གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞུགས་སོ།།༼༡༽

  • བེ་རི་འཇིགས་མེད།ip:47.8.4.*
    2017-02-24 00:40:51
    ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་སྙིང་དོན།
    རྒྱལ་པོ་དགའ་བ་འཕེལ་གྱི་《རིན་ཆེན་ཕྲེང་བའི་ཟློས་གར》གྱི་རྗེས་ལ་མི་སེམས་འགུལ་བའི་ཟློས་གར་གྱི་གཞུང་གཞན་དེ་《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》ཆགས་ཡོད།  ཉམས་ཀྱི་འགལ་སྤངས་ཀྱི་དཔྱད་པའི་སྐབས།  སློབ་དཔོན་མཱམྨཊ་གྱིས་《སྙན་ངག་རབ་སྣང་》དང་། སློབ་དཔོན་དགའ་སྐྱེས་ཀྱིས་《འཇིག་རྟེན་ལས་འདས་པའི་དབྱངས》ཞེས་བྱ་བའི་སྙན་ངག་དང་།  ཨ་བྷི་ན་བ་གུཔྟས་མཛད་པའི་《སྙན་ངག་ལོ་ཙན》ལ་སོགས་པའི་སྙན་ངག་གི་མཚན་ཉིད་བསྟན་པའི་གཞུང་གི་ནང་། 《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》གྱི་ཚིགས་བཅད་ཁག་གཅིག་དཔེ་རུ་བགྲངས་པ་དང་།  དེའི་ནང་དུ་ཞི་བའི་ཉམས་དང་སྒེག་པའི་ཉམས་ཀྱི་དབར་གྱི་འགལ་འདུ་ཁག་ལ་དཔྱད་པ་ཡང་མཛད་ཡོད།  དེའི་ཐོག་ནས་ཟློས་གར་གྱི་འཁྲབ་གཞུང་འདི་ཀོ་སྔར་གྱི་སློབ་དཔོན་ཁག་གི་ཁྲོད་ན་གྲགས་ཆེན་པོ་ཡོད་པ་ཡང་ཤེས་ཐུབ།
    འཁྲབ་གཞུང་འདི་ཉམས་ཀྱི་རྗེས་སུ་མཐུན་པའི་ཐོག་ནས་བརྩམས་པ་ཞིག་དང་།  སྙན་ངག་པའི་སྙན་ངག་གི་སྒྱུ་རྩལ་ཧ་ཅང་ཚོད་གཞི་མཐོན་པོ་ཡིན་པ་ཡང་་མཐོང་ཐུབ་པ་ཡིན་ཏེ། ཁོང་གིས་སྙན་པོའི་ཚིག་གི་སྒེག་པའི་ཉམས་གསལ་ཐུབ་པ་དང།  ལྷག་པར་བརྗོད་པས་ཆོས་ཀྱི་ཁྱད་པར་བསྟན་ཐབས་བྱས་པ་དེ་ཡིན།  དོན་ངོ་མཚར་ཅན་དེ་དག་གིས་ཉམས་ལ་མོས་པའི་ཀློག་པ་པོ་རྣམས་ཀྱི་ཡིད་དབང་མེད་དུ་འཕྲོག་ནུས།  ཁོང་གི་ཉམས་ཀྱི་ཁྱད་ཆོས་བཀོད་སྒྲིག་གནང་སྟངས་འདི་ལ་ཀློ་པ་པོ་ཚོའི་ངག་ནས་བསྟོད་པ་ཆེན་པོ་ཐོབ་འོས་པ་ཞིག་བྱས་ཡོད།  གཤམ་གསལ་གྱི་སྙིང་རྗེའི་ཉམས་དང་ལྡན་པའི་ཚིགས་སུ་བཅད་པ་རྐང་པ་དེ་དག་ཀློག་ན། སེམས་ཁམས་རྡོ་ལས་གྲུབ་པ་ཞིག་མིན་ན་མིག་ཆུ་མི་དོན་པའི་གང་ཟག་ཅིག་ཡོད་མི་སྲིད།
    निराधारंधैर्य्यकमिवशरणंयातुविनयः?
    क्षमःक्षान्तिंवोढुंकइहविरतादानपरता।
    हतंसत्यंसत्यंव्रजतुकृपणाक्वाद्यकरुणा?
    जगज्जातंशून्यंत्वयितनयलोकान्तरगते॥५.३१॥

    བརྟན་པ་བདག་ལ་གཞི་མེད་དུལ་པ་ལམ་ནི་གང་དུ་འགྲོ་བར་འགྱུར༎
    བཟོད་པ་འཛིན་བཟོད་སུ་ཞིག་འདི་ན་སྦྱིན་པ་ལྷུར་ལེན་དག་དང་བྲལ༎
    བདེ་ནས་བདེ་བར་བཅོམ་སྟེ་སྙིང་རྗེ་སྡུག་པ་དེ་རིང་གང་དུ་འགྲོ །
    བུ་ཁྱོད་འཇིག་རྟེན་གཞན་དུ་སོང་ཚེ་འགྲོ་བ་སྟོང་པ་ཉིད་འགྱུར་རོ༎
    རྐང་པ་འདི་བཀླགས་ནས་བྷ་བ་བྷཱུ་ཏི་ཡིས་མཛད་པའི་མཱ་ལ་ཏཱི་མཱ་དྷ་བ་ཞེས་བྱ་བའི་ནང་གི་ཚིགས་བཅད་གང་ཡིན་པ་དེའི་གྲིབ་བསིལ་གང་ཡིན་པ་དེའི་བདག་པོ་ཤིང་གང་ལས་བྱུང་བ་ཤེས་ཐུབ་མི་འདུག་གམ།
    असारंसंसारंपरिमुषितरत्नंत्रिभुवनंनिरालोकंलोकंमरणशरणंबान्धवजनम्।
    अदपंकन्दर्पंजननयननिर्माणमफलंजगज्जीर्णारण्यंकथमसिविधातुंव्यवसितः।।
    དེ་ལྟར་རྒྱལ་པོ་དགའ་བ་འཕེལ་གྱི་ཟློས་གར་གྱི་བརྩམས་གཞུང་ཁག་ནི། ཤིན་ཏུ་མཛེས་པའི་ཉམས་ཀྱིས་རབ་ཏུ་བཅིངས་ནས་ཡོད་པ་ཡིན།  
    ལེའུ་དང་པོའི་ནང་དབེན་པའི་ནགས་ཀྱི་འགྲེལ་བརྗོད་དག་བཀླག་པའི་སྐབས་སུ་འདྲ་ཞིག་ལ་ཞི་བའི་ཉམས་ཀྱི་ཚོར་འདུ་ཞིག་མི་སྐྱེའམ།
    ལེའུ་གཉིས་པའི་ནང་རྒྱལ་སྲས་སྤྲིན་གྱི་བཞོན་པ་དང་མ་ལ་ཡ་ཅན་གཉིས་ཀྱི་ཕན་ཚུན་གྱི་མཛའ་བརྩེའི་རྣམ་འགྱུར་ཁག་མཐོང་དུས། ཀློག་པ་པོ་སུའི་ཡིད་ལ་དགའ་བརྩེ་ལ་རོལ་བའི་ཉམས་ཤིག་མ་སྐྱེས་སམ།
    ལེའུ་གསུམ་པའི་ནང་དར་དམར་པོས་གཡོགས་པའི་བི་དུ་ཥ་ཀ་དེ་མ་ལ་ཡ་ཅན་གྱི་གྲོགས་མོར་སེམས་ཤིང་རྒྱལ་སྲས་སྤྲིན་གྱི་བཞོན་པའི་གྲོགས་ཀྱིས་སེམས་གསོ་བ་དེ་མཐོང་དུས་ཀློག་པ་པོ་དག་དགོད་དྲོའི་ཉམས་ཀྱིས་ཡིད་རབ་ཏུ་དགོད་པར་མ་གྱུར་བ་སུ་ཡོད་དམ།
    ལེའུ་བཞི་པའི་ནང་ཀླུ་དུང་གི་ཐོ་གཙུག་ཅན་སྲོག་ལ་བྱ་ཁྱུང་གིས་བཙེན་པའི་དུས་སུ་དེའི་མ་ཡིད་ཟུག་རྔུ་ཆེན་པོས་ཤུགས་ཀྱིས་ངུ་བཞིན་སྨྲེ་ངག་འདོན་པའི་རྣམ་འགྱུར་དག་གིས་ཀློག་པ་པོ་སུའི་ཡིད་གདུང་བས་མི་མནར་བ་སྡོད་པའི་སྐབས་ཡོད་དམ།
    ལེའི་ལྔ་པའི་ནང་སྤྲིན་གྱི་ཏོག་དང་མ་ལ་ཡ་ཅན།  དེ་བཞིན་དུ་དུང་གི་གཙུག་གི་མ་དག་གིས་མི་འདོད་པའི་བྱ་བ་གང་ཐོག་ཏུ་བབས་པའི་སྡུག་བསྔལ་གྱི་འཁུར་པོས་ལྕི་བའི་མྱ་ངན་བའི་གནས་སྐབས་དེ་མཐོང་བས་ཀློག་པ་པོ་སུ་ཡིད་སེམས་མི་སྐྱོ་པ་འགྱུར།  རི་བོ་མ་ལ་ཡའི་སྤོ་ན་ནམ་མཁའ་ལྡིང་གིས་ཤ་ཟས་རུས་པ་བཅའ་བའི་སྐབས་སུ་སྤྲིན་གྱི་བཞོན་པས་འདིར་ཤ་ཟ་རྒྱུ་ལུས་འདུག་གོ་ཞེས་པའི་རྣམ་འགྱུར་དེ་དག་འདྲེན་བྱེད་ཀྱི་ལམ་ན་འཆར་ཡོང་བའི་སྐབས་སུ་གཞན་ཕན་གྱི་བརྟུལ་ཞུགས་ཀྱིས་ལྷིང་བའི་སྐུལ་སློང་བཟང་པོ་འདི་སུའི་ཡིད་ཀྱི་ཁང་བཟང་དེའི་ནང་དུ་གནས་མི་བཅའ་པར་ལྷག་སྲིད་དམ།
    རྒྱལ་པོ་དགའ་བ་འཕེལ་གྱི་ཟློས་གར་འཁྲབ་གཞུང་ནང་མི་སྣ་ཁག་སོ་སོའི་སྤྱོད་པའི་ངོ་སྤྲོད་གནང་སྟངས་ཐད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད།  ཨཱ་ཏྲེ་ཡའི་རིགས་རྒྱུན་གཏན་ནས་དགོད་དྲོའི་མཚར་གཏམ་ལ་དགའ་བ།  སྤྲིན་གྱི་ཏོག་རང་ཉིད་ཀྱི་བུ་ལ་བརྩེ་བ།  དུང་གི་གཙུག་གི་མ་དེ་རང་ཉིད་ཀྱི་བུ་ལ་བྱམས་བརྩེ་གཡོ་བ་མེད་པ།  མ་ལ་ཡ་ཅན་རང་བྱུང་ཁོར་ཡུག་ལ་དགའ་བ་ལ་སོགས་པ་དེ་དག། རྩོམ་པ་པོས་ཟློས་གར་གྱི་མགོ་ནས་མཇུག་མ་རྫོགས་པའི་བར་དུ་གོལ་ས་མ་འཆོར་བར་གྲ་འགྲིགས་པོའི་སྒོ་ནས་འགྲེལ་བརྗོད་གནང་ཡོད།  དེ་ལྟར་ཡིན་པ་ཡང་ཟློས་གར་གཞུང་འདི་ཆ་ཚང་གཅིག་བཀླགས་པའི་རྗེས་སུ་ར་འཕྲོད་གཙང་མ་ཐུབ་པ་ཞིག་ཡིན།
  • ཞིང་འབྲེག་བུ་མོip:61.178.103.*
    2016-09-29 20:07:46
    འགྲོས་དལ་ཡང་ཕྱིར་ནུར་མི་བྱེད