ཤེས་ལྡན་ཚོ།༼གཞས་ཚིག༽

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-11

 

 

སྤྲིན་དཀར་གྲོགས་སུ་བསྟེན་པའི་གླག་ཕྲུག་ཚོ།།
བུ་ཡུག་འཚུབ་མས་གཤོག་ཟུང་བཅུམ་ན་ཡང་།།
མཉེན་འགྱུར་འཕྲེད་དུ་གཏུབ་པའི་དཔའ་རྩལ་ལ།།
ཨ་སྔོན་དབྱིངས་སུ་དོ་ཟླ་སུ་ཞིག་ཡོད།།

སྨུག་པ་གོས་སུ་མནབས་པའི་རྟ་མཆོག་ཚོ།།
ཀྱག་ཀྱོག་ཁུགས་པ་བགྲོད་ལམ་རྩུབ་ན་ཡང་།།
རླུང་འགྲོས་བང་རྩལ་མྱུར་བའི་གོམ་ལག་ལ།།
དོག་མོ་ས་ན་དོ་ཟླ་སུ་ཞིག་ཡོད།།

དཔེ་ཁུག་རྒྱན་ལ་བཀོད་པའི་ཤེས་ལྡན་ཚོ།།
ཡོན་ཏན་རིག་པས་ཁུར་དུ་ལྕི་ན་ཡང་།།
དཀའ་སྤྱད་བརྩོན་པའི་ཤུགས་ཀྱི་སྙིང་སྟོབས་ལ།།
ན་མཉམ་ཁྲོད་ན་དོ་ཟླ་སུ་ཞིག་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་ལྡན་ཚོ།༼གཞས་ཚིག༽

2013-09-11 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

 

 

སྤྲིན་དཀར་གྲོགས་སུ་བསྟེན་པའི་གླག་ཕྲུག་ཚོ།།
བུ་ཡུག་འཚུབ་མས་གཤོག་ཟུང་བཅུམ་ན་ཡང་།།
མཉེན་འགྱུར་འཕྲེད་དུ་གཏུབ་པའི་དཔའ་རྩལ་ལ།།
ཨ་སྔོན་དབྱིངས་སུ་དོ་ཟླ་སུ་ཞིག་ཡོད།།

སྨུག་པ་གོས་སུ་མནབས་པའི་རྟ་མཆོག་ཚོ།།
ཀྱག་ཀྱོག་ཁུགས་པ་བགྲོད་ལམ་རྩུབ་ན་ཡང་།།
རླུང་འགྲོས་བང་རྩལ་མྱུར་བའི་གོམ་ལག་ལ།།
དོག་མོ་ས་ན་དོ་ཟླ་སུ་ཞིག་ཡོད།།

དཔེ་ཁུག་རྒྱན་ལ་བཀོད་པའི་ཤེས་ལྡན་ཚོ།།
ཡོན་ཏན་རིག་པས་ཁུར་དུ་ལྕི་ན་ཡང་།།
དཀའ་སྤྱད་བརྩོན་པའི་ཤུགས་ཀྱི་སྙིང་སྟོབས་ལ།།
ན་མཉམ་ཁྲོད་ན་དོ་ཟླ་སུ་ཞིག་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།