གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་སྒྲུང་བ་གཅོད་རྒྱལ་གྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་གླིང་ཆགས་ཚུལ་མདོར་བསྡུས།

2010-07-07 16:49:00 གཅོད་རྒྱལ། ཀློག་གྲངས། མཆན ཡོད།

    དེའང་གླིང་ཆོས་འཕེལ་ནག་པོ་ཞེས་པ་ལ་བུ་མོ་གསུམ་ཡོད་དེ།ཉིན་ཞིག་ན་གླིང་ཆོས་འཕེལ་ནག་པོས་རྨི་ལམ་ཡ་མཚན་ཞིག་རྨིས་པས་ཕྱིར་ཉིན་བུ་མོ་གསུམ་པོ་བོས་ནས།དེ་རིང་ཁྱོད་ཚོ་གསུམ་པོའི་ལག་ལ་ཅི་ཞིག་རྙེད་ན་དེ་ཁྱེར་ཤོག་ཅེས་བཟླས་ཏེ་ཕྱོགས་གསུམ་དུ་སོ་སོར་མངགས་པར།བུ་མོ་ཆེ་བའི་ལག་ལ་གསེར་གྱི་སྡུད་མ་ཞིག་རྙེད།བུ་མོ་འབྲིང་བའི་ལག་ལ་འོམ་བུ་ཆག་ཅིག་རྙེད།བུ་མོ་ཆུང་བའི་ལག་ལ་སྤྱང་ཀི་ཞིག་གི་རྔ་མ་རྙེད་པ་རྒྱུ་མཚན་དུ་བྱས་ཏེ།རྟེན་འབྲེལ་གྱི་སྒོ་ནས་སྟོད་གླིང་གསེར་བ་མཆེད་བརྒྱད།བར་གླིང་འོམ་བུ་ཚོ་དྲུགསྨད་གླིང་དམུ་སྤྱང་སྡེ་བཞི་ཞེས་ཐོགས་ལ།དེའང་བུ་མོ་ཆེ་བའི་རྒྱུད་ལས་ཆེ་རྒྱུད་གསེར་བ་མཆེད་བརྒྱད་དང་སྟག་རོང་ཤོག་པ་བཅོ་བརྒྱད་ཆགས།བུ་མོ་འབྲིང་བའི་རྒྱུད་ལས་འབྲིང་རྒྱུད་འོམ་བུ་ཚོ་དྲུག་ཆགས།བུ་མོ་ཆུང་བའི་རྒྱུད་ལས་ཆུང་རྒྱུད་དམུ་སྤྱང་སྡེ་བཞི་བཅས་ཆགས་སོ།།
    འོ་ན།ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ས་ཆ་གང་ནས་ཆགས་ཤེ་ན།གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ཆགས་ས་མི་གཅིག་ཁ་ཁ་ཡིན་ཞེས་པ་ལྟར།རྫ་སྟོད་ལུང་བའི་ཁ་མདོ་ནས་ཆེ་རྒྱུད་གསེར་བ་མཆེད་བརྒྱད་དང་སྟག་རོང་ཤོག་པ་བཅོ་བརྒྱད་ཆགས།འབྲི་སྟོད་ལུང་བའི་ཁ་མདོ་ནས་འབྲིང་རྒྱུད་འོམ་བུ་ཚོ་དྲུག་དང་སྒ་འབྲུ་གླིང་གི་སྡེ་བ་ཆགས།རྨ་སྟོད་ལུང་བའི་ཁ་མདོ་ནས་ཆུང་རྒྱུད་དམུ་སྤྱང་སྡེ་བཞི་དང་ཚ་ཞང་ཆུ་ལ་ཉིན་སྲིབ།ཚ་ཞང་ཨ་ལྕགས་ཚོ་དྲུག་བཅས་ཆགས་སོ།།

རྩོམ་ཁུངས། སྒྲུང་བ་གཅོད་རྒྱལ་གྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།