གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་བརྡ་མི་འཕྲོད་པ།

2012-04-07 00:52:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

ཨ་མས།
ༀ་མ་ནི་པདྨེ་ཧུྃ་ཧྲྰི༔ༀ་མ་ནི་པདྨེ་ཧུྃ་ཧྲི༔སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་འགྱུར་ཅིག་་་ཨའོ་ཧའོ་ཧ་་་།འོ་བྱས་པས།ལྷན་རྒྱས་ཚོ།ད་དེ་རིང་ངའི་བུ་མོ་རྒྱ་ནག་སློབ་གྲྭ་ཆེན་མོ་ནས་ལོག་ཡོང་གི་ཡོད་ རེད།བྱས་ཙང་གཙང་སྦྲ་འདི་ཧྲོབ་ཙམ་མ་བྱས་ན།ན་ནིང་ལོག་དུས་ནང་གཙོག་པ་ཡིན་ན་གཅིག་འདུག་བྱས་ ནས།ཉིན་ལྟར་གོས་སློག་རྡབ་རྡབ་རྒྱབ་མ་ཚར་བ་དང་ལག་པ་གཉིས་དེ་བཀྲུས་མ་ཚར་བ་སྡད་སོང་།
བུ་མོས།
སྒོ་བརྡུང་ཁུལ་གྱིས། ཏག་ཏག་་་ཨ་མ་་ཏག་ཏག་་་་ཨ་མ་སྒོ་ཕྱེ་དང་་་་
ཨ་མས།
འོ་ཙི་ལགས།ལྷན་རྒྱས་ཚོ།དེང་སང་རྒྱ་ནག་ནས་ང་ཚོའི་ལུང་ཁུག་བར་འགྲིམ་འགྲུལ་འདི་སྟབས་བདེ་པོ་ཞེ་པོ་གཅིག་སོང་པ་འདྲ།ཕྱིས་བརྡར་བྱས་མ་ཚར་གོང་ནས་བུ་མོ་ནི་འབྱོར་ཟིན་སོང་།ད་ཡིན་ན་་་ཡའོ་་་་ཨ་མའི་འདི་་་་ཡོང་གི་ཡོད་་་་
བུ་མོས།
ཨ་མ་་་ང་ལོག་ཡོང་གི་ཡོད་དོ།ནང་དུ་འཛུལ་འོང་གིན་ཕྱོགས་བཞིར་ལྟ་ཙམ་བྱས་རྗེས།ཡཱ་་་་པཱ་ལགས་ག་པར་ཕྱིན་སོང་་་平时ཁ་པར་རྒྱབ་དུས་པཱ་ལགས་ཁོང་出去བྱས་སོང་རྐྱང་རྐྱང་ལབ་ཀྱི་འདུག་ག།
ཨ་མས།
བུ་མོ་་་པཱ་ལགས་ཀྱི་གཡུ་་་སྐེའི་སྒང་དེར་བཏགས་ནས་སྡད་ཡོད་རེད།ག་རེ་བྱས་སོང་ལོག་མ་ཐག་ནས་པཱ་ལགས་ཀྱི་གཡུའི་སྐོར་དྲིས་བྱས།ཕྲུ་གུའི་པཱ་པ་འདི་ཡིན་ན་་་་་ཧྥིང་རེའི་བྱས་པའི་ཁ་པར་རྒྱབ་ན་ཡང་ཁོང་ཁྲོ་བྱས་་་་
 བུ་མོས།
ཨ་མ་་་་ངས་འདི་འདྲས་ཟེར་གྱི་མེད་་་པཱ་ལགས་ག་པར་ཕྱིན་སོང་ཟེར་གྱི་ཡོད།ཟེར་ན་་་རྒྱ་སྐད་རེད་ཨ་མ་་་ཡང་ག་པར་ཕྱིན་སོང་ཟེར་གྱི་ཡོད་རེད།平时ཟེར་ན་ཨོའོ་་་་་་་ཨའོ་
དུས་ཚོད་ཡོད་རེད་པ།ད་འགྲེལ་བཤད་བྱེད་ཐུབ་མ་སོང་།གང་ལྟར་ཨ་མ་ཁྱེད་རང་གིས་ཁ་པར་ནང་ལོག་པཱ་ལགས་平时ཕྱི་ལ་ཕྱིན་སོང་རྐྱང་ལབ་ཀྱི་འདུག་ག།འོ་་་དོན་དག་འདི་ཟེར་གྱི་ཡོད།
ཨ་མས།
ལམ་སེང་དགོད་ཆུང་དགད་པ་སྦྲགས།བུ་མོ་ལོག་རྒྱུའི་རྔམ་སྐྲག་གིས་མདང་དགོང་གཉིད་ཡག་པོ་ཁུག་མ་བྱུང་ངམ།ཨ་མའི་འདི་་ལྡབ་བི་ལྡིབ་བི་སྐད་ཆའི་སྒྲ་འདི་གསལ་པོ་མི་འདུག་སྙིང་རྗེ་འདུག་ག་་སྔོན་ལ་ཨ་མས་ལམ་སེང་ཇ་གཅིག་བཟོས་ཡོང་ངོ་་་
བུ་མོས།
འོ་བྱས་པས་་ཨ་མ་་་去年ཇ་ཞིམ་པོ་གཅིག་བཟོས་བྱུང་ང་དེ་ག་བཟོས་ཨ་་་
ཨ་མས།
གཅིག་ལབ་ཁུལ་གྱིས་ཧ་་ཧ་་གླེན་མ་རང་རེད་་ཆུས་བསྙལ་ནས་བཟོས་པའི་ཇ་ག་པར་ཡོད་རེད་་་དམྱལ་ལ་ཆུང་ཆུང་ནས་སློབ་གྲྭ་རྒྱ་ནག་ལུང་པར་སྡད་ཙང་ད་ཇ་འདི་ཡང་གང་འདྲ་བཟོ་ཡི་ཡོད་མེད་ཤེས་ཀྱི་མི་འདུག་་་ཁག་མེད་་་ཁག་མེད་་ཨ་མའི་འདི་་་་་
བུ་མོས།
ཨ་མ་་་ང་变化གང་ཕྱིན་འདུག་གམ་་
ཨ་མས།
ཇ་བཟོ་ཁུལ་དང་སྦྲགས་་ལམ་སེང་ཨ་མས་ཨོའོ་ག་རེ་པད་དབང་ཟེར་གྱི་ཡོད་པས་་་དེ་རིང་ལུག་འཚོ་བར་ཕྱིན་སོང་དགོང་དྲོ་མ་གཏོགས་ལོག་སླེབས་ཀྱི་མ་རེད་་་
བུ་མོས།
འ་ལགས་་་་ཨ་མ་ནི་་་ངས་གཅུང་པོ་ཟེར་གྱི་མེད་་ང་འགྱུར་ལྡོག་བྱུང་འདུག་གམ་ཟེར་གྱི་ ཡོད།
ཨ་མས།
བུ་མོ་ད་གིན་རྒྱབ་པ་དེ་ཚོ་རྒྱ་སྐད་རེད་པས་་་་དགོད་བྲོ་བ་ལ་་ང་ཚོའི་བུ་པད་མ་དབང་གྲགས་ཀྱི་མིང་འདྲ་པོ་འདི་འདྲའི་རྒྱ་སྐད་ནང་འདུག་ག་མི་་་ཧ་་ཧ་་་ད་ཨ་མས་ཕྱེད་ཀ་གོ་ཕྱེད་ཀ་རྩ་བ་ནས་གོ་ཡི་མི་འདུག།ཨ་མའི་ འདི་་་འགྱུར་ལྡོག་བྱུང་འདུག་་་གཟུགས་པོ་འདི་སྐམ་པོ་སྐམ་པོ་ཆགས་་གདོང་ནི་སྔོན་མའི་མཁུར་མཚོས་དམར་པོ་འདི་མེད་པ་ཆགས་ནས་དཀར་པོ་རྒྱ་ལ་ཕུག་བཟོ་འདྲ་ཞིག་ཆགས་་་ད་སློབ་གྲྭར་སྡོད་དུས་ལྟོ་ཡག་པོ་བཟའ་ཡི་ཡོད་པས་་་་ཡའོ་་་ཡའོ་་་་ཨ་མའི་འདི་་མགྱོགས་པོ་ཇ་གང་ཚ་འཐུང་རྒྱབ་ཤིག་་གདོང་འདི་དམར་ཁོག་ཁོག་ཆགས་ཡོང་་་་
པྰ་ལགས།
སྒོ་བརྡུང་ཁུལ་གྱིས་་་ཏག་་་ཏག་་་སྒོ་ཕྱེ་དང་་་་
བུ་མོས།
ལམ་སེང་སྒོ་ཕྱེ་ཁུལ་དང་པཱ་ལགས་ལོག་ཕེབས་སོང་
པཱ་ལགས།
འ་ཙི་བུ་མོ་ལོག་སླེབས་ཚར་འདུག་གོ།  ག་དུས་འབྱོར་སོང་ངམ་་་་
བུ་མོས།
ང་中午འབྱོར་སོང་པྰ་ལགས་་་་ང་སྔོན་ལ་ཙང་奇怪སྐྱེས་བྱུང་ངམ།
པཱ་ལགས།
ཨ་ཕ་ལམ་སེང་ཨ་མའི་འགྲམ་དུ་ཕྱིན་ཏེ་སྐད་ཤུགས་ཆུང་ངུས་་་་ཝ་ཡེ་ཨ་མ་ང་ཚོའི་བུ་མོས་ག་རེ་ཟེར་གྱི་ཡོད་རེད་མདོག་ཚང་བྱིས་ཕྲུག་ཡིན་ན་གཅིག་སྐྱེས་བྱུང་ཟེར་ལབ་ཀྱི་འདུག་ག་་ད་སློབ་གྲྭ་མ་ཐོན་པ་ནས་བྱིས་ཕྲུག་འདི་འདྲས་ཡོད་མ་རེད་པ་་་་
ཨ་མས།
ག་རེ་ཟེར་གྱི་ཡོད་རེད་་་རྣམ་རྟོག་སློང་མཁན་་་མ་གཞི་ནས་ད་ལོ་བུ་མོས་བོད་སྐད་དཀྱིལ་དུ་རྒྱ་སྐད་ཐུག་པའི་སྡོར་ནང་བཞིན་ཐ་ཐོར་རེ་གཉིས་རྒྱབ་ཡོང་གི་་་དོན་དག་གཞན་པ་ཟེར་གྱི་ཡོད་པ་ཡིན་གྱི་རེད་་
བུ་མོས།
འ་ཙི་ལགས་་་ཡང་གོ་མ་སོང་་་་ཡང་གོ་ནོར་ཐེབས་པ་འདྲ་་་་ཨ་མ་འོ་བྱས་པས་手机电池ང་ཚོའི་ནང་ལ་充电བྱེད་ཡས་ཡོད་རེད་པས།
ཨ་མ་དང་པཱ་པ་གཉིས་ཀས་མཉམ་དུ།
ཧྲུའུ་ཅི་་་་གདན་ཁྲི་་་རྫོགས་སོང་ཟེར་་་ནང་ལ་རུམ་གདན་བརྗེས་ཡས་ཡོད་པས་་་་པཱ་ལགས་ཀྱིས་ལམ་སེང་ཧ་གོ་མདོག་གིས་ཨོའོ་་་་འོ་་་བུ་མོ་་་ཧྲུའུ་ཅིའི་གདན་ཁྲི་ནང་བཞིན་ད་ཡག་པོ་འདི་འདྲས་ང་ཚོར་ཡོད་མ་རེད་དེ་་་གདན་ཁྲི་གསར་པའི་སྒང་ལ་རུམ་གདན་ནི་བརྗེས་ཡས་ཡོད་དང་ཡོད་་་ཨ་མ་ང་གཉིས་ཀྱིས་རང་མ་ལོག་སྔོན་དེར་ཆེད་མངགས་གཅིག་བཏགས་ཡོད་རང་གཅིག་ལྟ་ཙམ་བྱེད་པར་སོང་དང་་་ཁྲ་ཁྲ་སྙིང་རྗེ་པོ་ཞིག་ཡོད་ད་་་
བུ་མོས།
འུ་ཐུགས་མདོག་གིས་་་་ཨ་མ་་་་པྰ་ལགས་་་འ་ལགས་་་་གང་ཧྲུའུ་ཅི་་་གང་གདན་ཁྲི་་་་ཡང་རུམ་གདན་ཡིན་ན་གཅིག་་་་ངས་འདི་འདྲས་ཟེར་གྱི་མེད་་་ད་གང་འདྲ་ཟེར་ལབ་དགོས་རེད་་་་MyGold་་་་་་
ཨ་མས།
གཅིག་ལབ་ཚུལ་གྱིས་ད་མེ་ཁོག་ཡིན་ན་གཅིག་ལབ་ཀྱི་འདུག་་་་ཕལ་ཆེར་འཁྱག་གི་མེད་འགྲོ་་ནང་གི་པྰ་པ་མེ་ཁོག་དེ་བུ་མོའི་འགྲམ་དུ་སྐྱེལ་དང་་ཧ་ཡེ་དབུགས་རིང་གཅིག་བཏང་ནས་ཨ་མའི་འདི་་པྰ་ལགས་ང་གཉིས་དངོས་གནས་གོ་ཡི་མི་འདུག་་་ད་སྔོན་ལ་ཇ་འདི་འཐུང་ཤིག་་ག་ལེ་ག་ལེར་ལྐུགས་བརྡ་བྱས་ན་འགྲིག་འོང་་་
བུ་མོས་་
འོ་རེད་བྱས་ཙང་་་་ངའི་ཨ་མ་ལས་སྤྱང་བ་གཅིག་་་པྰ་ལགས་ང་散步གཅིག་འགྲོ་ཡི་ཡིན་ད་་་་beybey་་་
ཨ་མས།
པད་པད་ཟེར་བེའུ་ཕྲུག་སྐྱེས་པ་དེ་མཐོང་མེད་འགྲོ་་་ཟན་པ་གཅིག་སྟེར་བར་འགྲོ་མཁན་ཡིན་ཟེར་མཁན་འདྲ་་་་བུ་མོ་འདི་ཡིན་ན་་་་ཆུང་ཆུང་ནས་བེའུ་ཕྲུག་ལ་བརྩི་པོ་ཡོད་ཡོད་་སྐད་ཆ་འདི་འགྱུར་པ་མ་གཏོགས་གཤིས་ཀ་སྔོན་མ་རང་གར་སྡད་འདུག་འགྲིག་ག་ཨ་མའི་་་
པྰ་ལགས།
ཡོའོ་་་་་ཡོའོ་་་ཨ་ཕའི་འདི་་་་་མགྱོགས་པོ་ཤོག་ཨ་་་ཨ་མ་ང་གཉིས་ཀྱིས་དོ་དགོང་རང་གི་དགའ་ཤོས་བྱེད་ཡས་ཕྱུར་རུལ་ཞིམ་པོ་དེ་སྐོལ་ཡོང་་་་་ལམ་སེང་ཨ་མར་ཁ་གཏད་ནས་ནང་གི་ཨ་མ་་་་ད་དོ་དགོང་ཕྱུར་རུལ་གཅིག་ཞིམ་པོ་གཅིག་སྐོལ་དང་་གཅིག་བྱས་ན་བུ་མོའི་ལྕེ་ཧྲིལ་ཧྲིལ་ཆགས་པ་དེ་ཚོ་སངས་ནས་སྔོན་མ་ནང་བཞིན་ལུང་པའི་སྐད་འདི་ཡག་པོ་ཞིག་རྒྱག་ཐུབ་པ་ཆགས་ཀྱི་ཡོད་འགྲོ་་་འོ་ཡཱ་ད་ངས་བུ་མོའི་ཉལ་ཆས་འདི་ཚོ་གྲ་འགྲིག་གཅིག་བྱེད་པར་ཕྱིན་ཆོག་་་བུ་མོ་འདི་ཡིན་ན་་་་་་་
ཨ་མས།
སྐད་ཅུང་ཆེན་པོས་ནང་གི་ཨ་ཕ་་་ང་ཚོའི་ཐུག་པའི་སྡོར་དེ་ཚོ་ག་པར་བཞག་ཡོད་པས་་
པཱ་ལགས།
ཐུག་པའི་སྡོར་་་་  ཐུག་པའི་སྡོར་་་ཟེར་་་་ད་གིན་བུ་མོའི་སྐད་ཆའི་དཀྱིལ་དུ་འདུག་ཟེར་གྱི་འདུག་ག་ད་ག་ལེར་འཚོལ་ཞིག་་
ཨ་མ།
ཧ་་ཧ་་་་བུ་མོའི་སྐད་ཆའི་ནང་ཐུག་སྡོར་འདྲ་པོ་འདི་འདྲས་འདུག་བྱས་པས་་ད་ང་རང་་གི་ཐུག་པའི་སྡོར་དེ་རྙེད་ཀྱི་མི་འདུག་་་་་ད་ན་གཞོན་དེ་ཚོར་དྲན་བརྡ་གཅིག་མ་སྐུལ་ན་ཡོང་བ་མི་འདུག་་་་ཨ་མའི་བུ་དང་བུ་མོ་ཚོ་་་པཱ་པས་ལམ་སེང་པཱ་པའི་བུ་དང་བུ་མོ་ཚོ་་་་ཨ་མས་རླུང་འཚུབ་ངང་ག་རེ་་་་པཱ་པས་ལམ་སེང་ཨ་མ་དང་པཱ་ཕ་གཉིས་ཀའི་བུ་དང་བུ་མོ་ཚོ་་་སྐད་ཆའི་དཀྱིལ་དུ་ཐུག་སྡོར་ཉུང་ཙམ་སྐྱོན་ན་མ་གཏོགས་་་་་ཨ་མ་ང་ཚོའི་ཐུག་སྡོར་དེ་ཚོ་ཡང་ལས་སླ་པོ་རྙེད་ཀྱི་མི་འདུག་ཧ་་ཧ་་་
   ཤོ་ཤར་ཚེ་རིང་རྒྱལ་པོས་ཟླ་བ་༣ཚེས་༡༣ཉིན་མཇུག་རྫོགས་པར་བྱས། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།