document.write("");
document.write("
དབེན་དུག་མདའ།ip:117.136.82.*
2018-10-31 23:10:08
༄༅།།ཁྱེད་ཉིད་ཕྱིར་ཕེབས་ཤོག
དབེན་དུག་མདའ།
ཁྱེད་རང་ཕྱིར་ཕེབས་ཤོག
ནུ་བོ་ཁྱིམ་ལ་ཐོན་ཡོད།
བྲེལ་ཚུད་དང་འཇིགས་སྐྲག་གིས་ངང་ནས་ཁྱིམ་ལ་ཐོན་ཡོད།
ཁྱེད་རང་གཞུགས་པའི་ཡིད་ཆེས་ཀྱི་རེ་བ་བཅངས་ཏེ་ཐོན་ཡོད།
ཕུ་བོ་ལགས། ཁྱེད་རང་གང་ན་ཡོད། གང་ཞིག་ཏུ་བུད་སོང་།
ངས་ཁང་ཁྱིམ་གྱི་གྲི་ཕུག་སོ་སོར་ནས་ཁྱོད་བཙལ་ཅིང་།
ངའི་ཨ་མའི་མྱ་ངན་གྱི་མིག་ཆུ་བཞུར་བཞིན
ངུ་ངག་གིས་ང་ལ་འཐམ་ནས།
གཤིན་རྗེས་རྒྱལ་པོའི་དཀའ་བབས་ནས་ཁྱེད་ཉིད་བཙན་གྱིས་ཁྲིད་སོང་ཟེར།
ཕུ་བོ་ལགས།
ཁྱེད་ནི་ན་གཞོན་གྱི་ལང་ཚོ་རྒྱས་ལ
སྙིང་སྟོབས་དང་སྤོབས་པ་ལྡན་པའི་སྐྱེས་ཕོ་རབས་ཀྱི་མཚན་ཉིད་ཚང་བ་ཞིག་ཡིན་པས།
ཁྱེད་རང་བཙན་གྱིས་ཁྲིད་ག་ལ་ཐུབ།
ང་ལ་ཡིད་གཉིས་ཀྱིས་ཁྱེད་ཐེ་ཚོམ་ཤོར།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
ངས་སློབ་གྲྭ་ནས་ཁྱེད་ལ་གནས་བཅུའི་ནོར་བུ་ཁྱེར་ཡོད།
ད་དུང་ཁྱེད་དགའ་བའི་ཞིམ་མངར་གྱི་སྦྲང་བརྩི་ཁུར་ཡོངས་ཡོད།
ཕུ་བོ་ལགས།
ཁྱེད་ཀྱིས་ནུ་བོའི་ལེགས་སྐྱེས་འདི་དག་མཐོང་ཚེ།
ཁྱེད་ཀྱིས་ང་ལ་བདེ་སྐྱིད་ཀྱིས་དགའ་འཐམ་བྱ་ངེས།
དེ་དུས་ང་ནི་ཅི་འདྲའི་སྐྱིད་ཨང་།
ཕུ་བོ་ལགས། ཕྱི་ཕེབས་ཤོག
ད་ནི་རི་མགོ་ལ་ཁ་བ་ཆགས་འདུག
ཕྱི་རོལ་གྱི་ཡུལ་ན་ནམ་ཟླ་ཇི་འདྲའི་གྲང་ཨང་།
ང་ནི་ཨ་ཕ་དང་ཨ་མའི་གོམ་བུ་བདེ་ནའང།
ཁྱེད་ཉིད་མེད་ན་ཁང་ཁྱིམ་སྟོང་བ་རེད།
ཁྱེད་མེད་ན་ང་ཚོའི་སེམས་ལ་གྲང་འཁྱག་རེད།
ཕུ་བོ་ལགས།
ཁྱེད་ནི་ཁྱིམ་ཚང་གི་དྲོད་ཐབ་དེ་རེད།
གོ་ཐོས་སུ། ཁྱེད་རང་ཕྱི་མ་ལ་ཕེབས་སོང་ཟེར་།
ཕྱི་མ་ཟེར་བ་དེ་ཇི་འདྲའི་ཐག་རིང་ཨང་།
ཞིང་ཡུལ་ན་ཁྱེད་ཀྱི་ཕ་མ་མེད།
ཕྱི་མའི་ཡུལ་ན་སྙིང་ཉེ་བའི་སྤུན་གྲོགས་མེད།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
ཞིང་ཁམས་ངོ་མ་དེ་རང་ཁྱིམ་ན་ཡོད།
ཕུ་བོ་ལགས།
དོ་ནུབ་ཨ་མས་ཁྱེད་དྲན་བཞིན་འདུག
མོས་མ་ངག་གི་སྨོན་ཚིག་ནང་ཁྱེད་དྲན་འདུག
མོས་སོར་མོ་ཡིས་བགྲང་པའི་ཕྲེང་བ་དེའི་ཁྱེད་ལ་མ་ཎི་ཡིས་འཕྲིན་ཡིག་སྐུར་བཞིན་འདུག
ཕུ་བོ་ལགས།
ཨ་མ་ནི་ཅི་འདྲའི་སྙིང་རྗེ་ཞིག་རེད་ཨང།
མཚན་མོ་རྨིན་ལམ་ནང་ནའང་ཁྱེད་དྲན་འདུག
ཉིན་མོ་ཁྱེད་དྲན་དྲག་པས་དུས་ཐོག་ཏུ་ཟ་མའང་བཟའ་ཐུབ་ཀྱིན་མི་འདུག
ཁྱེད་ཀྱིས་གླུ་དབྱངས་དང་སྙིང་རྗེ་ཁྱེར་ནས།
ཨ་མའི སེམས་ལ་བདེ་སྐྱིད་ཅིག་སྟེར་རོགས།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
དོ་ནུབ། ནུ་བུའི་སེམས་ན་ཁྱེད་ཉལ་ཡོད།
དོ་ནུབ། ངའི་རྨི་ལམ་ནང་ཕུ་ནུ་ལྷན་དུ་འཛོམས་ངེས།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
ཞོགས་པ། ཁྱིམ་ཚང་གང་བོ་ཡིས།
ཁྱེད་ཕེབས་པའི་རེ་བ་བཅངས་ཏེ།
རང་ཁྱིམ་གྱི་སྒོ་འགྲམ་ནས་ཁྱེད་སྒུག་ཡོད།
ཕུ་བོ་ལགས། ཁྱིམ་ཚང་གང་བོས་ཁྱོད་དྲན་བཞིན་ཡོད།
ཁྱེད་ཉིད་ཕྱིར་ཕེབས་ཤོག
བདེ་སྐྱིད་ངོ་མ་དེ་རང་ཁྱིམ་ན་ཡོད།
ཕུ་བོ་ལགས། ཁྱེད་རང་ཕྱིར་ཕེབས་ཤོག
");
document.write(" ཀླུ་གྲུབip:117.61.159.*
2018-09-27 18:20:02
དུས་དེབ་འདིའི་ཚེ་སྲོག་བརྟན་པར་ཤོག རྩོམ་ཁ་པར་ནང་ནས་བསྐུར་ན་ཆོག་གམ།
");
document.write(" བོད་ལྗང་།ip:98.14.43.*
2018-04-13 02:19:39
ཕྱི་ཡུལ་ནས་མངགས་ཉོ་བྱེད་བདེ་པོ་ཨེ་དམ། སྦྲགས་ཀྱི་རིང་གོང་ཧ་ཅང་མཐོ་པོ་འབབ་ཀྱི་འདུག PDF བཙོངས་གནང་གི་ཨེ་ཡོད།
");
document.write(" ཀླུ་པད་བཟང་།ip:43.243.17.*
2016-08-28 22:44:27
དེབ་འདིའི་ནང་གི་སྒྲུང་རྩོམ་ཧ་ཅང་ཡག་གི རྩོམ་སྒྲིག་པ་བཀའ་དྲིན་ཆེ།
");
document.write(" སྐྱ་མདའ།ip:223.104.27.*
2016-01-07 16:52:39
བོད་ཁུལ་དུ་རྒྱ་ཆེར་འགྲེམ་སྤེལ་བྱེད་པ་གལ་ཆེ།
");
document.write(" བེ་མིག(རྨ་ལྷོ)ip:125.72.251.*
2015-12-19 01:29:10
དེབ་ཀྱི་ཇུས་འགོད་ཧ་ཅང་ཡག་པོ་འདུག ཡིན་ཡང་ཀློག་པ་པོ་ཐ་ཆུང་བ་ང་རང་དེབ་འདི་དང་ནང་སེམས་ད་དུང་འདྲེས་མེད།ཡང་གཅིག་བཤད་ན་ངེད་གནས་པའི་རི་སུལ་ཆུང་ཆུང་འདིར་དེབ་འདི་ཕར་ཤོག་མཐའ་ན་དཔེ་ཁང་ཆུང་ཆུང་ཞིག་ཀྱང་མི་འདུག ང་ལ་ཡོད་པའི་དཔེ་སྒྲོམ་ནང་གི་དེབ་འདི་དག་གཅིག་རེ་གཉིས་རེ་བྱས་ཏེ་ཆེད་ཉོ་བྱས་པ་ཡིན། དེབ་འདི་ལ་མཇལ་པའི་སྐལ་བཟང་ཞིང་ལ་ཞུ་བ་ལགས་ད་ལྟ་ཐབས་ཤེས་གཞན་མི་འདུག་ཨང་།
");
document.write(" ླཀློའུ།ip:118.183.70.*
2015-10-08 21:02:20
ཧ་ཅང་ཡག་པོ་འདུག
");
document.write(" འབྲུག་རྩེ་རྒྱལ།ip:110.167.30.*
2015-09-21 16:26:37
ངོ་མ་ཡག་པོ་འདུག ས་གནས་སོ་སོའི་ཞིན་ཧྭ་དཔེ་ཁང་དུ་ཉོ་རྒྱུ་མེད་པས། རྩོམ་སྒྲིག་པས་འདིའི་ཐད་ལ་ཐུགས་བསམ་རེ་གནང་རོགས།
");
document.write(" མི་རིགས་ཀྱི་རྩོམ་རིགip:219.239.12.*
2015-06-29 19:00:29
ཀློག་མཁན་ཡེ་ཤེས་མཐར་ཕྱིན་དང་ཚེ་མཚོ་ལགས་གཉིས་ནས་དུས་དེབ་ལ་དོ་སྣང་མཛད་པར་ཐུགས་རྗེ་ཆེ་ཞུ།
");
document.write(" ཚེ་མཚོ།ip:124.200.253.*
2015-06-29 16:00:00
དུས་དེབ་འདི་ལ་དགའ།
");
document.write("");