document.write("");
document.write("
ས་སྙིང་།ip:110.184.139.*
2018-07-27 16:36:09
ཡག་པོ་རེད། ལྟ་བ་གསར་བས་བློ་སྒོ་གསར་བ་རྙེད།། ཐབས་ལམ་གསར་བས་གྲུབ་འབྲས་ཆེན་པོ་ལེན།།
");
document.write(" རྡོ་རྗེ།ip:36.100.245.*
2018-06-06 23:50:00
དགེ་རྒན་གཉིས་ཀས་བོད་ལྭ་མི་མནབ་དོན་ག ་རེ་ཡིན་ནམ།
");
document.write(" 藏军ip:221.207.37.*
2018-05-24 16:50:47
༼བཀྲ་བྷར་མི་གཤིས་མེད་ཚུལ༽གླེང་ན་༼པོད་རྒན་གཡག་ཁལ་མ་གཅིག༽ཡོད་།
དེ་དགོས་ན་རྗེས་ཕྱོགས་ག་ལེར་ཐོན་འོང་། ཁྱི་ཕྲུག་ཚོ་འུར་ལངས་མ་སྔ།
");
document.write(" གངས་སེང་།ip:223.221.204.*
2018-05-23 22:35:09
མྱིའམ་ཁྱི་འདིས་རང་ལ་པ་པོ་ཞེས་པའི་མིང་འདི་འདོགས་ཚུལ་ལ་གཞིགས་ན།ཁོའང་ཁྱི་རྒན་བཀྲ་བྷས་བསྐྱངས་པའི་ཁྱི་ཕྲུག་སྙིང་ལ་རྗེ་་བོ་ཞིག་ཡིན་པ་ཤེས་ཐུབ་བོ།།
");
document.write(" པ་པོ།ip:118.144.141.*
2018-05-22 12:35:33
གངས་སེང་དང་མིང་མེད་རྡོ་རྗེ། ད་དུང་བོད་དམག་ཟེར་བ་གསུམ་གྱིས་དཔྱད་མཆན་མང་པོ་སྤེལ་འདུག འཁྱུག་ཙམ་བལྟས་པ་ན་ཁོ་ཚོས་གཙོ་བོ་བཀྲ་བྷ་དང་བཀྲ་བྷའི་བསྐྱངས་པའི་སློབ་མ་དག་ལ་མ་དགའ་བའི་ཉམས་སྟོན་གྱིན་འདུག མ་མགུ་བའི་གཏམ་སྨྲ་བཞིན་འདུག མ་རུང་བའི་ཚིག་སྤྱོ་བཞིན་འདུག ཀྱེ་མ་ཀྱི་ཧུད། ཀྱེ་མ་ཀྱི་ཧུད། འགན་འཁྲི་ཅི་ཡང་མེད་པ་ཁྱོད་ཚོས་གཏམ་འཆལ་འདི་དང་འདི་ལྟ་བུ་སྨྲས་པ་ལ། དང་པོ་ནི་དགོད་བྲོ། བར་དུ་ནི་ཡི་མུག ཐ་མ་ནི་ངུ་སྐྱེན་པ་ཞིག་ལས་མ་འདས། ལར་ང་ཚོ་བོད་པ་ནི་མ་གཞི་ནས་ཕྲག་པ་དོག བློ་བ་ཐུང་། ནང་དམེ་དང་ནང་འཁྲུག་ལ་དགའ་བ་ཀུན་གྱིས་མཁྱེན། ལྷག་པར་དུ་དེང་གི་བོད་པའི་གཞོན་ནུ་ལེ་ལོ་ཅན། ཕྲག་དོག་ཅན། ཁོག་རྒྱ་ཆུང་བ། མིག་རྒྱང་ཐུང་བ། ཁ་ནས་བཤད་ན་ལྷ་བཞེངས་པ། ལག་ཏུ་བཞག་ན་སྣབས་ལུག་པ་སྐོར་ཞིག་གིས་གཞན་གྱི་བྱས་རྗེས་ནི་ཁས་མི་ལེན། ཡིད་མི་ཆེས། སྤྱི་ས་ལ་སེམས་མི་ཤེས། རིང་ས་ལ་སླེབས་མི་ནུས། ཡང་རང་ལ་ཅི་ཡང་སྟོན་རྒྱུ་མེད། རང་གིས་གང་ཡང་སྒྲུབ་ཀྱིན་མེད། གཞན་ལ་འོས་མེད་ཀྱི་གཏམ་སྨྲས་ན་ཁོ་ཚོ་ནི་ཆུ་ཕྲན་གྱི་ཀུ་ཅོ་ལས་ཐུ། གཞན་ལ་དགོས་མེད་ཀྱི་ཚིག་སྤྱོས་ན་ཁོ་ཚོ་ནི་སྒོ་ཁྱིའི་འབ་ཟུག་ལས་དྲག འདི་དང་འདི་ལྟ་བུའི་གཞོན་ནུ་ཀླད་མེད། བློ་ཐུང་། སྒྱིད་ལུག མགོ་སྟོང་ཚོ་ནི་ང་ཚོའི་མི་རིགས་འདིའི་ཞབས་འདྲེན་རེད། སྐྱེ་རབས་འདིའི་གད་སྙིགས་རེད། ཚེ་རབས་འདིའི་ལན་ཆགས་རེད། ད་ཐེངས་ཁོ་ཚོས་གཙོ་བོ་བཀྲ་བྷ་ལ་སྡིགས་མོ་གཏོང་གིན་འདུག ང་ཚོས་བཀྲ་བྷའི་མི་གཤིས་དང་མི་གཞི་མི་གླེང་བར་བྱ། གཙོ་བོ་བཀྲ་བྷའི་འགའ་འཁྲི་ཅུང་ཙམ་གླེང་ན། ཐོག་མར། བཀྲ་བྷ་ནི་བོད་ཀྱི་རྩོམ་པ་པོ་རྒན་པ་ཞིག་ཡིན་པ་མ་ཟད། རྩོམ་འབྲིའི་ཆུ་རྒྱུན་ལ་ལྷོད་པ་མེད་པར་ད་ལྟ་ད་དུང་གསར་རྩོམ་གྱི་ལས་ཉིན་འབད་མཚན་འབད་བྱེད་ཀྱིན་འདུག ཡིན་ཡང་ཁོང་དང་ལོ་མཉམ་གྱི་རྩོམ་པ་པོ་སྐོར་ཞིག་ཁ་སང་དེ་རིང་འཕྱི་བར་གྲག་རྒྱུ་དང་བྱི་ལོང་ལ་འབུར་རྒྱུ་མི་འདུག དེ་ཚོ་དང་བསྡུར་ན། བཀྲ་བྷས་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་དང་འགན་འཁྲི་དེ་གང་འདྲ་ཞིག་ཡིན་པ་ནི་ལམ་སེང་ཧ་གོ་ཐུབ། གཉིས་སུ། བཀྲ་བྷ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཁོང་གིས་ན་གཞོན་རྩོམ་པ་པོ་སྐོར་ཅིག་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད། དཔེར་ན་ཚེ་དབང་རྣམ་རྒྱལ་དང་ཨ་སྐྱབས་དར་རྒྱས། འཁྱམ་རུ་གནམ་ལྷ་རྒྱལ། ལྡེའུ་ཚེ་བརྟན་རྡོ་རྗེ། ད་དུང་ཚེ་རིང་སྒྲོལ་མ་བཅས་ན་གཞོན་རྩོམ་པ་པོ་འདི་དག་སྐྱེད་སྲིང་བྱས་ཡོད་པ་མ་ཟད། ཁོ་ཚོས་ཀྱང་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཐད་ལ་ཧུར་བརྩོན་དང་རྒྱུན་འཁྱོངས་བྱེད་མུས་ཡོད། ངོས་ཐད་འདི་ནས་བརྗོད་ནའང་། རྩོམ་པ་པོ་བཀྲ་བྷའི་ལྷག་བསམ་དང་འགན་འཁྲི་ལ་ང་ཚོས་མ་བརྟག་མ་དཔྱད་པའི་ཁུངས་མེད་གཏམ་འཆལ་ལབ་ན་ག་ལ་འགྲིག གསུམ་ནས་བཀྲ་བྷ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་པས་ན། ཁོང་གིས་ཞིབ་འཇུག་སློབ་མ་རབ་དང་རིམ་པ་ཞིག་ཀྱང་སྐྱོང་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་ཀྱང་ལོ་རེར་དམིགས་ཡུལ་ཡོད་པ། ཐབས་ལམ་ཡོད་པའི་སྒོ་ནས་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་རང་ནུས་ཀྱིས་འབད་བརྩོན་བྱེད་བཞིན་མཆིས། ད་རེས་རྩོམ་རིག་གཤིབ་སྡུར་གྱི་བྱ་བ་འདི་ལའང་དགེ་མཚན་མི་དམན་པ་ཞིག་མཆིས་པ་ཁོང་གི་གཏམ་བཤད་ལས་ཤེས་ཐུབ། གང་ལྟར། ཁ་ནས་ཅི་ཅི་བཤད་པ་ལས། ལག་ནས་གང་གང་སྒྲུབ་ན་དགའ། ཁ་དཔེར་ཡང་ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་མ་གོ་མ་ཐོས་སམ། གངས་སེང་དང་མིང་མེད་རྡོ་རྗེ། ད་དུང་བོད་དམག་ཟེར་བ་གསུམ་གྱིས་ཞིབ་ཏུ་མནོ་བསམ་ཐོངས། དཔྱད་པ་བགྱིས། གཞན་ལ་ཁྱི་ཞེས་སྤྱོ་དུས་རང་ཉིད་ཡང་སྙིང་ཅི་འདྲ་ཞིག་ཡིན་པ་ཤེས་དགོས་སོ། །
");
document.write(" གངས་སེང་།ip:223.221.205.*
2018-05-11 23:16:07
ཕྱི་གླིང་བའི་རྩོམ་པ་པོ་འདི་དག་འཛམ་གླིང་རྩོམ་རིག་ཁྲོད་ཀྱི་སྐྱེས་བུ་ཆེན་པོ་མིན་ཞེས་སུ་ཞིག་གིས་བརྗོད་ནུས།
ཡང་གཅིག་བཤད་ན། བོད་ཀྱི་དེང་རབས་རྩོམ་པ་པོ་ཡིན་ཟེར་མཁན་འདི་དག་ནི་དོན་ལ་སྐྱེས་བུ་ཆེན་པོ་འདི་དག་གི་ཚི་ལེན་དང་རྐང་ཐུང་ནང་གི་ཤིག་དང་ལྗི་བ་ལྟ་བུ་ཞིག་ལས་ཅི་ཡང་མ་ཡིན་ནོ།།
");
document.write(" དཔལ་མཁར་ཡགip:223.220.159.*
2018-05-11 22:59:13
སྐྱེས་བུ་ཆེན་པོ་སུ་ཡིན་བཤད་དཀའ། ལར་ཡང་མི་བུ་འདི་དག་ཁྱི་རྒན་དང་ཁྱི་ཕྲུག་མིན་པ་མཐོང་བ་མངོན་གསལ་དུ་གྲུབ།
");
document.write(" རྨོགip:43.243.16.*
2018-05-10 20:45:51
ཕ་ཡུལ་གྱི་ན་གཞོན་ཞིབ་འཇུག་པ་ཚེ་རིང་མགོན་པོའི་དཔྱད་རྩོམ་ལ་བལྟས་ཚར།བཀའ་དྲིན་ཆེ།
");
document.write("");