གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་མར་ལོ།༡༠

2010-04-17 17:49:00 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

                                      མགོ།

མྱི་མང་ཆེ་བའི་མགོ་བོ་ནི་གད་སྙིགས་ཀྱི་ཕུང་བོ་ཆེན་པོ་ཞིག

                                    ཐང་སྟོང་རྒྱལ་བོ།

བོད་ཀྱི་ལྕགས་མགར།

                                   དགེ་འདུན་ཆོས་འཕེལ།

དུད་ཚགས་བྱས་པའི་སྒྲོལ་མའི་ལྷ་སྐུ་དང་མཉམ་དུ་བཙོན་དུ་ཤི་བའི་ཕུག་རོན་དཀར་པོ།

                                    མཁས་པ།

སྔོན་ཆད་གཞན་གྱིས་ཤེས་པ་སླར་ཡང་དེ་བཞིན་དུ་བཤད་ཤེས་པའི་མིང་།

                                    རོགས་གསར།

བཙའ་ཆགས་པའི་ལྕགས་སྒོ་ཞིག་གི་ནང་དུ་འཛུལ་བའི་མིང་།

                                       ལམ་ལུགས།

ལྟ་ལྕགས་ཀྱི་འདོད་པ་བཞིན་དུ་ལམ་དེད་ནས་འགྲོ་དགོས་པའི་ལུག་ཁྱུ་ཞིག་གི་མིང་།

                                         སྒྲིག་ལམ།

སྐྱག་པ་ཤུགས་ཀྱིས་བཙིར་མི་ཉན་པའི་མིང་ལ་སྒྲིག་ལམ་ཟེར་།

                                         ལས་དབང་།

མི་ཕལ་ཆེར་གྱིས་ཕྱུག་པོར་གྱུར་བ་ལས་དབང་དུ་འདོད་ཀྱིན་ཡོད་པ་མ་ཟད།   དབུལ་བོར་གྱུར་བ་རང་གིས་ཉོས་པ་རེད་འདོད་ཀྱིན་འདུག

                                         དངུལ་ཁང་།

གཞན་གྱི་སྒོར་མོ་ཉར་སའི་ཁང་བའི་མིང་ལ་ཟེར་ནའང་ས་མེད་པོ་འདི་ལྟ་བུར་མཚོན་ན་དངུལ་ཁང་གི་འགོ་བ་རང་ཁྱིམ་དུ་ཉལ་བ་ལས་དངུལ་ཁང་དུ་ཉལ་རྒྱུར་དགའ་བ་རེད།

                                         སྒོར་མོ།

མྱི་ཚང་མའི་ཀུན་སྤྱོད་གོར་གོར་ཏུ་གཏོང་སྤྱད་ཅིག     མྱི་ཚང་མའི་ཁ་དང་ངོ་ཡང་གོར་གོར་ཏུ་གཏོང་སྤྱད་ཅིག

                                         བགད།

སོ་མི་གཞན་ལ་བསྟན་པའི་མིང་།   དེང་སང་མི་ཕལ་ཆེར་རང་ཤུགས་ཀྱིས་བགད་པ་མིན་པར་དགོད་དགོས་རྒྱུ་རེད་བསམ་ནས་བཙན་ཤུགས་ཀྱིས་བགད་པ་རང་རེད།

                                         དུས་ཚོད།

དོན་ལ་གནས་ཤིང་ཁ་ཆད་ལ་བཟུར་བ་མེད་པའི་གནའ་མི་ཞིག་སྟེ།    ཁོའི་ཏ་ལེན་གྱི་ར་མགོ་གཡས་གཡོན་དུ་སྐྱེ་བ་རྒྱ་མ་གང་དང་འཆི་བ་རྒྱ་མ་གང་རེ་འཇུག་གིན་ཡོད།

                                          བྲང་རྩིད།

ཁོ་ད་རུང་མྱི་དྲེད་ཀྱི་གྲས་ནས་ཐོན་ཏེ་ཅང་མིན་ཟེར་བའི་རྟགས།

                                         དཔའ་བོ།

འཆི་རྒྱུར་སྐྲག་པ་ཁས་གཏན་ནས་མི་ལེན་ལ་སྐྲག་རུང་གཞན་ལ་གཏན་ནས་མི་བཤད་པའི་མིང་།

                                         གཡོ་སྒྱུ་ཅན།

ཀླད་པའི་ནང་ཚང་མ་ལྕགས་ཀྱུ་དང་ཞགས་པ་ཡིན་ལ་ཁ་དང་ངོ་གདོང་མར་དང་ཀ་ར་ཡིན་པའི་མི།

                                           དཔེ་ཆོས།

སྒལ་ཚིགས་མང་ཞིང་སྨྲ་ར་རྫོབ་པའི་རྒན་པོ་ཞིག་སྟེ།    འཇིག་རྟེན་དང་མི་ཆོས་ཟེར་དུས་ཤེས་རྒྱ་ཆེ་མདོག་གིས་མགོ་བོ་ནང་དུ་ཡང་ཡང་ལྡེམ་མཁན་དེ།

                                             སྨྱུ་གུ།

སྔོན་ཆད་མཁས་པ་ཚོའི་ལག་ཏུ་ཤོར་ན་དམ་པའི་ལེགས་བཤད་སྐྱུག་སྤྱད་ཡིན་མོད་དེང་སང་ཅོལ་ཆུང་ཚོའི་ལག་ཏུ་ཤོར་ན་མདོ་མེད་སྐྱག་བཤད་འཆོར་སྤྱད་དུ་གྱུར་བ་མ་ཡིན་ནམ།

                                         འབྲི་དེབ།

དེ་བས་འབྲི་དེབ་ནི་རང་མཚང་གཞན་ལ་སྟོན་ས་ལས་མ་འདས།

                                         ལས་རྒྱུ་འབྲས།

བེའུ་དཀར་ནག་གཉིས་རྩེབས་རྒྱུ་ཡོད་པའི་འབྲི་མོ་ཞིག

                                          ཁ་བ་ཅན།

ཁ་བ་ཆེས་འབབ་པའི་ས་ཆའི་མིང་།

                                          གངས་ཅན་པ།

གངས་རི་ཆེས་མང་བའི་ས་ཆའི་མི།

                                           <<སྦྲང་ཆར>>

ཟླ་ཟེར་གྱི་མགོ་ལ་ཐལ་ལྕག་ཡང་ཡང་གཞུ་བའི་དགེ་རྒན་རིན་པོ་ཆེ།

                                           <<ཟླ་ཟེར>>

ཨ་ཁུ་སྐལ་བཟང་སངས་རྒྱས་ཀྱིས་འཐུང་ནས་ཚར་བའི་ཆང་ཤེལ་སྟོང་བ་ཞིག་སྟེ།  དེ་ཡི་ངོས་སུ་ཨེ་མ་རྒྱུགས་ཡ་དང་ཨ་ལ་མཆོངས་ཡ་ལྟ་བུའི་ཁྱི་རླབས་འགའ།

                                           ཕོ་རྐྱང་།

ངེས་གཏན་གྱི་མལ་ཁྲི་མེད་པའི་སྟེང་གཟའ་འཁོན་མེད་པའི་མི།

                                           སྨན་པ།

ནད་བཅོས་མཁན་ཡིན་ལ་འཆི་བདག་གི་མདུན་དུ་སྐྱེལ་མཁན་ཡང་ཡིན།

                                           ཕུགས་བསམ།

མིག་གིས་རིག་ཀྱང་འཛིན་ཐབས་བྲལ་བའི་ལྷ་མོ་ཞིག་སྟེ།   མི་མང་བོ་ཞིག་གིས་དེ་འཚོལ་བའི་ལམ་བར་ནས་རང་ཉིད་རྙེད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།