོད་ཤེས་ཀྱི་ངོ་བསད་ཅིང་། ཀུན་མཁྱེན་ཁྲོད་ཀྱི་ལྷའི་སྣང་བརྙན་ཕོག་ཐུག་བཏང་ཡོད།
      ད་རུང་ཁོང་གིས་གསུང་ལས།
    ང་ཚོའི་རང་གི་རྒྱུ་འབྲས་བློ་མིག་དེའི་ཆེད་དུ་རང་དབང་གིས་དཔེ་ཀློག་བྱེད་དུ་འཇུག་རོགས། རང་མོས་ངང་བགྲོ་གླེང་བྱེད་དུ་འཇུག་རོགས། སྐབས་འདི་ནི་སྲིད་ལོ་ཉེར་གཅིག་པ་རེད། མི་རིགས་ཚང་མ་ལ་མཚར་སྡུག་གི་ཕུགས་བསམ་ཡོད་པ་ནང་རང་རེའི་རྒྱལ་ཁབ་ལའང་ཕུགས་བསམ་མཆིས་པས། ང་ཚོར་རང་དབང་གིས་དཔེ་ཀློག་བྱེད་དུ་འཇུག་རོགས།


  • མཚོ་ནགip:125.67.119.*
    2015-04-01 19:26:51
    ཕེབས་བསུ།
  • སྐལ་བཟང་རྣམ་རྒྱལ།ip:125.72.60.*
    2015-04-01 14:11:19
    གསར་བུ་མིང་ལ་དགའ་བ་དག་དང་བསྡུར་ན།གྲོགས་པོ་ཁྱོད་ཀྱིས་སྙན་ངག་རྩེད་སྤྱད་མི་བྱེད་པར་རང་གི་རྣམ་ཤེས་ལ་མགོ་གཡོག་མི་གཏོང་བར།རྒྱུན་དུ་སྒྱུ་རྩལ་ལ་དྭངས་གཙང་གི་སྒོ་ནས་སྐད་ཆ་དྲང་མོར་བཤད་འདུག་པས།ང་ཆེས་དགའ་སའི་གྲོགས་པོ་དག་གི་ཁྲོད་ཀྱི་སྙིང་ཉེ་ལ་བརྩི་ངེས།ང་ཚོས་མཉམ་དུ་ཤེད་པ་རྒྱག་ཨ
  • མྱི་བོ།ip:118.113.218.*
    2015-03-31 13:06:42
    གྲོགས་ལགས།  ད་རུང་མུ་མཐུད་དུ་ཤུགས་རྒྱོབས་ར།
  • ཞོགས་གཞོན།ip:61.178.223.*
    2015-03-18 14:39:01
    གྲོགས་པོ་ཁྱོད་ཀྱི་སྙན་ངག་ལས་འཚོ་བའི་ཁྲོད་ཀྱི་མངར་ལ་སྐྱུར་བའི་རོ་བྲོ་ངོ་མ་དེ་ཚོར་ཐུབ་ལ།དུས་རབས་འདིའི་བོད་ཀྱི་ན་གཞོན་ཞིག་གི་སེམས་ཤུགས་དང་རེ་འདུན་ངོ་མ་དེ་ཡང་མཐོང་ཐུབ།
  • ཧོར་བཟོད།ip:125.70.175.*
    2015-03-07 23:08:14
    གསར་བུ་ཁྱེད་ཀྱི་རང་གི་རུས་རྐང་དང་འདྲ་བའི་སྙན་ངག་འགའ་ཡོད་པས།ཡག་པོ་འདུག