ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་གླུ་མགོ་རྩོམ་པའི་སྐོར།

          དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་འབོད།
དགུང་ཨ་སྔོན་དཀྱིལ་ནས་གུར་ཞིག་ཕུབ།།
སྤྲིན་དཀར་དམར་གཉིས་ཀྱི་གདན་ཞིག་བཏིང༌།།
དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་འབོད།།
ཡར་ལོངས་དང་གཡུ་འབྲུག་སྔོན་མོ་རྩེ།།
 
རྫ་ཁྲ་ཡག་སྟོད་ནས་གུར་ཞིག་ཕུབ།།
རྩྭ་རྩི་ཏོག་གཉིས་ཀྱི་གདན་ཞིག་བཏིང༌།།
རྫ་བྲེ་སེར་འབྲོང་མོ་མགྲོན་ལ་འབོད།།
ཡར་ལོངས་དང་འབྲོང་ཕྲུག་ཡུན་གྱིས་རྩེ།།
 
ཁྱིམ་གནས་ཁང་གྲུ་བཞིའི་གུར་ཞིག་ཕུབ།།
ཕྲུག་དཀར་དམར་གཉིས་ཀྱི་གདན་ཞིག་བཏིང༌།།
ཡུལ་ཕྱོགས་བཞིའི་མི་སྣ་མགྲོན་ལ་འབོད།
ཕ་ཨ་ཁུས་ཉོན་དང་ན་ཟླ་རྩེ།།
 
          ཞིམ་པོ་ཆང་ལ་རིན་པ་མེད།
སེར་པོ་གསེར་ལ་རིན་པ་མེད།།
རིན་པ་མེད་རུང་རིན་པོ་ཆེ།།
ལྷ་ཁང་གསེར་ཁང་དེ་ཡིས་བཞེངས།།
 
ནག་པོ་སྣག་ཚ་རིན་པ་མེད།།
རིན་པ་མེད་རུང་རིན་པོ་ཆེ།།
བཀའ་འགྱུར་བསྟན་འགྱུར་དེ་ཡིས་བཞེངས།།
 
ཞིམ་པོ་ཆང་ལ་རིན་པ་མེད།།
རིན་པ་མེད་རུང་རིན་པོ་ཆེ།།
ནང་མགྲོན་པོ་སྐྱིད་ལ་དེ་ཡིས་བཀུར།།

             རྐྱང་དར་མ་བང་ཁ་སྐྱེན་པོ་མ།
རྐྱང་དར་མ་བང་ཁ་སྐྱེན་པོ་མ།།
དགུང་ཉི་ཟླ་གཉིས་ཀྱི་བཅིབས་རྟ་རེད།།
རྩལ་བང་ཁ་རླུང་ལ་འགྲན་ན་ཡག།
 
འབྲོང་བྲེ་སེར་མཆོང་གི་རུ་ཐུར་ཅན།།
སྟོད་རི་རྒྱལ་ལྷུན་པོའི་སྒོ་ཟོག་རེད།།
སྨུག་ཤོ་ལེ་འཁྱིལ་ན་ཇེ་སྐྱིད་ཡིན།།
 
ཆང་བདུད་རྩི་གཡུ་ཡི་ཁ་དོག་ཅན།།
བདག་གཞི་མགྲོན་གཉིས་ཀྱི་སྤྱི་མ་རེད།།
གླུ་གར་རྩེ་བྱས་ན་ཇེ་སྐྱིད་ཡིན།།
 
        རྒྱབ་དུང་རལ་ཅན་གྱིས་གླུ་ལན་ཟློགས།
གྲལ་མགོ་བསྐོར་རེ་གླུ་ཞིག་ལེན།།
ཁ་ཇ་ཆང་འཛོམ་པའི་སྐྱིད་གླུ་ལེན།།
མགོ་ལ་ཐོད་ཅན་གྱིས་གླུ་ལན་ཟློགས།།
 
གྲལ་སྐེད་བསྐོར་རེ་གླུ་ཞིག་ལེན།།
ལུས་དཔའ་རྩལ་འཛོམ་པའི་སྐྱིད་གླུ་ལེན།།
མགོ་ཝ་གོར་ཅན་གྱིས་གླུ་ལན་ཟློགས།།
 
གྲལ་རྔ་བསྐོར་རེ་གླུ་ཞིག་ལེན།།
ཟས་མངར་གསུམ་འཛོམ་པའི་སྐྱིད་གླུ་ལེན།།
རྒྱབ་དུང་རལ་ཅན་གྱིས་གླུ་ལན་ཟློགས།།
 
           ཡིད་སེམས་མཐུན་པའི་སྤུན་ཟླ།
ལ་ཡི་ཆུ་དང་ལུང་ཡི་ཆུ།།
ཆུ་མགོ་མི་གཅིག་ཁ་ཁ་རེད།།
ཆུ་སྣ་མི་གཅིག་སོ་སོ་རེད།།
འདུས་པ་རྒྱ་མཚོའི་ནང་ན་འདུས།།
དབྱར་ཆར་ཆུ་རྒྱས་པའི་སྐྱིད་ལ་འདུས།།
 
སྟོད་ཀྱི་སྤྲིན་དང་སྨད་ཀྱི་སྤྲིན།།
སྤྲིན་ཕྱོགས་མགོ་མི་གཅིག་ཁ་ཁ་རེད།།
ལྡིང་ས་མི་གཅིག་སོ་སོ་རེད།།
འདུས་པ་དགུང་སྔོན་གནམ་ལ་འདུས།།
ཆར་ཟིལ་མ་འབབ་པའི་སྐྱིད་ལ་འདུས།།
 
ལ་ཡི་མི་དང་ལུང་གི་མི།།
ཕ་ཡུལ་མི་གཅིག་ཁ་ཁ་རེད།།
ཕ་སྐད་མི་གཅིག་སོ་སོ་རེད།།
འདུས་པ་ཁྲོམ་པའི་གྲལ་ལ་འདུས།།
གླུ་གར་རྩེད་བྱེད་པའི་སྐྱིད་ལ་འདུས།།
ཟས་ཞིམ་མངར་འཛོམ་པའི་དངོས་གྲུབ་སྩོལ།
 
           གླུ་མཆོད་ལ་ལེན་ན་མཆོད་ལ་ལེན།།
ལྷ་བླ་མ་ཡི་དམ་དཀོན་མཆོག་མཆོད།།
བློ་ཆོས་ལ་འགྱུར་བའི་དངོས་གྲུབ་སྩོལ།།
གླུ་མཆོད་ལ་ལེན་ན་མཆོད་ལ་ལེན།།
ཕ་ཨ་ཁུའི་ཕོ་ལྷ་དགྲ་ལྷ་མཆོད།།
དགྲ་བདུད་དཔུང་འདུལ་བའི་དངོས་གྲུབ་སྩོལ།།
 
གླུ་མཆོད་ལ་ལེན་ན་མཆོད་ལ་ལེན།།
མ་སྲུ་མོའི་ཟས་ལྷ་ཐབ་ལྷ་མཆོད།།
ཟས་ཞིམ་མངར་འཛོམ་པའི་དངོས་གྲུབ་སྩོལ།།
མ་སྲུ་མོས་ཇ་ཆང་སྐོལ་ཉིན་ལེན།
གླུ་ཡར་ལ་ལེན་ན་ཡར་ལ་ལེན།།
གླུ་ཡར་ལེན་འཇིག་རྟེན་མགྲོན་པོའི་གླུ།།
མགྲོན་བརྒྱ་སྟོང་ཁྲོམ་ལ་འཚོགས་ཉིན་ལེན།།
 
གླུ་བར་ལ་ལེན་ན་བར་ལ་ལེན།།
གླུ་ཕར་ལེན་ཞིང་བ་བདེ་གཞིའི་གླུ།།
ཞིང་ཆུ་མའི་ལོ་མགོ་ཡག་ཉིན་ལེན།།
གླུ་མར་ལ་ལེན་ན་མར་ལ་ལེན།།
གླུ་མར་ལེན་མ་དང་བུ་མོའི་གླུ།།
མ་སྲུ་མོ་ཇ་ཆང་སྐོལ་ཉིན་ལེན།།
 
          ནང་ཁྲོམ་པ་སྐྱིད་པའི་གཞི་མ་རེད།
བྲག་ཟུར་གསུམ་རྩེ་མོ་དགུང་ལ་ཟུག།
དགུང་ཉི་ཟླ་ཤར་གྱི་གྲོགས་ཤིག་རེད།།
ཤིང་ནགས་ཚལ་རྒྱས་པའི་གཞི་མ་རེད།།
 
ལམ་སྐྱ་མོའི་འདུས་མདོ་ཐང་ལ་ཟུག།
རྟ་འདོ་བ་རྒྱུག་གི་གྲོགས་ཤིག་རེད།།
རྒྱུག་བང་རྩལ་འཛོམ་པའི་གཞི་མ་རེད།།
 
ཆང་བདུད་རྩིའི་ཉིང་ཁུ་ཁྲོམ་ལ་ཟུག།
གླུ་ངག་སྒོ་འབྱེད་ཀྱི་གྲོགས་ཤིག་རེད།།
ནང་ཁྲོམ་པ་སྐྱིད་པའི་གཞི་མ་རེད།།
            
            བསྟོད་གླུ་བླངས་ན་གྲོགས་པོ་དགའ།
རྟ་འདོ་བའི་སྐྱོགས་ཤིག་མ་འཐེན་ན།།
རྫ་དཀར་པོའི་གཞི་བདག་མི་དགའ་གི།
 
ཇ་འོ་མའི་ཁོལ་མགོ་མ་མཆོད་ན།།
ཕུགས་ཀྱི་སྲུང་མ་མི་དགའ་གི།
 
ང་གླུ་བས་གླུ་ཞིག་མ་བླངས་ན།།
འདིར་ཚོགས་ཁྲོམ་པ་མི་དགའ་གི།
 
             གཉེན་གྱི་སྒོ་མོ་གླུ་ཡིས་འབྱེད།
སྒོ་གོང་མ་དམ་པའི་ཆོས་ཀྱི་སྒོ།།
དམ་པའི་ཆོས་སྒོ་སྤོས་ཀྱིས་འབྱེད།།
ཆོས་ཆད་ལྷག་མེད་པའི་སྨོན་ལམ་འདེབས།།
 
སྒོ་བར་མ་གཡུང་དྲུང་བོན་གྱི་སྒོ།།
གཡུང་དྲུང་བོན་སྒོ་གསེར་གྱིས་འབྱེད།།
ཚེ་བར་ཆད་མེད་པའི་སྨོན་ལམ་འདེབས།།
 
སྒོ་ཞོལ་མ་སྨུག་པོ་གཉེན་གི་སྒོ།།
སྨུག་པོ་གཉེན་སྒོ་གླུ་ཡིས་འབྱེད།།
ཁྱིམ་བཟའ་ཚང་སྐྱིད་པའི་སྨོན་ལམ་འདེབས།།
 
            ཁྲ་ཆུང་མིག་ལ་ཆགས་ཤིག་འཇོག
ཁྲ་ཆུང་མིག་ལ་ཆགས་ཤིག་འཇོག།
རིག་མཐོང་ཅན་གྱི་གླུ་ཞིག་ལེན།།
མཐོང་བ་མང་ན་བློ་གྲོས་རྒྱས།།
 
མགོ་ཟུར་རྣ་ལ་ཆགས་ཤིག་འཇོག།
གོ་མྱོང་ཅན་གྱི་གླུ་ཞིག་ལེན།།
ཐོས་པ་མང་ན་ཤེས་རྒྱ་ཆེ།།
 
ཁའི་དུང་སོ་སུམ་ཅུར་ཆགས་ཤིག་འཇོག།
སྒྲིག་རིམ་ཅན་གྱི་གླུ་ཞིག་ལེན།།
རྟེན་འབྲེལ་ཤེས་ན་འདོད་དོན་འགྲུབ།།
 
              བདེ་མོ་མི་གསུམ་རྩེ་ནི་དགོས།
མགྲོན་གྲལ་ཡག་ཚང་གི་གྲལ་མགོ་ན།།
བརྗིད་པོ་མི་གསུམ་འདུག་ནི་དགོས།།
དེ་གསུམ་འཛོམས་ན་འཛོམས་གསུམ་ཡིན།།
 
མགྲོན་གྲལ་ཡག་ཚང་གི་གྲལ་སྐེད་ན།།
མཁས་པ་མི་གསུམ་བཤད་ནི་དགོས།།
དེ་གསུམ་འཛོམས་ན་འཛོམས་གསུམ་ཡིན།།
 
མགྲོན་གྲལ་ཡག་ཚང་གི་གྲལ་རྔ་ན།།
བདེ་མོ་མི་གསུམ་རྩེ་ནི་དགོས།།
དེ་གསུམ་འཛོམས་ན་འཛོམས་གསུམ་ཡིན།།
 
             འཆི་མེད་ལྷ་ཡི་ཚེ་ཆང༌།
ངའི་ལོ་ཆང་ཁམ་པའི་ཉིང་ཁུ་འདི།།
སྟེང་གོང་མ་ལྷ་ཡི་བདུད་རྩི་ཡིན།།
ཕ་ཨ་ཁུས་འཐུང་ན་དབུ་འཕང་མཐོ།།
ལྕེ་དར་མའི་རྒྱུད་ནས་གཏམ་སྒོ་འབྱེད།།
 
ངའི་ཟླ་ཆང་བསིལ་མའི་ཉིང་ཁུ་འདི།།
འཆི་མེད་ལྷ་ཡི་ཚེ་ཆང་ཡིན།།
སྤུན་ན་ཟླས་འཐུང་ན་དཔལ་རྩལ་རྒྱས།།
གླུ་ཁ་མཚར་ངག་སྒོ་འདི་ཡིས་འབྱེད།།
 
           ང་གླུ་བ་སྟོན་མོར་ཡོང་ནི་ཡིན།
དགུང་ཨ་སྔོན་ཚང་གི་སྟོན་མོ་རེད།།
ང་འབྲུག་ཆུང་སྟོན་མོར་ཡོང་ནི་ཡིན།།
འབྲུག་དེ་རིང་མི་གྲག་ནམ་རེ་གྲག།
 
རྫ་ཁྲ་ཡག་ཚང་གི་སྟོན་མོ་རེད།།
འབྲོང་བྲེ་སེར་སྟོན་མོར་ཡོང་ནི་ཡིན།།
འབྲོང་དེ་རིང་མི་གཤར་ནམ་རེ་གཤར།།
 
ཁྱིམ་ཡ་རབས་ཚང་གི་སྟོན་མོ་རེད།།
ང་གླུ་བ་སྟོན་མོར་ཡོང་ནི་ཡིན།།
གླུ་དེ་རིང་མི་ལེན་ནམ་རེ་ལེན།།
 
            ཡ་རབས་ཅན་གྱི་བུ་གསུམ།
ཁྱིམ་ཡ་རབས་ཚང་ལ་བུ་གསུམ་ཡོད།།
བུ་ཤེས་རབ་ཅན་པོ་དབུས་ལ་སོང༌།།
སྟོད་དབུས་གཙང་ཆོས་ར་སྐྱིད་ལ་བཀུག།
 
བུ་བློ་གྲོས་ཅན་པོ་སྨད་ལ་སོང༌།།
སྨད་རྒྱ་ནག་ཚོང་ར་སྐྱིད་ལ་བཀུག།
 
བུ་སྡུག་རུས་ཅན་པོ་ཡུལ་ནས་བསྡད།།
ཡུལ་དྲིན་ཆེན་ཕ་མ་སྐྱིད་ལ་བཀུག།
 
                  ཇ་ཆང་གཉིས་ཀྱི་བསུ་མ།
དགུང་སྔོན་པོ་འདྲ་བའི་གནས་ཁང་ཞིག།
འབྲུག་ཕོ་ཆུང་འདྲ་བའི་མགྲོན་པོ་ཞིག།
ཆར་ཟིལ་མ་འདྲ་བའི་བསུ་མ་ཞིག།
ངས་ཡང་ཡང་བསུ་མའི་སྨོན་ལམ་འདེབས།།
 
རྫ་ཁྲ་ཡག་འདྲ་བའི་གནས་ཁང་ཞིག།
འབྲོང་བྲེ་སེར་འདྲ་བའི་མགྲོན་པོ་ཞིག།
རྩྭ་རྩི་ཏོག་འདྲ་བའི་བསུ་མ་ཞིག།
ངས་ཡང་ཡང་བསུ་བའི་སྨོན་ལམ་འདེབས།།
 
མཁར་གཡུང་དྲུང་འདྲ་བའི་གནས་ཁང་ཞིག།
སྤུན་ན་ཟླ་འདྲ་བའི་མགྲོན་པོ་ཞིག།
ཁ་ཇ་ཆང་འདྲ་བའི་བསུ་མ་ཞིག།
ངས་ཡང་ཡང་བསུ་བའི་སྨོན་ལམ་འདེབས།།
 
             ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།
བྲག་དང་ཤུག་པ་མཉམ་སྐྱིད་རེད།།
ཡང་སྐྱིད་དགའ་ལྡན་མཁན་པ་རེད།།
ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།
 
ཇ་དང་འོ་མ་མཉམ་སྐྱིད་རེད།།
ཡང་སྐྱིད་འབྲི་མར་སེར་བོ་རེད།།
ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།
 
ཕ་དང་ཨ་ཁུ་མཉམ་སྐྱིད་རེད།།
ཡང་སྐྱིད་ཁ་ཡ་ན་ཟླ་རེད།།
ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།
 
              འདི་ཚང་ཁྲོམ་ནས་དུང་སྡོང་སྐྱེས།
སྟོད་དབུས་གཙང་ཡུལ་ནས་གསེར་སྡོང་སྐྱེས།།
གསེར་སྡོང་མགོ་ལ་གསེར་བྱ་བབས།།
དབུས་ལ་འཁོར་ནས་ལམ་གསུམ་གྲགས།།
ཕ་བླ་མ་འཁྲུངས་གི་རྟེན་འབྲེལ་རེད།།
 
སྨད་རྒྱ་ནག་ཡུལ་ནས་དངུལ་སྡོང་སྐྱེས།།
དངུལ་སྡོང་མགོ་ལ་དངུལ་བྱ་བབས།།
རྒྱ་ལ་འཁོར་ནས་ལན་གསུམ་གྲགས།།
དཔོན་ཆེན་པོ་འཁྲུང་གི་རྟེན་འབྲེལ་རེད།།
 
འདི་ཚོགས་ཁྲོམ་ནས་དུང་སྡོང་སྐྱེས།།
དུང་སྡོང་མགོ་ལ་དུང་བྱ་བབས།།
ཁྲོམ་ལ་འཁོར་ནས་ལན་གསུམ་གྲགས།།
བཀྲ་ཤིས་འཛོམས་པའི་རྟེན་འབྲེལ་རེད།།
 
                ཟླ་བཞི་བ་དབྱར་གྱི་མགོ་མ་རེད།
ཟླ་བཞི་བ་དབྱར་གྱི་མགོ་མ་རེད།།
སྤང་མེ་ཏོག་ཁ་དོག་ཡག་དུས་རེད།།
འབུ་སྦྲང་མའི་སྣང་བ་སྐྱིད་དུས་རེད།།
 
ཟླ་ལྔ་བ་དབྱར་གྱི་བར་མ་རེད།།
ནགས་སིལ་ཏོག་ཁ་དོག་ཡག་དུས་རེད།།
བྱ་ཁུ་བྱུག་གསུང་སྙན་ཡག་དུས་རེད།།
 
ཟླ་དྲུག་པ་དབྱར་གྱི་མཐའ་མ་རེད།།
རྩྭ་འབྲུ་དྲུག་རྩི་ཏོག་སྨིན་དུས་རེད།།
ལུག་ཚ་རུའི་བལ་ཁ་འཇམ་དུས་རེད།།
 
            དེ་རིང་ཁྲོམ་ལ་ལྷན་ཅིག་འདུས།
སྟོད་དབུས་གཙང་གསེར་གྱི་བུམ་པ་གཅིག།
བྱ་རྨ་བྱའི་མགོ་ཡི་སྒྲོ་གུར་གཉིས།།
སྟོད་ཁ་ཆེའི་ཡུལ་གྱི་གུར་ཀུམ་གསུམ།།
ཕ་བླ་མའི་ཕྱག་ན་ལྷན་ཅིག་འདུས།།
 
ཤ་ཕོ་ཆེན་ཤ་རྭ་དཀར་པོ་གཅིག།
སྨད་ཀྱི་འབྲོང་རྭ་སྨུག་པོ་གཉིས།།
སྟག་པའི་བར་ཤུན་སེར་པོ་གསུམ།།
གཞུ་འཁྱོག་དཀར་ཁ་ནས་ལྷན་ཅིག་འདུས།།
 
ས་ཡོ་ཅེའི་རྫ་མ་ལོང་བཞི་གཅིག།
སྨད་རྒྱ་ནག་དཀར་ཡོལ་འབྲུག་མ་གཉིས།།
ནས་རིགས་སྔོན་མོའི་བདུད་རྩི་གསུམ།།
དེ་རིང་ཁྲོམ་ན་ལྷན་ཅིག་འདུས།།
 
            གླུ་ལེན་པའི་སྐལ་བ་ལྡན་པ།
རྟ་འདོ་བ་ལྷས་ན་ཡོད་ནི་ཚོ།།
འདི་ལྷས་ན་མ་འཇོག་ཞོན་གི་སྡོད།།
རྟ་ཞོན་པའི་སྐལ་བ་ལྡན་ནི་རེད།།
 
གོས་ཚ་རུ་གདང་ན་ཡོད་ནི་ཚོ།།
གདང་ན་མ་འཇོག་གོན་གི་སྡོད།།
གོས་གོན་པའི་སྐལ་བ་ལྡན་ནི་རེད།།
 
གླུ་ཁ་མཚར་ཁོག་ན་ཡོད་ནི་ཚོ།།
གླུ་ཁོག་ན་མ་འཇོག་ལེན་གི་སྡོད།།
གླུ་ལེན་པའི་སྐལ་བ་ལྡན་ནི་རེད།།
 
         ཆང་བདུད་རྩི་ཕ་དང་ཨ་ཁུར་འདྲེན།
རྫ་མགོ་རི་མགོ་ཁ་བས་བཟུང༌།།
ཁ་བ་ཞུ་ནས་ཆང་གི་ལོག།
ཆང་བདུད་རྩི་ཕ་དང་ཨ་ཁུར་འདྲེན།།
 
རྫ་སྐེད་རི་སྐེད་ནགས་ཀྱིས་བཟུང༌།།
ཤིང་ལོ་མ་རྒྱས་ནས་ཇ་ཡི་ལོག།
ཇ་གཡང་དམར་སྤུན་དང་ན་ཟླར་འདྲེན།།
 
རྫ་འདབས་རི་འདབས་ནས་ཀྱིས་བཟུང༌།།
ནས་དྲུག་མང་སྦྲང་དཀར་རྩམ་པའི་ལོག།
ཟས་ཞིམ་པོ་མ་དང་སྲུ་མོར་འདྲེན།།
 
           མདའ་ལི་མའི་འགྲིགས་ཚུལ།
ཤ་རྭ་སྟོད་ནས་བཙལ་ནོ་རེད།།
དགོ་རྭ་སྨད་ནས་བསྒྲིགས་ནོ་རེད།།
གཞུ་རྒྱུད་བར་དུ་སྦྲེལ་ནོ་རེད།།
གཞུ་རྟིང་སྒྲ་གྲགས་ན་ཉམས་རེ་དགའ།།
 
རྒོད་སྒྲོ་སྟོད་ནས་བཙལ་ནོ་རེད།།
ལྕགས་མདེའུ་སྨད་ནས་བརྡུངས་ནོ་རེད།།
སྨྱུག་མ་བར་དུ་སྤྲད་ནོ་རེད།།
མདའ་སིར་སྒྲ་གྲགས་ན་ཉམས་རེ་དགའ།།
 
ཕ་ཨ་ཁུ་སྟོད་ནས་ཕེབས་ནོ་རེད།།
མ་སྲུ་མོ་སྨད་ནས་འདུས་ནོ་རེད།།
ང་གླུ་བ་བར་དུ་ཐོན་ནོ་རེད།།
 
        ངས་སིང་སྒྲ་གྲགས་པའི་གླུ་ཞིག་ལེན།།
གླུ་དེ་ན་མེད་ན་གང་ན་ཡོད།
དགུང་སྔོན་པོ་ཕྱི་རིམ་ནང་རིམ་རེད།།
སྤྲིན་དཀར་པོ་རིམ་པ་དགུ་བརྩེགས་རེད།།
འབྲུག་དེ་ན་མེད་ན་གང་ན་ཡོད།།
 
རྫ་ཁྲ་ཡག་ཕྱི་རིམ་ནང་རིམ་རེད།།
རྡོ་གཡའ་མ་རིམ་པ་དགུ་བརྩེགས་རེད།།
འབྲོང་དེ་ན་མེད་ན་གང་ན་ཡོད།།
 
ནང་ཁྲོམ་པ་ཕྱི་རིམ་ནང་རིམ་རེད།།
སྤུན་ན་ཟླ་རིམ་པ་དགུ་བརྩེགས་རེད།།
གླུ་དེ་ན་མེད་ན་གང་ན་ཡོད།།
 
         ས་གར་སོང་ས་ནས་གར་རྩེ་བྱོས།
འབྲོང་འབྲི་མོས་བཙས་པའི་འབྲོང་ཕྲུག་ཚོ།།
ས་གར་སོང་ས་ནས་རྭ་རྩེ་བྱོས།།
འབྲོང་འབྲི་མོས་བཙས་པའི་དོན་མགོ་རེད།།
 
རྐྱང་དར་མས་བཙས་པའི་རྐྱང་ཕྲུག་ཚོ།།
ས་གར་སོང་ས་ནས་རྒྱུག་རྩེ་བྱོས།།
རྐྱང་དར་མས་བཙས་པའི་དོན་མགོ་རེད།།
 
ཡུལ་ཨ་མས་བཙས་པའི་བུ་ཕྲུག་ཚོ།།
ས་གར་སོང་ས་ནས་གར་རྩེ་བྱོས།།
ཡུལ་ཨ་མས་བཙས་པའི་དོན་མགོ་རེད།།
 
              ན་ཟླ་བདེ་ལེགས་སམ།
གངས་དཀར་ཤེལ་གྱི་རྩེ་མོ་ནས།།
སེང་དཀར་མོ་འདྲ་བའི་མགྲོན་པོ་ཚོ།།
སེང་གཡུ་རལ་མ་འཕྱིངས་འཕྱོར་ལགས་སམ།།
 
ཤིང་ཙན་དན་ཡག་གི་ནགས་ཀླུང་ནས།།
སྟག་དམར་ཡག་འདྲ་བའི་མགྲོན་པོ་ཚོ།།
སྟག་འཛུམ་དྲུག་མ་སྣོག་རྒྱས་ལགས་སམ།།
 
ཁྲོམ་གཡུང་དྲུང་བཀྲ་ཤིས་རྟགས་བརྒྱད་ནས།།
བྱ་ཁུ་བྱུག་འདྲ་པའི་ན་ཟླ་ཚོ།།
སྒྲོ་མདངས་ཡག་མ་བརྫད་བདེ་ལགས་སམ།།
 
             སྨད་རྒྱ་ནག་འབྲས་ཆང་བསིལ་མ།
གསེར་སེར་པོའི་རང་མདངས་ཤར་འདྲ་བོ།།
སྟོད་དབུས་གཙང་ཡུལ་གྱི་གྲོ་ཆང་རེད།།
ཕ་ཨ་ཁུས་ཆང་ཁ་དལ་མོ་བྱོས།།
གཡུ་སྔོན་པོའི་རང་མདངས་ཤར་འདྲ་བོ།།
བོད་ཚོ་དྲུག་གླིང་གི་ནས་ཆང་རེད།།
ཕྱི་མགྲོན་པོས་ཆང་ཁ་དལ་མོ་བྱོས།།
 
དུང་དཀར་པོའི་རང་མདངས་ཤར་འདྲ་བོ།།
སྨད་རྒྱ་ནག་ཡུལ་གྱི་འབྲས་ཆང་རེད།།
སྤུན་ན་ཟླ་ཆང་ཁ་དལ་མོ་བྱོས།།
 
             ཚོ་དྲུག་གླིང་གི་མགྲོན་པོ།
ཤར་རི་རྒྱལ་ལྷུན་པོའི་རྩེ་མོ་ནས།།
སྐྱ་གསལ་ལེ་སྐྱ་རེངས་ཤར་བ་འདི།།
དགུང་ཉི་མ་ཤར་བའི་བསུ་མ་རེད།།
ཡུལ་དྲོད་ཁོལ་འཛོམ་པའི་རྟེན་འབྲེལ་རེད།།
 
ནགས་ལྷ་ཤིང་ཡག་གི་རྩེ་མོ་ནས།།
བྱ་ཁུ་བྱུག་སྔོན་མོས་གསུང་སྙན་བསྒྲགས།།
ཟླ་བཞི་བ་ཚེས་པའི་བསུ་མ་རེད།།
ལོ་འབྲུ་དྲུག་རྒྱས་པའི་རྟེན་འབྲེལ་རེད།།
 
བོད་ཚོ་དྲུག་གླིང་གི་མཁར་སྒོ་ནས།།
ཕ་བསོད་ནམས་ཅན་པོ་མགྲོན་ལ་ཆས།།
ང་གླུ་བ་སྔོན་གྱི་བསུ་མ་རེད།།
ཁྱིམ་བདེ་སྐྱིད་འཛོམ་པའི་རྟེན་འབྲེལ་རེད།།
 
           གླུ་ཁོག་ལ་མ་འཇོག་ལེན་གི་སྡོད།
བྱ་བརྒྱ་བྲག་ལ་འབབ་ཉིན་མོ།།
དགུང་ནམ་འཕང་སུམ་བསྟོད་དགུ་བསྟོད་བྱོས།།
སང་ནང་མོ་གར་འཕུར་ཆ་མེད་རེད།།
ཆ་ཡོད་རུང་རི་ལུང་མི་གཅིག་གི།
 
འབྲོང་བྲེ་སེར་རྫ་ལ་འཚོགས་ཉིན་མོ།།
རྫ་རོག་པོའི་ཐེམ་པ་རྩི་ཡག་བྱོས།།
སང་ནང་མོ་གར་འགྲོ་ཆ་མེད་རེད།།
ཆ་ཡོད་རུང་རྫ་ཁོག་མི་གཅིག་གི།
 
སྤུན་ན་ཟླ་ཁྲོམ་ལ་འདུས་ཉིན་མོ།།
གླུ་ཁོག་ལ་མ་འཇོག་ལེན་ཡག་བྱོས།།
སང་ནང་མོ་སུ་ཡོད་སུ་མེད་རེད།།
ལེན་འདོད་ཀྱང་སྡེ་ལུང་ཁ་ཁ་རེད།།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་གླུ་མགོ་རྩོམ་པའི་སྐོར།

2008-11-03 བོད་མི་དམངས། ཀློག་གྲངས། མཆན ཡོད།

          དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་འབོད།
དགུང་ཨ་སྔོན་དཀྱིལ་ནས་གུར་ཞིག་ཕུབ།།
སྤྲིན་དཀར་དམར་གཉིས་ཀྱི་གདན་ཞིག་བཏིང༌།།
དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་འབོད།།
ཡར་ལོངས་དང་གཡུ་འབྲུག་སྔོན་མོ་རྩེ།།
 
རྫ་ཁྲ་ཡག་སྟོད་ནས་གུར་ཞིག་ཕུབ།།
རྩྭ་རྩི་ཏོག་གཉིས་ཀྱི་གདན་ཞིག་བཏིང༌།།
རྫ་བྲེ་སེར་འབྲོང་མོ་མགྲོན་ལ་འབོད།།
ཡར་ལོངས་དང་འབྲོང་ཕྲུག་ཡུན་གྱིས་རྩེ།།
 
ཁྱིམ་གནས་ཁང་གྲུ་བཞིའི་གུར་ཞིག་ཕུབ།།
ཕྲུག་དཀར་དམར་གཉིས་ཀྱི་གདན་ཞིག་བཏིང༌།།
ཡུལ་ཕྱོགས་བཞིའི་མི་སྣ་མགྲོན་ལ་འབོད།
ཕ་ཨ་ཁུས་ཉོན་དང་ན་ཟླ་རྩེ།།
 
          ཞིམ་པོ་ཆང་ལ་རིན་པ་མེད།
སེར་པོ་གསེར་ལ་རིན་པ་མེད།།
རིན་པ་མེད་རུང་རིན་པོ་ཆེ།།
ལྷ་ཁང་གསེར་ཁང་དེ་ཡིས་བཞེངས།།
 
ནག་པོ་སྣག་ཚ་རིན་པ་མེད།།
རིན་པ་མེད་རུང་རིན་པོ་ཆེ།།
བཀའ་འགྱུར་བསྟན་འགྱུར་དེ་ཡིས་བཞེངས།།
 
ཞིམ་པོ་ཆང་ལ་རིན་པ་མེད།།
རིན་པ་མེད་རུང་རིན་པོ་ཆེ།།
ནང་མགྲོན་པོ་སྐྱིད་ལ་དེ་ཡིས་བཀུར།།

             རྐྱང་དར་མ་བང་ཁ་སྐྱེན་པོ་མ།
རྐྱང་དར་མ་བང་ཁ་སྐྱེན་པོ་མ།།
དགུང་ཉི་ཟླ་གཉིས་ཀྱི་བཅིབས་རྟ་རེད།།
རྩལ་བང་ཁ་རླུང་ལ་འགྲན་ན་ཡག།
 
འབྲོང་བྲེ་སེར་མཆོང་གི་རུ་ཐུར་ཅན།།
སྟོད་རི་རྒྱལ་ལྷུན་པོའི་སྒོ་ཟོག་རེད།།
སྨུག་ཤོ་ལེ་འཁྱིལ་ན་ཇེ་སྐྱིད་ཡིན།།
 
ཆང་བདུད་རྩི་གཡུ་ཡི་ཁ་དོག་ཅན།།
བདག་གཞི་མགྲོན་གཉིས་ཀྱི་སྤྱི་མ་རེད།།
གླུ་གར་རྩེ་བྱས་ན་ཇེ་སྐྱིད་ཡིན།།
 
        རྒྱབ་དུང་རལ་ཅན་གྱིས་གླུ་ལན་ཟློགས།
གྲལ་མགོ་བསྐོར་རེ་གླུ་ཞིག་ལེན།།
ཁ་ཇ་ཆང་འཛོམ་པའི་སྐྱིད་གླུ་ལེན།།
མགོ་ལ་ཐོད་ཅན་གྱིས་གླུ་ལན་ཟློགས།།
 
གྲལ་སྐེད་བསྐོར་རེ་གླུ་ཞིག་ལེན།།
ལུས་དཔའ་རྩལ་འཛོམ་པའི་སྐྱིད་གླུ་ལེན།།
མགོ་ཝ་གོར་ཅན་གྱིས་གླུ་ལན་ཟློགས།།
 
གྲལ་རྔ་བསྐོར་རེ་གླུ་ཞིག་ལེན།།
ཟས་མངར་གསུམ་འཛོམ་པའི་སྐྱིད་གླུ་ལེན།།
རྒྱབ་དུང་རལ་ཅན་གྱིས་གླུ་ལན་ཟློགས།།
 
           ཡིད་སེམས་མཐུན་པའི་སྤུན་ཟླ།
ལ་ཡི་ཆུ་དང་ལུང་ཡི་ཆུ།།
ཆུ་མགོ་མི་གཅིག་ཁ་ཁ་རེད།།
ཆུ་སྣ་མི་གཅིག་སོ་སོ་རེད།།
འདུས་པ་རྒྱ་མཚོའི་ནང་ན་འདུས།།
དབྱར་ཆར་ཆུ་རྒྱས་པའི་སྐྱིད་ལ་འདུས།།
 
སྟོད་ཀྱི་སྤྲིན་དང་སྨད་ཀྱི་སྤྲིན།།
སྤྲིན་ཕྱོགས་མགོ་མི་གཅིག་ཁ་ཁ་རེད།།
ལྡིང་ས་མི་གཅིག་སོ་སོ་རེད།།
འདུས་པ་དགུང་སྔོན་གནམ་ལ་འདུས།།
ཆར་ཟིལ་མ་འབབ་པའི་སྐྱིད་ལ་འདུས།།
 
ལ་ཡི་མི་དང་ལུང་གི་མི།།
ཕ་ཡུལ་མི་གཅིག་ཁ་ཁ་རེད།།
ཕ་སྐད་མི་གཅིག་སོ་སོ་རེད།།
འདུས་པ་ཁྲོམ་པའི་གྲལ་ལ་འདུས།།
གླུ་གར་རྩེད་བྱེད་པའི་སྐྱིད་ལ་འདུས།།
ཟས་ཞིམ་མངར་འཛོམ་པའི་དངོས་གྲུབ་སྩོལ།
 
           གླུ་མཆོད་ལ་ལེན་ན་མཆོད་ལ་ལེན།།
ལྷ་བླ་མ་ཡི་དམ་དཀོན་མཆོག་མཆོད།།
བློ་ཆོས་ལ་འགྱུར་བའི་དངོས་གྲུབ་སྩོལ།།
གླུ་མཆོད་ལ་ལེན་ན་མཆོད་ལ་ལེན།།
ཕ་ཨ་ཁུའི་ཕོ་ལྷ་དགྲ་ལྷ་མཆོད།།
དགྲ་བདུད་དཔུང་འདུལ་བའི་དངོས་གྲུབ་སྩོལ།།
 
གླུ་མཆོད་ལ་ལེན་ན་མཆོད་ལ་ལེན།།
མ་སྲུ་མོའི་ཟས་ལྷ་ཐབ་ལྷ་མཆོད།།
ཟས་ཞིམ་མངར་འཛོམ་པའི་དངོས་གྲུབ་སྩོལ།།
མ་སྲུ་མོས་ཇ་ཆང་སྐོལ་ཉིན་ལེན།
གླུ་ཡར་ལ་ལེན་ན་ཡར་ལ་ལེན།།
གླུ་ཡར་ལེན་འཇིག་རྟེན་མགྲོན་པོའི་གླུ།།
མགྲོན་བརྒྱ་སྟོང་ཁྲོམ་ལ་འཚོགས་ཉིན་ལེན།།
 
གླུ་བར་ལ་ལེན་ན་བར་ལ་ལེན།།
གླུ་ཕར་ལེན་ཞིང་བ་བདེ་གཞིའི་གླུ།།
ཞིང་ཆུ་མའི་ལོ་མགོ་ཡག་ཉིན་ལེན།།
གླུ་མར་ལ་ལེན་ན་མར་ལ་ལེན།།
གླུ་མར་ལེན་མ་དང་བུ་མོའི་གླུ།།
མ་སྲུ་མོ་ཇ་ཆང་སྐོལ་ཉིན་ལེན།།
 
          ནང་ཁྲོམ་པ་སྐྱིད་པའི་གཞི་མ་རེད།
བྲག་ཟུར་གསུམ་རྩེ་མོ་དགུང་ལ་ཟུག།
དགུང་ཉི་ཟླ་ཤར་གྱི་གྲོགས་ཤིག་རེད།།
ཤིང་ནགས་ཚལ་རྒྱས་པའི་གཞི་མ་རེད།།
 
ལམ་སྐྱ་མོའི་འདུས་མདོ་ཐང་ལ་ཟུག།
རྟ་འདོ་བ་རྒྱུག་གི་གྲོགས་ཤིག་རེད།།
རྒྱུག་བང་རྩལ་འཛོམ་པའི་གཞི་མ་རེད།།
 
ཆང་བདུད་རྩིའི་ཉིང་ཁུ་ཁྲོམ་ལ་ཟུག།
གླུ་ངག་སྒོ་འབྱེད་ཀྱི་གྲོགས་ཤིག་རེད།།
ནང་ཁྲོམ་པ་སྐྱིད་པའི་གཞི་མ་རེད།།
            
            བསྟོད་གླུ་བླངས་ན་གྲོགས་པོ་དགའ།
རྟ་འདོ་བའི་སྐྱོགས་ཤིག་མ་འཐེན་ན།།
རྫ་དཀར་པོའི་གཞི་བདག་མི་དགའ་གི།
 
ཇ་འོ་མའི་ཁོལ་མགོ་མ་མཆོད་ན།།
ཕུགས་ཀྱི་སྲུང་མ་མི་དགའ་གི།
 
ང་གླུ་བས་གླུ་ཞིག་མ་བླངས་ན།།
འདིར་ཚོགས་ཁྲོམ་པ་མི་དགའ་གི།
 
             གཉེན་གྱི་སྒོ་མོ་གླུ་ཡིས་འབྱེད།
སྒོ་གོང་མ་དམ་པའི་ཆོས་ཀྱི་སྒོ།།
དམ་པའི་ཆོས་སྒོ་སྤོས་ཀྱིས་འབྱེད།།
ཆོས་ཆད་ལྷག་མེད་པའི་སྨོན་ལམ་འདེབས།།
 
སྒོ་བར་མ་གཡུང་དྲུང་བོན་གྱི་སྒོ།།
གཡུང་དྲུང་བོན་སྒོ་གསེར་གྱིས་འབྱེད།།
ཚེ་བར་ཆད་མེད་པའི་སྨོན་ལམ་འདེབས།།
 
སྒོ་ཞོལ་མ་སྨུག་པོ་གཉེན་གི་སྒོ།།
སྨུག་པོ་གཉེན་སྒོ་གླུ་ཡིས་འབྱེད།།
ཁྱིམ་བཟའ་ཚང་སྐྱིད་པའི་སྨོན་ལམ་འདེབས།།
 
            ཁྲ་ཆུང་མིག་ལ་ཆགས་ཤིག་འཇོག
ཁྲ་ཆུང་མིག་ལ་ཆགས་ཤིག་འཇོག།
རིག་མཐོང་ཅན་གྱི་གླུ་ཞིག་ལེན།།
མཐོང་བ་མང་ན་བློ་གྲོས་རྒྱས།།
 
མགོ་ཟུར་རྣ་ལ་ཆགས་ཤིག་འཇོག།
གོ་མྱོང་ཅན་གྱི་གླུ་ཞིག་ལེན།།
ཐོས་པ་མང་ན་ཤེས་རྒྱ་ཆེ།།
 
ཁའི་དུང་སོ་སུམ་ཅུར་ཆགས་ཤིག་འཇོག།
སྒྲིག་རིམ་ཅན་གྱི་གླུ་ཞིག་ལེན།།
རྟེན་འབྲེལ་ཤེས་ན་འདོད་དོན་འགྲུབ།།
 
              བདེ་མོ་མི་གསུམ་རྩེ་ནི་དགོས།
མགྲོན་གྲལ་ཡག་ཚང་གི་གྲལ་མགོ་ན།།
བརྗིད་པོ་མི་གསུམ་འདུག་ནི་དགོས།།
དེ་གསུམ་འཛོམས་ན་འཛོམས་གསུམ་ཡིན།།
 
མགྲོན་གྲལ་ཡག་ཚང་གི་གྲལ་སྐེད་ན།།
མཁས་པ་མི་གསུམ་བཤད་ནི་དགོས།།
དེ་གསུམ་འཛོམས་ན་འཛོམས་གསུམ་ཡིན།།
 
མགྲོན་གྲལ་ཡག་ཚང་གི་གྲལ་རྔ་ན།།
བདེ་མོ་མི་གསུམ་རྩེ་ནི་དགོས།།
དེ་གསུམ་འཛོམས་ན་འཛོམས་གསུམ་ཡིན།།
 
             འཆི་མེད་ལྷ་ཡི་ཚེ་ཆང༌།
ངའི་ལོ་ཆང་ཁམ་པའི་ཉིང་ཁུ་འདི།།
སྟེང་གོང་མ་ལྷ་ཡི་བདུད་རྩི་ཡིན།།
ཕ་ཨ་ཁུས་འཐུང་ན་དབུ་འཕང་མཐོ།།
ལྕེ་དར་མའི་རྒྱུད་ནས་གཏམ་སྒོ་འབྱེད།།
 
ངའི་ཟླ་ཆང་བསིལ་མའི་ཉིང་ཁུ་འདི།།
འཆི་མེད་ལྷ་ཡི་ཚེ་ཆང་ཡིན།།
སྤུན་ན་ཟླས་འཐུང་ན་དཔལ་རྩལ་རྒྱས།།
གླུ་ཁ་མཚར་ངག་སྒོ་འདི་ཡིས་འབྱེད།།
 
           ང་གླུ་བ་སྟོན་མོར་ཡོང་ནི་ཡིན།
དགུང་ཨ་སྔོན་ཚང་གི་སྟོན་མོ་རེད།།
ང་འབྲུག་ཆུང་སྟོན་མོར་ཡོང་ནི་ཡིན།།
འབྲུག་དེ་རིང་མི་གྲག་ནམ་རེ་གྲག།
 
རྫ་ཁྲ་ཡག་ཚང་གི་སྟོན་མོ་རེད།།
འབྲོང་བྲེ་སེར་སྟོན་མོར་ཡོང་ནི་ཡིན།།
འབྲོང་དེ་རིང་མི་གཤར་ནམ་རེ་གཤར།།
 
ཁྱིམ་ཡ་རབས་ཚང་གི་སྟོན་མོ་རེད།།
ང་གླུ་བ་སྟོན་མོར་ཡོང་ནི་ཡིན།།
གླུ་དེ་རིང་མི་ལེན་ནམ་རེ་ལེན།།
 
            ཡ་རབས་ཅན་གྱི་བུ་གསུམ།
ཁྱིམ་ཡ་རབས་ཚང་ལ་བུ་གསུམ་ཡོད།།
བུ་ཤེས་རབ་ཅན་པོ་དབུས་ལ་སོང༌།།
སྟོད་དབུས་གཙང་ཆོས་ར་སྐྱིད་ལ་བཀུག།
 
བུ་བློ་གྲོས་ཅན་པོ་སྨད་ལ་སོང༌།།
སྨད་རྒྱ་ནག་ཚོང་ར་སྐྱིད་ལ་བཀུག།
 
བུ་སྡུག་རུས་ཅན་པོ་ཡུལ་ནས་བསྡད།།
ཡུལ་དྲིན་ཆེན་ཕ་མ་སྐྱིད་ལ་བཀུག།
 
                  ཇ་ཆང་གཉིས་ཀྱི་བསུ་མ།
དགུང་སྔོན་པོ་འདྲ་བའི་གནས་ཁང་ཞིག།
འབྲུག་ཕོ་ཆུང་འདྲ་བའི་མགྲོན་པོ་ཞིག།
ཆར་ཟིལ་མ་འདྲ་བའི་བསུ་མ་ཞིག།
ངས་ཡང་ཡང་བསུ་མའི་སྨོན་ལམ་འདེབས།།
 
རྫ་ཁྲ་ཡག་འདྲ་བའི་གནས་ཁང་ཞིག།
འབྲོང་བྲེ་སེར་འདྲ་བའི་མགྲོན་པོ་ཞིག།
རྩྭ་རྩི་ཏོག་འདྲ་བའི་བསུ་མ་ཞིག།
ངས་ཡང་ཡང་བསུ་བའི་སྨོན་ལམ་འདེབས།།
 
མཁར་གཡུང་དྲུང་འདྲ་བའི་གནས་ཁང་ཞིག།
སྤུན་ན་ཟླ་འདྲ་བའི་མགྲོན་པོ་ཞིག།
ཁ་ཇ་ཆང་འདྲ་བའི་བསུ་མ་ཞིག།
ངས་ཡང་ཡང་བསུ་བའི་སྨོན་ལམ་འདེབས།།
 
             ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།
བྲག་དང་ཤུག་པ་མཉམ་སྐྱིད་རེད།།
ཡང་སྐྱིད་དགའ་ལྡན་མཁན་པ་རེད།།
ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།
 
ཇ་དང་འོ་མ་མཉམ་སྐྱིད་རེད།།
ཡང་སྐྱིད་འབྲི་མར་སེར་བོ་རེད།།
ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།
 
ཕ་དང་ཨ་ཁུ་མཉམ་སྐྱིད་རེད།།
ཡང་སྐྱིད་ཁ་ཡ་ན་ཟླ་རེད།།
ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།།
 
              འདི་ཚང་ཁྲོམ་ནས་དུང་སྡོང་སྐྱེས།
སྟོད་དབུས་གཙང་ཡུལ་ནས་གསེར་སྡོང་སྐྱེས།།
གསེར་སྡོང་མགོ་ལ་གསེར་བྱ་བབས།།
དབུས་ལ་འཁོར་ནས་ལམ་གསུམ་གྲགས།།
ཕ་བླ་མ་འཁྲུངས་གི་རྟེན་འབྲེལ་རེད།།
 
སྨད་རྒྱ་ནག་ཡུལ་ནས་དངུལ་སྡོང་སྐྱེས།།
དངུལ་སྡོང་མགོ་ལ་དངུལ་བྱ་བབས།།
རྒྱ་ལ་འཁོར་ནས་ལན་གསུམ་གྲགས།།
དཔོན་ཆེན་པོ་འཁྲུང་གི་རྟེན་འབྲེལ་རེད།།
 
འདི་ཚོགས་ཁྲོམ་ནས་དུང་སྡོང་སྐྱེས།།
དུང་སྡོང་མགོ་ལ་དུང་བྱ་བབས།།
ཁྲོམ་ལ་འཁོར་ནས་ལན་གསུམ་གྲགས།།
བཀྲ་ཤིས་འཛོམས་པའི་རྟེན་འབྲེལ་རེད།།
 
                ཟླ་བཞི་བ་དབྱར་གྱི་མགོ་མ་རེད།
ཟླ་བཞི་བ་དབྱར་གྱི་མགོ་མ་རེད།།
སྤང་མེ་ཏོག་ཁ་དོག་ཡག་དུས་རེད།།
འབུ་སྦྲང་མའི་སྣང་བ་སྐྱིད་དུས་རེད།།
 
ཟླ་ལྔ་བ་དབྱར་གྱི་བར་མ་རེད།།
ནགས་སིལ་ཏོག་ཁ་དོག་ཡག་དུས་རེད།།
བྱ་ཁུ་བྱུག་གསུང་སྙན་ཡག་དུས་རེད།།
 
ཟླ་དྲུག་པ་དབྱར་གྱི་མཐའ་མ་རེད།།
རྩྭ་འབྲུ་དྲུག་རྩི་ཏོག་སྨིན་དུས་རེད།།
ལུག་ཚ་རུའི་བལ་ཁ་འཇམ་དུས་རེད།།
 
            དེ་རིང་ཁྲོམ་ལ་ལྷན་ཅིག་འདུས།
སྟོད་དབུས་གཙང་གསེར་གྱི་བུམ་པ་གཅིག།
བྱ་རྨ་བྱའི་མགོ་ཡི་སྒྲོ་གུར་གཉིས།།
སྟོད་ཁ་ཆེའི་ཡུལ་གྱི་གུར་ཀུམ་གསུམ།།
ཕ་བླ་མའི་ཕྱག་ན་ལྷན་ཅིག་འདུས།།
 
ཤ་ཕོ་ཆེན་ཤ་རྭ་དཀར་པོ་གཅིག།
སྨད་ཀྱི་འབྲོང་རྭ་སྨུག་པོ་གཉིས།།
སྟག་པའི་བར་ཤུན་སེར་པོ་གསུམ།།
གཞུ་འཁྱོག་དཀར་ཁ་ནས་ལྷན་ཅིག་འདུས།།
 
ས་ཡོ་ཅེའི་རྫ་མ་ལོང་བཞི་གཅིག།
སྨད་རྒྱ་ནག་དཀར་ཡོལ་འབྲུག་མ་གཉིས།།
ནས་རིགས་སྔོན་མོའི་བདུད་རྩི་གསུམ།།
དེ་རིང་ཁྲོམ་ན་ལྷན་ཅིག་འདུས།།
 
            གླུ་ལེན་པའི་སྐལ་བ་ལྡན་པ།
རྟ་འདོ་བ་ལྷས་ན་ཡོད་ནི་ཚོ།།
འདི་ལྷས་ན་མ་འཇོག་ཞོན་གི་སྡོད།།
རྟ་ཞོན་པའི་སྐལ་བ་ལྡན་ནི་རེད།།
 
གོས་ཚ་རུ་གདང་ན་ཡོད་ནི་ཚོ།།
གདང་ན་མ་འཇོག་གོན་གི་སྡོད།།
གོས་གོན་པའི་སྐལ་བ་ལྡན་ནི་རེད།།
 
གླུ་ཁ་མཚར་ཁོག་ན་ཡོད་ནི་ཚོ།།
གླུ་ཁོག་ན་མ་འཇོག་ལེན་གི་སྡོད།།
གླུ་ལེན་པའི་སྐལ་བ་ལྡན་ནི་རེད།།
 
         ཆང་བདུད་རྩི་ཕ་དང་ཨ་ཁུར་འདྲེན།
རྫ་མགོ་རི་མགོ་ཁ་བས་བཟུང༌།།
ཁ་བ་ཞུ་ནས་ཆང་གི་ལོག།
ཆང་བདུད་རྩི་ཕ་དང་ཨ་ཁུར་འདྲེན།།
 
རྫ་སྐེད་རི་སྐེད་ནགས་ཀྱིས་བཟུང༌།།
ཤིང་ལོ་མ་རྒྱས་ནས་ཇ་ཡི་ལོག།
ཇ་གཡང་དམར་སྤུན་དང་ན་ཟླར་འདྲེན།།
 
རྫ་འདབས་རི་འདབས་ནས་ཀྱིས་བཟུང༌།།
ནས་དྲུག་མང་སྦྲང་དཀར་རྩམ་པའི་ལོག།
ཟས་ཞིམ་པོ་མ་དང་སྲུ་མོར་འདྲེན།།
 
           མདའ་ལི་མའི་འགྲིགས་ཚུལ།
ཤ་རྭ་སྟོད་ནས་བཙལ་ནོ་རེད།།
དགོ་རྭ་སྨད་ནས་བསྒྲིགས་ནོ་རེད།།
གཞུ་རྒྱུད་བར་དུ་སྦྲེལ་ནོ་རེད།།
གཞུ་རྟིང་སྒྲ་གྲགས་ན་ཉམས་རེ་དགའ།།
 
རྒོད་སྒྲོ་སྟོད་ནས་བཙལ་ནོ་རེད།།
ལྕགས་མདེའུ་སྨད་ནས་བརྡུངས་ནོ་རེད།།
སྨྱུག་མ་བར་དུ་སྤྲད་ནོ་རེད།།
མདའ་སིར་སྒྲ་གྲགས་ན་ཉམས་རེ་དགའ།།
 
ཕ་ཨ་ཁུ་སྟོད་ནས་ཕེབས་ནོ་རེད།།
མ་སྲུ་མོ་སྨད་ནས་འདུས་ནོ་རེད།།
ང་གླུ་བ་བར་དུ་ཐོན་ནོ་རེད།།
 
        ངས་སིང་སྒྲ་གྲགས་པའི་གླུ་ཞིག་ལེན།།
གླུ་དེ་ན་མེད་ན་གང་ན་ཡོད།
དགུང་སྔོན་པོ་ཕྱི་རིམ་ནང་རིམ་རེད།།
སྤྲིན་དཀར་པོ་རིམ་པ་དགུ་བརྩེགས་རེད།།
འབྲུག་དེ་ན་མེད་ན་གང་ན་ཡོད།།
 
རྫ་ཁྲ་ཡག་ཕྱི་རིམ་ནང་རིམ་རེད།།
རྡོ་གཡའ་མ་རིམ་པ་དགུ་བརྩེགས་རེད།།
འབྲོང་དེ་ན་མེད་ན་གང་ན་ཡོད།།
 
ནང་ཁྲོམ་པ་ཕྱི་རིམ་ནང་རིམ་རེད།།
སྤུན་ན་ཟླ་རིམ་པ་དགུ་བརྩེགས་རེད།།
གླུ་དེ་ན་མེད་ན་གང་ན་ཡོད།།
 
         ས་གར་སོང་ས་ནས་གར་རྩེ་བྱོས།
འབྲོང་འབྲི་མོས་བཙས་པའི་འབྲོང་ཕྲུག་ཚོ།།
ས་གར་སོང་ས་ནས་རྭ་རྩེ་བྱོས།།
འབྲོང་འབྲི་མོས་བཙས་པའི་དོན་མགོ་རེད།།
 
རྐྱང་དར་མས་བཙས་པའི་རྐྱང་ཕྲུག་ཚོ།།
ས་གར་སོང་ས་ནས་རྒྱུག་རྩེ་བྱོས།།
རྐྱང་དར་མས་བཙས་པའི་དོན་མགོ་རེད།།
 
ཡུལ་ཨ་མས་བཙས་པའི་བུ་ཕྲུག་ཚོ།།
ས་གར་སོང་ས་ནས་གར་རྩེ་བྱོས།།
ཡུལ་ཨ་མས་བཙས་པའི་དོན་མགོ་རེད།།
 
              ན་ཟླ་བདེ་ལེགས་སམ།
གངས་དཀར་ཤེལ་གྱི་རྩེ་མོ་ནས།།
སེང་དཀར་མོ་འདྲ་བའི་མགྲོན་པོ་ཚོ།།
སེང་གཡུ་རལ་མ་འཕྱིངས་འཕྱོར་ལགས་སམ།།
 
ཤིང་ཙན་དན་ཡག་གི་ནགས་ཀླུང་ནས།།
སྟག་དམར་ཡག་འདྲ་བའི་མགྲོན་པོ་ཚོ།།
སྟག་འཛུམ་དྲུག་མ་སྣོག་རྒྱས་ལགས་སམ།།
 
ཁྲོམ་གཡུང་དྲུང་བཀྲ་ཤིས་རྟགས་བརྒྱད་ནས།།
བྱ་ཁུ་བྱུག་འདྲ་པའི་ན་ཟླ་ཚོ།།
སྒྲོ་མདངས་ཡག་མ་བརྫད་བདེ་ལགས་སམ།།
 
             སྨད་རྒྱ་ནག་འབྲས་ཆང་བསིལ་མ།
གསེར་སེར་པོའི་རང་མདངས་ཤར་འདྲ་བོ།།
སྟོད་དབུས་གཙང་ཡུལ་གྱི་གྲོ་ཆང་རེད།།
ཕ་ཨ་ཁུས་ཆང་ཁ་དལ་མོ་བྱོས།།
གཡུ་སྔོན་པོའི་རང་མདངས་ཤར་འདྲ་བོ།།
བོད་ཚོ་དྲུག་གླིང་གི་ནས་ཆང་རེད།།
ཕྱི་མགྲོན་པོས་ཆང་ཁ་དལ་མོ་བྱོས།།
 
དུང་དཀར་པོའི་རང་མདངས་ཤར་འདྲ་བོ།།
སྨད་རྒྱ་ནག་ཡུལ་གྱི་འབྲས་ཆང་རེད།།
སྤུན་ན་ཟླ་ཆང་ཁ་དལ་མོ་བྱོས།།
 
             ཚོ་དྲུག་གླིང་གི་མགྲོན་པོ།
ཤར་རི་རྒྱལ་ལྷུན་པོའི་རྩེ་མོ་ནས།།
སྐྱ་གསལ་ལེ་སྐྱ་རེངས་ཤར་བ་འདི།།
དགུང་ཉི་མ་ཤར་བའི་བསུ་མ་རེད།།
ཡུལ་དྲོད་ཁོལ་འཛོམ་པའི་རྟེན་འབྲེལ་རེད།།
 
ནགས་ལྷ་ཤིང་ཡག་གི་རྩེ་མོ་ནས།།
བྱ་ཁུ་བྱུག་སྔོན་མོས་གསུང་སྙན་བསྒྲགས།།
ཟླ་བཞི་བ་ཚེས་པའི་བསུ་མ་རེད།།
ལོ་འབྲུ་དྲུག་རྒྱས་པའི་རྟེན་འབྲེལ་རེད།།
 
བོད་ཚོ་དྲུག་གླིང་གི་མཁར་སྒོ་ནས།།
ཕ་བསོད་ནམས་ཅན་པོ་མགྲོན་ལ་ཆས།།
ང་གླུ་བ་སྔོན་གྱི་བསུ་མ་རེད།།
ཁྱིམ་བདེ་སྐྱིད་འཛོམ་པའི་རྟེན་འབྲེལ་རེད།།
 
           གླུ་ཁོག་ལ་མ་འཇོག་ལེན་གི་སྡོད།
བྱ་བརྒྱ་བྲག་ལ་འབབ་ཉིན་མོ།།
དགུང་ནམ་འཕང་སུམ་བསྟོད་དགུ་བསྟོད་བྱོས།།
སང་ནང་མོ་གར་འཕུར་ཆ་མེད་རེད།།
ཆ་ཡོད་རུང་རི་ལུང་མི་གཅིག་གི།
 
འབྲོང་བྲེ་སེར་རྫ་ལ་འཚོགས་ཉིན་མོ།།
རྫ་རོག་པོའི་ཐེམ་པ་རྩི་ཡག་བྱོས།།
སང་ནང་མོ་གར་འགྲོ་ཆ་མེད་རེད།།
ཆ་ཡོད་རུང་རྫ་ཁོག་མི་གཅིག་གི།
 
སྤུན་ན་ཟླ་ཁྲོམ་ལ་འདུས་ཉིན་མོ།།
གླུ་ཁོག་ལ་མ་འཇོག་ལེན་ཡག་བྱོས།།
སང་ནང་མོ་སུ་ཡོད་སུ་མེད་རེད།།
ལེན་འདོད་ཀྱང་སྡེ་ལུང་ཁ་ཁ་རེད།།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།