འཛམ་གླིང་སེང་ཆེན་སྐྱེས་པའི་རྟོགས་པ་བརྗོད་པ་ལས་འཁྲུངས་གླིང་མེ་ཏོག་ར་བ་ཞེས་བ་བ་བཞུགས་སོ། (ཚན་བཤུས།)

དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-27

        དེར་ཁྲ་མོ་གླིང་དཀར་སྟོད་ནས་གླིང་འབུམ་པ་རྒྱ་ཚ་རྒྱ་ཡུལ་དུ་ཕེབས་ཤུལ།འགོག་གླིང་འཁྲུགས་པ་ལངས་ཏེ།འགོག་ཕ་ཚོ་བཅོ་བརྒྱད་བརླགས།ཐ་མར་སྤྱི་དཔོན་གླེན་པ་ཆོས་རྒྱལ་འགོག་པས་བཀྲོང༌།རེ་ཞིག་ཏུ་རྒྱ་ཚ་གསང་སྟེ་བཞགཉིན་་ཞིག་རྒྱ་ཚ་རི་དྭགས་གཤོར་དུ་ཕེབས་ནས།ཆུ་མིག་དཀར་མོ་འབུམ་འཁྱིལ་གྱི་རྩར།ཤ་བ་ཞིག་བསད་ནས་ཡོད་པར།གླིང་གི་སྤྲང་ཁྱིམས་མ་མ་བུ་གཉིས་དེར་སླེབས་ཏེ།ཁོ་མོ་གླིང་རྒྱ་ཚ་ཡིན་པ་ངོས་ཤེས་ཤིང༌།རྒྱ་ཚ་ལགས།ཁྱེད་གླིང་ན་བཞུགས་པ་ཤིན་ཏུ་ལེགས།ན་ནིང་ཁྱེད་རྒྱ་ལ་ཕེབས་ཤུལ་འགོག་གླིང་འཁྲུགས་ནས།འགོག་ཕ་ཚོ་བཅོ་བརྒྱད་བརླགས་ཀྱང་ཕན་མ་བྱུང༌།སྤྱི་དཔོན་གྱི་བུ་སྙིང་དང་འདྲ་བའི་གླེན་པ་ཆོས་རྒྱལ་འགོག་ཀྱིས་བཀྲོང་ངོ༌།།ད་རུང་གླིང་དཀར་སྡེ་བས་རྒྱ་ཚ་ཡོང་ན་ཤ་ལེན་ལེན་ངེས་ཡིན་ཞེས་བསྡད་ཡོད། ཁྱེད་གླིང་ན་བཞུགས་ན་གཅིག་པུའི་ཆོག མེད་ན་གཅིག་པུའི་ཕུང་ཟེབ་སྲོལ་ཡོད་པ་དེ་ངེས་ཅན་རེད།  ད་དུང་དགྲ་ཤ་མ་བླངས་བསྐྱུར་ནས་ཡོད།ཁྱོད་རྒྱ་ཚ་ནམ་འོང་བལྟས་ནས་ཡོད་ཅེས་སྦ་གསང་མེད་པར་བཤད་དེ་མ་སྨད་གཉིས་ལ་ཤའི་ཤ་ཅི་ལྕོགས་ཤིག་བྱིན།དེ་ཚེ་རྒྱ་ཚའི་ཐུགས་ལ་མདའ་ཕོག་པ་ལྟ་བུའི་འགྱོད་པ་དྲག་པོ་བྱུང་སྟེ།དེ་མ་ཐག་ཏུ་ཁྲ་མཁར་གནམ་རྫོང་དུ་སྤྱི་དཔོན་གྱི་དྲུང་དུ་ཕེབས་ཏེ།ཁུ་བོ་སྤྱི་དཔོན་རྒྱལ་བོ་ལགས།རང་ཇུས་མ་ཡག་གྱོད་ཁ་ཕྱེ།མགོ་ཀླད་མེད་བྱིས་པའི་བྱ་བྱེད་གཉིས།ལངས་ཤོར་རྐུན་མའི་ལག་ཁྱེར་གསུམ།རང་གིས་གསང་རུང་བརྒྱ་སྡེས་བཤད།།དེ་འདྲ་མིའེ་གཏམ་ལ་འདི་འདྲ་ཡོད་ཅེས་དཔའ་གླུ་ཐུང་ཐུང་འདི་ལྟར་ལངས་སོ།།
གླུ་ཨ་ལ་ལ་མོ་ཨ་རེད།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།།
སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད།།
ས་འདི་ཡི་ས་ངོ་མ་ཤེས་ན།། ཁྲ་མཁར་གནམ་རྫོང་ཕྱུག་མོ་རེད།།
ང་འདྲའི་ང་ངོ་མ་ཤེས་ན་ཡ།། ང་འབུམ་པ་རྒྱ་ཚ་ཞལ་དཀར་ཡིན།།
རྒྱ་མི་ཆེན་དཔོན་གྱི་ཚ་བོ་ཡིན།། དེ་ནས་སྤྱི་དཔོན་རྒྱལ་པོ་ལགས།།
བློ་ཤེས་ཅན་ནམ་མཁའ་ལངས་འདྲ་ཟེར།། ནམ་མ་ལངས་མུན་པ་འཐིབས་ལོ་ལྟོས།།
འཇིག་རྟེན་གནའ་མིའི་གཏམ་དཔེ་ལ།། བློན་ལྐོག་ཟས་ཟོས་ན་དཔོན་ལ་ཞུས།།
ཇུས་དགྲ་ཤོར་ལོ་རྒྱུས་དཔའ་བོར་ཤོད།། རྐུན་ཤོར་ན་སྒྲིན་པོའི་བུ་ལ་ཤོད།།
དེ་བཤད་ན་དགའ་བ་རྣམ་གསུམ་ཡིན།། ཕོ་རང་སྐྱོན་རང་གིས་གསང་ན་ཡང༌།།
གཏམ་འཕྱ་སྨོད་སྦྲང་བོའི་ཁ་ན་གྲགས།། ངའི་ཕུ་བོ་གླེན་པ་ཆོས་རྒྱལ་དེ།།
དུས་ད་ལྟ་དྲན་ཚེ་སྙིང་རླུང་ལྡང༌།། གཅིག་ན་འགོག་དང་དོན་མེད་འཁྲུགས།།
གཉིས་སུ་ཧོར་དང་ཉེ་འབྲེལ་བྱས།། ཧོར་སེར་པོར་ལྷ་སྲུང་མ་མཐུན་པས།།
རྐྱེན་དེ་བྱས་ལན་པས་དོན་མ་གྲུབ།། ངའི་ཕུ་བོ་དགྲ་ཤོར་དེ་ནས་བྱུང༌།།
ཧོར་ཀུན་དགའི་སྣ་ནག་གཟི་མ་མཚོ།། གདོང་མཆི་མ་ཤར་རས་ཧོར་ལ་ཐོངས།།
གླིང་དཀར་པོའི་ཡུལ་དུ་བཞག་མི་རུང༌།། ངའི་ཕུ་བོ་འགོག་ལ་ཤོར་བ་དེའི།།
དགྲར་སྲོག་སྐྱོན་ལེན་མི་རྒྱ་ཚ་ཡིན།། སེང་དཀར་མོ་འདྲ་བའི་ཞལ་དཀར་ལ།།
དཔའ་རྩལ་དྲུག་གཡུ་རལ་རྒྱས་ནས་ཡོད།། དགྲ་རི་དྭགས་ཤ་དམར་ཟ་བ་ལ།།
གཅན་ཝ་མོའི་དཔུང་རོགས་དགོས་དོན་མེད།། སྟག་དམར་ཐག་འདྲ་བའི་རྒྱ་ཚ་ལ།།
ལུས་འཛུམ་དྲུག་ཐིག་ལེ་རྒྱས་ནས་ཡོད།། དགྲ་ཐོ་རུའི་སྙིང་ཁྲག་འཐུང་བ་ལ།།
གཟིག་རི་བཀྲའི་དཔུང་རོགས་དགོས་དོན་མེད།།ང་མི་འདུག་འགོག་ཡུལ་སྟོད་ལ་བརྒྱུག།
དགྲ་ཤ་ལེན་དགུ་སྐོར་ལེན་དང་གཅིག། ཡང་ལེན་སྙིང་ཁྲག་འཐུང་དང་གཉིས།།
འགོག་ཡུལ་སྟོང་བར་བསྒྱུར་དང་གསུམ།། གཏམ་དེ་འདྲའི་ཐོག་ཏུ་མ་གནས་ན།།
ང་གླིང་རྒྱ་ཚ་ཞལ་དཀར་རོ་དང་འདྲ།། གཏམ་གོ་ན་རྣ་བའི་བདུད་རྩི་བྱོས།
མ་གོ་གླུ་ལ་འོར་ལེན་མེད།། གླིང་སྤྱི་དཔོན་ཐུགས་ལ་དེ་ལྟར་ཟུངས།།

རྩོམ་ཁུངས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་སེང་ཆེན་སྐྱེས་པའི་རྟོགས་པ་བརྗོད་པ་ལས་འཁྲུངས་གླིང་མེ་ཏོག་ར་བ་ཞེས་བ་བ་བཞུགས་སོ། (ཚན་བཤུས།)

2010-08-27 དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།