གླིང་དཀར་བོའི་བླ་རི་རྣམ་གསུམ་གྱི་སྐོར་བཤད་པ།

                               གཅིག    བླ་རི་རྣམ་གསུམ་ངོས་འཛིན་པ།
༡གླིང་ཆུང་རྒྱུད་ཀྱི་བླ་རི་ཨ་མྱེ་རྨ་ཆེན།
༢གླིང་འབྲིང་རྒྱུད་ཀྱི་བླ་རི་གཉན་པོ་གཡུ་རྩེ།
༣གླི་ཆེ་རྒྱུད་ཀྱི་བླ་རི་འབྲོང་རི་སྨུག་པོ།
                             གཉིས་པ།སྒྲུང་ཡིག་གི་ཁུངས།
༡དེབ་མིང༌།  འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོར་གླེང་བ་བློ་གསལ་དགའ་བའི་ཟློས་གར།
༢མཛད་པ་པོ།  མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས།
                       གསུམ་པ།  ལུང་ཚིག
ཤོག་ངོས༢༧༢སྟེང་གི་ནེའུ་ཆུང་གི་གླུ་ལས།
གདུང་ཆུང་རྒྱུད་འབུམ་པའི་བླ་རི་ལ།།
གངས་ཤར་གྱི་རྨ་རྒྱལ་སྦོམ་ར་དེའི།།
དབུའི་རྩེ་མོ་སྤྲིན་དཀར་ལ་ཐོད་མཛེས།།
གདུང་མུ་བའི་དགྲ་བླ་དགུང་དང་མཉམ།།
གླིང་ཆུང་རྒྱུད་འགྱུར་བ་མེད་པའི་རྟགས།།
གླིང་འབྲིང་རྒྱུད་མཛེས་པའི་བླ་རི་ལ།།
རི་བརྗིད་ཆགས་གཉན་པོ་གཡུ་རྩེ་དེའི།།
གངས་དཀར་བོ་རྨོག་དཀར་སྤྲིན་དང་རྩེ།།
གདོང་འོམ་བུའི་གྲགས་པས་ས་སྟེང་ཁྱབ།།
གླིང་འབྲིང་རྒྱུད་དགྲ་བླ་དར་བའི་རྟགས།།
གླིང་ཆེ་རྒྱུད་ཆགས་པའི་བླ་རི་ལ།།
རྫ་ཡིད་འཕྲོག་འབྲོང་རི་སྨུག་པོ་དེའི།།
སྤང་པད་མའི་བེར་ཆེན་སྐུ་ལ་བཀླུབས།།
གདོང་ཆེ་བཙན་ངར་རྒོད་སྟག་ལས་ལྷག།
གླིང་ཆེ་རྒྱུད་བསྟན་པ་དར་བའི་རྟགས།།
རི་གན་ཚོ་གཟི་བརྗིད་ཆེ་ལུགས་ལ།།
གླིང་དཀར་བོའི་བསྟན་པ་ཡར་དར་རེད།།
བོད་བསིལ་ལྡན་ཆོས་ཀྱི་ཞིང་ཁམས་སུ།།
ཆོས་སངས་རྒྱས་བསྟན་པ་དར་བར་ཤོག།

རྩོམ་ཁུངས། ༢༠༠༦ལོའི་རིག་གནས་ཡར་སྤེལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླིང་དཀར་བོའི་བླ་རི་རྣམ་གསུམ་གྱི་སྐོར་བཤད་པ།

2010-07-08 ལྡོང་ནོར་སྡེ། ཀློག་གྲངས། མཆན ཡོད།

                               གཅིག    བླ་རི་རྣམ་གསུམ་ངོས་འཛིན་པ།
༡གླིང་ཆུང་རྒྱུད་ཀྱི་བླ་རི་ཨ་མྱེ་རྨ་ཆེན།
༢གླིང་འབྲིང་རྒྱུད་ཀྱི་བླ་རི་གཉན་པོ་གཡུ་རྩེ།
༣གླི་ཆེ་རྒྱུད་ཀྱི་བླ་རི་འབྲོང་རི་སྨུག་པོ།
                             གཉིས་པ།སྒྲུང་ཡིག་གི་ཁུངས།
༡དེབ་མིང༌།  འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོར་གླེང་བ་བློ་གསལ་དགའ་བའི་ཟློས་གར།
༢མཛད་པ་པོ།  མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས།
                       གསུམ་པ།  ལུང་ཚིག
ཤོག་ངོས༢༧༢སྟེང་གི་ནེའུ་ཆུང་གི་གླུ་ལས།
གདུང་ཆུང་རྒྱུད་འབུམ་པའི་བླ་རི་ལ།།
གངས་ཤར་གྱི་རྨ་རྒྱལ་སྦོམ་ར་དེའི།།
དབུའི་རྩེ་མོ་སྤྲིན་དཀར་ལ་ཐོད་མཛེས།།
གདུང་མུ་བའི་དགྲ་བླ་དགུང་དང་མཉམ།།
གླིང་ཆུང་རྒྱུད་འགྱུར་བ་མེད་པའི་རྟགས།།
གླིང་འབྲིང་རྒྱུད་མཛེས་པའི་བླ་རི་ལ།།
རི་བརྗིད་ཆགས་གཉན་པོ་གཡུ་རྩེ་དེའི།།
གངས་དཀར་བོ་རྨོག་དཀར་སྤྲིན་དང་རྩེ།།
གདོང་འོམ་བུའི་གྲགས་པས་ས་སྟེང་ཁྱབ།།
གླིང་འབྲིང་རྒྱུད་དགྲ་བླ་དར་བའི་རྟགས།།
གླིང་ཆེ་རྒྱུད་ཆགས་པའི་བླ་རི་ལ།།
རྫ་ཡིད་འཕྲོག་འབྲོང་རི་སྨུག་པོ་དེའི།།
སྤང་པད་མའི་བེར་ཆེན་སྐུ་ལ་བཀླུབས།།
གདོང་ཆེ་བཙན་ངར་རྒོད་སྟག་ལས་ལྷག།
གླིང་ཆེ་རྒྱུད་བསྟན་པ་དར་བའི་རྟགས།།
རི་གན་ཚོ་གཟི་བརྗིད་ཆེ་ལུགས་ལ།།
གླིང་དཀར་བོའི་བསྟན་པ་ཡར་དར་རེད།།
བོད་བསིལ་ལྡན་ཆོས་ཀྱི་ཞིང་ཁམས་སུ།།
ཆོས་སངས་རྒྱས་བསྟན་པ་དར་བར་ཤོག།

རྩོམ་ཁུངས། ༢༠༠༦ལོའི་རིག་གནས་ཡར་སྤེལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།