document.write("");
document.write("
reip:111.11.191.*
2015-06-29 16:52:51
འཕུར་བསྐྱོད་དང་བྱ་ཁྱུ།
ཁ་བ་ལགས་རྗེས་སུ་དྲན་པ།
འཁྱགས་རོམ་གྱི་སེམས་པས
མཚོ་མོའི་རླབས་ཕྲེང་རེ་རེ་བརྟོལ་ནས
འཕུར་སོང་ངམ བཀྲག་མདངས་འཚེར་འོང་པའི་འཕུར་བསྐྱོད་དེ ང་ཡི་ཟླ་དྲུག་པའི་བྱ་ཁྱུ
གཤོག་འགྱུར་དང་ཡིད་གདུང་བསྲེས་ཏེ
སེམས་པ་དང་བར་སྣང་བསྲེས་ནས
འཕུར་བསྐྱོད་གནང་སོང་ངམ
མིའི་རིགས་ཀྱི་ཡིད་གདུང་གི་གླིང་ཀ་ལྗང་ཁུ
ཁྱེད་ནི་དུས་ནམ་ཡང་འཕུར་བསྐྱོད་རིགས་ཤིག་གིས་འཚོས་ཤིང ས་གཞིའི་བང་རིམ་དང་མཚོ་མོའི་འཁྱགས་ཀླུང་ནས་འཕུར་མྱོང་ཏེ ད་བར་ཁེར་རྐྱང་གི་གཤོག་རྩལ་བསྒྱུར་མྱོང
འཕུར་བསྐྱོད་གནང་སོང
འཕུར་བསྐྱོད་གནང་སོང
ང་ཡི་རྟོག་སྣང་གི་ཡུལ་ལྗོངས་ཟླུམ་པོ
འཕུར་བསྐྱོད་རིགས་ཤིག
འབུ་མེ་ལྕེབས་ལ་ཕུལ་བ།
བྱ་ཁྱུ་རང་དབང་གི་འཕུར་བསྐྱོད་ལ་དགའ་བ
དེ་ནི་བྱ་ཁྱུའི་རང་དབང་གི་གདམ་ང་རེད་ཨང
སྨག་རིམ་གྱི་ངོས་སུ་ཤུགས་ཆེན་པོས་གཤོག་པ་བརྡབས་ཏེ
འོད་ཟེར་ཕྲ་མོ་དག་གི་གནས་ཡུལ་འཚོལ་བ
དེ་ཡང་རང་དབང་གི་བྱ་ཁྱུའི་ལས་སྐལ་རེད་ཨང
ཡིན་ཡང (༡)འབུ་མེ་ལྕེབས་ལ་མཁོ་བ་ནི་འཆི་བ་མ་ཡིན་པར།འོད་སྣང་དང་དྲོད་ཁོལ་ཡིན་ངེས།
ཡིན་ཡང མིའི་རིགས་ལ་མཁོ་བ་ནི་མུན་ནག་མ་ཡིན་པར།
བདེ་སྐྱིད་དང་ཞི་མཐུན་ཡིན་ངེས།
ཡིན་ཡང ཕ་ཡུལ་ལ་མཁོ་བ་ནི་མིག་ཆུ་མ་ཡིན་པར།ཕུགས་བསམ་དང་ལྗང་མདོག་ཡིན་ངེས།
ཡིན་ཡང ཡིན་ཡང ཡིན་ཡང
ཚེ་སྲོག་ལ་མཁོ་བ་ནི་དངངས་སྐྲག་དང་གཏུམ་སྤྱོད་མ་ཡིན་པར།རང་དབང་གི་འཕུར་བསྐྱོད་གནང་རྒྱུ་དེ་ཡིན་ཨང་།
མཆན།
(༡)འབུ་མེ་ལྕེབས་ཀྱི་ཚིག
༢༠༡༥.༦.༢༨ཉིན་སྲིན་པོས་ཡིད་གདུང་བའི་ངང་སྦྱར།
མེ་དཔུང་གི་རིགས་རྒྱུད།
___འདས་མཆོད་ཀྱི་གླུ།
སྲིན་པོ།
ལོ་ཟླ་མང་པོ་མང་པོ་ཞིག་ཕྱིན་རྗེས
ངས་ཁྱེད་རང་ལྟ་བུའི་མེ་དཔུང་གི་སྙན་ངག་ཅིག་བྲི་འོས
ས་གཞི་འདིའི་སྟེང་གི་མུན་ནག་གི་སྐད་སྒྲ་མ་ལུས
རིང་དུ་ཡལ་ཚེ
ངས་ཆེས་དྭངས་གཙང་གི་ཉིན་མོ་ཞིག་བཙལ་ཏེ
སླར་ཡང་ཁྱེད་ལ་སྙན་ངག་ཅིག་བྲི་འོས
དེ་ནི་ད་ལྟའི་བར་མིའི་རིགས་ཀྱི་སྨྱོ་ཧམ་ཀྱིས་
མྱ་ངན་ཞུ་བ་ལྟར
བདག་གིས་ཀྱང་ཁྱེད་ལ་མ་སྨིན་པའི་བརྩེ་བ་ཞིག་བཅངས་ཡོད་པས་ཡིན་སྲིད
ཏག་ཏག ཁྱེད་ལ་དུས་ནམ་ཡང་ཐུག་འཕྲད་བྱུང་ཐུབ་སྟེ
དེ་ནི་ད་དུང་ཡང་ཁྱེད་རང་མཚར་སྡུག་གི་མེ་དཔུང་འདིའི་ཁྲོད་གནས་ཡོད་པས་ཡིན
ངས་ཁྱེད་ཀྱི་མེ་ལྕེ་ལ་ཐུག་རེག་བྱེད་སྐབས
ཁྱེད་ཀྱིས་བདག་གི་ལུས་ཡོངས་སུ་བྱིལ་བྱིལ་གནང་སོང
ཀྱེ་མ རླབས་ཆེན་གྱི་སྲས་མོ མེ་དཔུང་གི་རིགས་རྒྱུད
");
document.write("");