document.write(""); document.write("
  • འབྲུག་མོ།ip:157.49.232.*
    2017-02-03 08:23:38
    ལྕགས་མོ་མཚོའི་སྙན་ངག་ཡོད་ཚད་སྐྱ་ཐིང་ངེར་ཞེས་པ་བཀླགས་པ།
                                                                                                    འབྲུག་མོ།
    དང་པོ།   སྙན་ངག་འདིས་སྤྱིར་བཏང་གི་འཚོ་བ་ཞེས་པ་ཅི་འདྲ་ཞིག་ཡིན་དགོས་པ་དང་ལྷག་པར་དུ་སྐབས་དེ་དང་དེའི་བོད་ཀྱི་བུད་མེད་དག་གི་འཚོ་བའི་སྣང་བརྙན་གསོན་པོ་ཞིག་མཚོན་བྱེད་དང་མཚོན་བྱ་ཧ་ཅང་ཁ་འཕྲོད་པོ་འགའ་སྤྱད་ནས་སྒྱུ་རྩལ་དང་ལྡན་པའི་སྒོ་ནས་བསྟན་ཡོད།    དེ་ཡང་འཚོ་བ་ཞེས་པ་ནི་འདི་འདྲ་ཞིག་རེད།  དེ་འདྲ་ཞིག་ཡོང་གི་རེད་ཅེས་འགྲེལ་མི་ནུས་ཏེ།  འཚོ་བ་ནི་གཏན་ཚིགས་བྲལ་ཞིང་མཚན་ཉིད་འཇོག་དཀའ་བའི་རང་བཞིན་ཅན་ཞིག་ཡིན་ལ།  ལྷག་པར་དུ་བོད་ཀྱི་བུད་མེད་སྤྱི་ལ་མཚོན་ན།  ཁོ་མོ་ཚོའི་མི་ཚེའི་འདུན་པ་ལ་སྐྱེད་སྲིང་བྱ་རྒྱུ་དང་ཆེ་མཐོང་སྤྲོད་རྒྱུ་ལས་འདས་ཏེ་དགོས་མེད་བེད་མེད་སྲང་ལམ་གྱི་གད་སྙིགས་ལྟར་དོར་བར་བྱས་པས།    བུད་མེད་ཚོའི་འཚོ་བ་དང་འཚོ་བའི་ངོ་བོ་ནི་ཧ་ཅང་གི་མུན་ནག་ཅིང་སྐྱོ་ཉམས་ཀྱིས་ཁེངས་པའི་རྣམ་པ་ཅན་ཞིག་ཡིན་པ་བསྟན་ཡོད།  

    གཉིས་པ།   དེ་ལྟ་བུའི་གནས་སྟངས་ཤིག་གི་འོག་ཏུ་ཡང་བོད་ཀྱི་བུད་མེད་ཚོས།  དྭངས་གཙང་གི་བརྩེ་གདུང་ནི།  རང་ཉིད་ཀྱི་གཅེས་པའི་སྲོག་བཞིན་གཙིགས་སུ་འཛིན་ཅིང་།  ཕ་རོལ་པོ་ལ་ཀུན་སློང་དག་པའི་ཆུ་ཡི་མཆོད་པ་བཞིན་འབུལ་བར་བྱེད་མོད་ཀྱང་། ཕར་ཕྱོགས་ནས་དེའི་རྩ་ཆེའི་རང་བཞིན་རྟོགས་པའི་གནས་མ་མཆིས་པས།  གཉོམ་ཆུང་གི་བུད་མེད་དེ་དག་གི་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་གིས་ཕྱུག་པའི་སེམས་ཁམས་ཀྱི་འཇིག་རྟེན་དེ་ནི།    ཧ་ཅང་གི་སྐྱོ་ལྷང་ལྷང་ཞིག་ལས་མ་འདས་པ་གསལ་འདུག

    གསུམ་པ།  བོད་ཀྱི་བུད་མེད་ཚོས་ཀྱང་འགྲོ་མི་གཞན་དང་མཚུངས་པར།  རང་ཉིད་ལ་དབང་བའི་ཡིད་འོང་གི་འཇིག་རྟེན་ཞིག་སྟེ།  རང་དབང་དང་གུ་ཡངས།  སྤྲོ་སྣང་དང་མཛེས་སྡུག  བརྩེ་བ་སོགས་ཀྱིས་རྒྱན་པར་བྱས་པའི་ངོ་མཚར་གྱི་འཇིག་རྟེན་ཞིག་ཅི་ལ་མི་འདོད།  དེ་ཡང་རང་ཉིད་ཀྱི་འདུན་པའི་གཏིང་རོལ་ན་འོད་ལྷམ་ལྷམ་དུ་འཚེར་ཞིང་།  མཛེས་ཤིང་སྡུག་པར་བཞད་པའི་རྨི་ལམ་གྱི་ཞིང་ཁམས།  མེ་ཏོག་སྣ་བརྒྱ་འཛོམས་པའི་ཡིད་འོང་གི་ལྡུམ་རྭ།  དེ་ལྟ་བའི་ངོ་མཚར་བའི་འཇིག་རྟེན་གྱི་བདེ་སྐྱིད་ལ་རོལ་མྱོང་བྱ་བར་འདོད་ཅིང་།  ལྷག་པར་དུ་སེམས་དང་སེམས་ཀྱི་ཟབ་ས་འཕྲད་སའི།  འཇིག་རྟེན་བརྩེ་དུང་ཅན་ཞིག་ལ་རེ་བ་བཅངས་པའི་ངང་ཚུལ་དེ་སྟོང་བསམ་དང་འཆར་ཡན་གྱི་རྣམ་པས་བྲིས་འདུག   

    བཞི་པ།    འོན་ཀྱང་། དངོས་ཡོད་གནས་སྟངས་ལ་བབས་དུས།  བོད་ཀྱི་བུད་མེད་ཚོའི་འཇིག་རྟེན་དེ་ནི་ཐེ་ཚོམ་དང་དོགས་པ།  ཁེར་རྐྱང་དང་གདུང་བ་སོགས་ཀྱིས་རྐྱེན་པས།  ཡོད་ཚོད་སྐྱ་ཐིང་ངེར་ཏེ་སྐྱོ་ཉམས་ཅན་ཞིག་ཡིན་པ་བཤད་ཡོད་པར་སྙམ།  

    གསལ་བཤད།  སྤྱིར་སྙན་ངག་འདི་ནི་བོད་ཀྱི་བུད་མེད་གཅིག་པུའི་གནས་འབབ་ལ་སྦྱོར་དགོས་པའི་ངེས་པ་མེད་པས་ཀློག་པ་པོ་སོ་སོའི་རྟོག་འཆར་གྱི་སྒོ་མོ་ཡངས་སར་འཁྲིད་རྒྱུ་ལོས་ཡོད།
    རྒྱབ་སྐྱོར།[21ངོ་རྒོལ།[23]
  • "); document.write("");