གླིང་ས་ངོས་འཛིན་གྱི་དཔྱད་རྩོམ་ཕྲན་བུ།

འཇུ་སྤྲུལ་ཐུབ་བསྟན་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-14

རིགས་གསུམ་རྒྱལ་བའི་སྲས་མཆོག་འཛམ་གླིང་རྗེ།།
སྙིང་རྗེའི་རང་གཟུགས་འགྲོ་བའི་དཔལ་དུ་ཤར།།
དུས་ངན་སྙིགས་མའི་མགོན་གྱུར་ཕན་བདེའི་དཔལ།།
སྐྱེ་མཆོག་ནོར་བུ་དགྲ་འདུལ་ལན་བརྒྱར་འདུད།།
མཐའ་བྲལ་དོན་དམ་འོད་གསལ་གཉུགས་མའི་གཤིས།།
ལྷུན་གྲུབ་མཚན་དཔེའི་གཟི་འབར་ལོངས་སྤྱོད་རྫོགས།།
འགྲོ་ཁམས་ཇི་བཞིན་སྣ་ཚོགས་སྤྲུལ་བའི་སྐུ།།
སྐུ་རྗེ་སེང་ཆེན་རྒྱལ་བོའི་ཞབས་ལ་འདུད།།
         དེ་ལ་འདིར་བརྗོད་བྱ་དོན་གྱི་སྙིང་བོ་ནི་སྔོན་རབ་ལོ་རྒྱུས་ཆུ་གཏེར་རིང་མོའི་ནང་ནས་ཤར་ཁྲ་མོ་གླིང་གི་ས་གནས་ཉག་རེ་བརྗོད་ན།དར་གྱི་སེང་འབྲུག་སྟག་རྩེ།བྱང་གི་རྨ་རྒྱལ་གངས་རི།ཤར་གྱི་གཉན་པོ་གཡུ་རྩེ།རྨ་ཆུ་དལ་བ་རིང་མོ།ཁོ་ཆུ་གསེར་ཉ་རང་འཁོར།མཚོ་སྐྱ་རེངས་གྲོ་རེངས་སྔོ་རེངས་གསུམ།  གསེར་སྟོད་འབྲོང་རི་སྨུག་པོ།མ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ།རྨ་སྨད་ཀྱི་མཐོན་པོ་དགུ་བསྒྲིགས།ཁོ་མདོ་ལི་མའི་གདོང་ཟོར།འཛམ་གླིང་རྟེའུ་ཆུའི་ཐང༌།སྐྱེ་རིང་གད་པའི་ཁུགས་སོ།རྨ་གྲོ་གྲོ་ལུ་གུའི་མཁལ་ཁུག ཀུ་རའི་རྫ་རྒྱལ་ཕྱུག་མོ།གནས་རི་པད་མ་རི་མཐོ།སྟོང་གི་མཛོ་རྒན་རྭ་བ།གསའི་དྲུག་ཆེན་གསུམ་མདོ།  རྨ་རི་མོ་བཞིའི་འདུས་མདོ།རྨ་སྨད་གཡུ་ལུང་སུམ་མདོ་སོགས་ནི་ཤར་ཁྲ་མོ་གླིང་གི་ཕ་ས་དང་ཕ་ཡུལ་ཡིན་པ་ནི་མདོ་སྨད་ཆོས་འབྱུང་དང༌།འཁྲུངས་གླིང་མེ་ཏོག་ར་བ།སྔོན་གྱི་སྒྲུང་དཔེ་ཧོར་གླིང་གཡུལ་འགྱེད་དང༌།རྟ་རྒྱུགས་ནོར་བུ་ཆ་བདུན།རྨ་ས་བཟུང་དར་དཀར་མདུད་པ་སོགས་ལས་མངོན་གསལ་ལྟར་རོ།།  གླིང་གྲུབ་ཆེན་བརྒྱད་ཅུའི་རྫུ་འཕྲུལ་འགྲན་ཟླ་བྲལ་བའི་འགྲོ་དོན་མཛད་ས་དང་དེའི་ཁོར་ཡུག་ཏུ་གནས་པའི་རུ་སྡེ་ནི་གླི་དཀར་བོའི་ལྷ་སྡེ་ཡིན་ཟེར་བ་ད་ལྟ་རྒྱུན་མ་ཆད་པར་མགོ་ལོག་དགའ་བདེ་རྫོང་གི་མངའ་ཁོངས་སུ་ཡོད་དོ།།
      དེ་ཡང་རྨ་ཆུའི་མགོ་ནི་ད་ལྟ་མགོ་ལོག་གི་མངའ་ཁོངས་སུ་གཏོགས་ཏེ་གནའ་རབ་ལོ་རྒྱུས་དང་ད་ལྟའི་ངག་རྒྱུན་ལས།རྨ་ཟད་གཡའ་དང་གཡིག་གི་ཟད།གཡིག་གི་ཟད་ཟད་གཡག་གི་རྭ་སྟག་རྩེས་ཟད་ཅེས་མགོ་ལོག་རྨ་སྟོད་རྫོང་གི་མངའ་ཁོངས་སུ་གསལ་བོར་ཡོད་དོ།། རྨ་སྨད་གཡུ་ལུང་སུམ་མདོ་དང་གསེར་སྟོད་ཀྱི་འབྲོང་རི་སྨུག་པོ་གཉིས་མ་གཏོགས་ཕར་ཆེར་མགོ་ལོག་གི་མངའ་ཁོངས་སུ་གཏོགས་པ་ཡིན་དེ་ལྷོ་གསེར་སྟོད་ཀྱི་འབྲོང་རི་སྨུག་པོ་ནི་གླིང་ཆེ་རྒྱུད་ཚང་གི་བླ་རི་ཡིན་པ་ལ་ད་ལྟ་དམངས་ཁྲོད་ངག་རྒྱུན་ལས་ལྷ་འཕྲུལ་ལྡན་འབྲོང་རི་སྨུག་པོ།བུ་རྩལ་ལྡན་ཉི་འབུམ་དར་ཡག་ཅེས་དང༌།བྱང་རྨ་རྒྱལ་གངས་ཀྱི་རི་བོ་ནི་གླིང་ཆུང་རྒྱུད་ཚང་གི་བླ་རི་ཡིན་པས་ད་ལྟ་གནའ་རབ་ངག་རྒྱུན་ལས།ས་བདག་རྨ་རྒྱལ་གངས་རི།སྡེ་བདག་འགག་མོའི་ཇོ་རུ་ཞེས་ཡོངས་སུ་གྲགས་འདུགགླིང་འབྲིང་རྒྱུད་ཚང་གི་བླ་རི་ནི་ཤར་གྱི་གཉན་པོ་གཡུ་རྩེ་ཡིན་པས་ངག་རྒྱུན་ལས།འོམ་བུ་ཨ་ནུ་དཔའ་སེང་གི་རྟ་རྗེས་དང་གླིང་གི་ཕ་འབུམ་བཅུ་གཉིས།ཨ་ནུ་དཔའ་སེང་གི་ཕྱག་རྗེས་རེ་རེ་བཞིན་ད་ལྟ་ཡང་གཉན་པོ་གཡུ་རྩེའི་ཕོ་བྲང་དུ་རང་བྱོན་བྲག་ལ་གྲུབ་པས་མི་ཀུན་གྱི་མིག་ལམ་དུ་མཇལ་རྒྱུ་ཡོད་དོ།།       

      སྤྱི་གླིང་ཆེ་འབྲིང་ཆུང་གསུམ་ནི་སྨུག་པོ་གདོང་ལ་ཆད་ནི་ཡིན་པས་གདོང་ར་ཁྲ་རྒན་པོ་ལ་སྲས་གསུམ་འཁྲུངས་སྲས་ཆེ་བ་གདོང་རི་ཁྲ།སྲས་འབྲིང་བ་གདོང་དམུ་ཁྲི།སྲས་ཆུང་བ་གདོང་གླུ་ཁྲ་བཅས་ཡིན་དེ་ད་ལྟ་ངག་རྒྱུན་ལས་གསལ་བོར་ལྟར་ན་གླིང་ཆེ་རྒྱུད་རི་ཁྲ་རྒན་པོའི་རྒྱུད།གླིང་འབྲིང་རྒྱུད་དམུ་ཁྲ་རྒན་པོའི་རྒྱུད།གླིང་ཆུང་རྒྱུད་གླུ་ཁྲ་རྒན་པོའི་རྒྱུད་ཡིན་ཟེར་བའི་དབུ་ནག་བོད་ཀྱི་ངག་རྒྱུན་ལ་ཡོད་པ་ཡིན་པས།ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་བོ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ནི་བོད་རབ་བྱུང་དང་བོའི་ས་ཕོ་སྟག་གི་ལོའི་ཟླ་བ་ཡར་ངོས་གླང་རྫའི་བཞི་རྒྱལ་ལ་ཕ་སངས་བློན་དང་མ་ཡུམ་འགག་མོ་གཉིས་ལས་སྐུ་འཁྲུངས་པ་ཡིན།འཁྲུངས་མ་ཐག་ཏུ་རྟགས་དང་རྫུ་འཕྲུལ་གྱི་འགྲན་ཟླ་བྲལ་བ་ཡོངས་སུ་གྲགས་སོ།།        

    དེའི་སྐབས་དེར་ལྷ་སྲས་ཇོ་རུ་རིན་པོ་ཆེ་རིམ་བཞིན་ནར་སོན་དེ་ཁོང་ཉིད་དགོང་ལོ་དགུའི་གོང་ཐོག་གླིང་དཀར་ཕུ་ནུ་བརྒྱད་ཅུའི་གྲལ་དུ་སྙེགས་ཚེ།སྟག་རོང་དཔོན་པོ་ཁུ་བོ་ཁྲོ་བ་རྒྱལ་བོ་ནི་བྱང་ལྷ་རྟ་མགྲིན་དམར་བོའི་སྤྲུལ་བ་ཡིན་དེ་ནང་བ་སངས་རྒྱས་པའི་བསྟན་པའི་འགྲོ་དོན་གྱི་ཆེད་དུ་ལྷ་སྲས་ཇོ་རུ་ལ་ཕྲག་དོག་གི་ཚུལ་དུ་མཛད་དེ།མ་ཡུམ་འགག་མོ་དང་ལྷ་སྲས་ཇོ་རུ་གཉིས་རྨ་སྨད་གཡུ་ལུང་སུམ་མདོ་རུ་ཕུད་ནས་ལྷ་སྲས་ཇོ་རུ་ལ་རྐྱེན་ངན་གྲོགས་སུ་གྱུར་བས་ལྷ་སངས་རྒྱས་སྟོང་གི་ཐུགས་སྲས་མཛད།བདུད་མ་སང་སྤུན་དགུ་དམ་ལ་བཏགས།བསེ་རེག་འགོང་བའི་རྒྱུ་ལམ་བཅད་པ་ནི་སྔོན་གྱི་སྒྲུང་དཔེ་དང་ད་ལྟའི་ངག་རྒྱུན་ལས་ཆུ་རྨ་ཆུ་གཡང་གི་ར་བ།རྨ་ལུང་གསུམ་ཇོ་རུ་ཕུད་ས་ཞེས་འདི་ལྟ་བུའི་གནས་མཆོག་ཁྱད་པར་ཅན་ནི་ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུང་རྫོང་གི་མངའ་ཁོངས་སུ་གཏོགས་འདུགདེ་མིན་རྨ་ཆུ་རྫོང་གི་ཁོངས་སུ་གཏོགས་པ་ཆུ་རྨ་ཆུའི་ཁུགས་འགོ་དང་པོ།གླིང་སྟག་གཟིག་རྒྱལ་བའི་ས་ཆ་ཡིན་པས་ད་ལྟ་གནའ་རབ་ངག་རྒྱུན་ལས་རྨ་ལུང་གསུམ་གླིང་གི་ས་ཆ་གླིང་སྟག་གཟིག་ནོར་འགྱིང་ཐང་སྟག་གཟིག་ལུང་བ་ཞེས་མིང་མི་ས་ལ་ཐོགས་པ་ནི།ད་ལྟའང་མ་ཉམས་པར་ཡོད་དོ།། 

   གཞན་ཡང་གླིང་རྗེ་གེ་སར་རྒྱལ་བོ་སྐུ་འཚོ་ཞིང་བཞུགས་སྐབས་ཚོལ་བའི་ཡོ་བྱད་ཀྱིས་གླིང་གི་བཅའ་ལག་རེ་རེ་བཞིན་དུ་ད་ལྟ་གཏེར་སྟོན་རང་ཉིད་ཀྱི་གཏེར་ནས་སྤྱན་དྲངས་པ་ནི་གླིང་གི་བཅའ་ལག་དུ་མ་ཡོད་དོ།།           
   ལྷག་པར་དུ་རྒྱལ་ཡོངས་གེ་སར་མྱུར་སྐྱོབས་གཞུང་ལས་ཁང་གི་གླིང་ས་དང་གླིང་སྒྲུང་ལ་ཞིབ་འཇུག་བྱེད་མི་ཆེད་ལས་མཁས་པ་རྣམ་དང་ལྷན་དུ་སོང་བའི་གླིང་ས་ཡིན་ཟེར་བའི་ས་ཆ་རེ་རེ་ནས་གླིང་གི་བཅའ་ལག་རེ་རེ་བཞིན་གཏེར་གནས་སྤྱན་དྲངས་ཡོད་པ་དང་མངོན་དུ་གྱུར་བའི་ད་ལྟ་གླིང་གི་བཅའ་ལག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་ངེད་མགོ་ལོག་ཁུལ་དང་རང་རྒྱལ་གྱི་འོག་ནས་བོད་རིགས་ཀྱི་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་རིང་བོར་མི་ཉམས་གོང་འཕེལ་དུ་འགྲོ་ཐུབ་པའི་ཆེད་དུ་བསམ་པ་བཟང་བོས་ཀུན་ནས་བསླང་སྟེ།རྨང་གཞི་བརྟན་པོ་ཞིག་བཞག་ཡོད་པའི།གེ་སར་དངོས་མང་བཤམས་སྟོན་ཁང་ཟེར་བ་ཞིག་གསར་བཞེངས་བྱེད་རྒྱུར་རང་ཁུལ་གྱི་འགོ་ཁྲིད་པ་དང་རྒྱལ་ཡོངས་གེ་སར་མྱུར་སྐྱོབས་གཞུང་ལས་ཁང་གི་ལས་བྱེད་པ་དང་པེ་ཅེན་གྲོང་ཁྱེར་གྱི་སྦྱིན་བདག་འགའ་རེ་འབྲོག་དམངས་རེ་འགའ་བས་མཐུན་རྐྱེན་སྒྲུབ་བཞིན་པའི་སྒང་ཡིན།            
   ཀྲུང་ཧྭ་མི་རིགས་ཀྱི་བགྲང་བྱ་སྟོང་ཕྲག་དུ་མའི་དཔལ་ཡོན་གྱི་ལོ་རྒྱུས་ཁྲོད་དུ་ཁྱད་དུ་འཕགས་པའི་གླིང་རྗེ་གེ་སར་རྒྱལ་བོ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ནི་འཛམ་གླིང་དུ་སྙན་གྲགས་ཆེ་བའི་དཔའ་བོའི་ལོ་རྒྱུས་རིང་མོ་དང་ལྷ་སྒྲུང་སྙན་ངག་རིང་མོ་ཡིན་ལ་གླིང་གེ་སར་རྒྱལ་བོ་སྐུ་འཚོ་ཞིང་བཞུགས་སྐབས་ཀྱི་ས་གནས་སོ་སོར་ཞིབ་འཇུག་བྱེད་པའི་མཁས་པ་རྣམས་ཀྱི་དཔྱད་གཞིར་ཕུལ་བ་ལགས་སོ།།

རྩོམ་ཁུངས། ༢༠༠༧ལོའི་རིག་གནས་ཡར་སྤེལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླིང་ས་ངོས་འཛིན་གྱི་དཔྱད་རྩོམ་ཕྲན་བུ།

2010-07-14 འཇུ་སྤྲུལ་ཐུབ་བསྟན་དར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།