གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

"བདེ་འཇགས་རྐང་ཚ"ཞེས་པའི་བོད་ཡིག་གི་ཡིག་ཆ་རྫོབ་པོ་ཞིག་སྤེལ་བའི་གནས་ཚུལ།

2009-06-13 16:45:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།

     2006ལོའི་ལོ་མགོར། མཚོ་སྔོན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་བརྒྱ་ཆའི་བདུན་ཅུ་ཡིག་ནོར་ཡིན་པའི་བོད་ཡིག་གི་ཡིག་ཆ་ཞིག་རྫོང་དེ་གའི་མང་ཚོགས་ལ་བཀྲམས། མི་རིགས་ཀྱི་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་བྱེད་བཞིན་པའི་མི་སྣ་ཞིག་གིས<<ད་ལྟ་བ>>རྩོམ་སྒྲིག་ཁང་ལ་ཡིག་ཆ་དེའི་མ་ཡིག་འདོན་སྤྲོད་མཛད་པ་བརྒྱུད་འདོན་ཐེངས་ལྔ་བའི་སྟེང་སྤེལ་ཞིང་སྤྱི་ཚོགས་སྟེང་ནས་གྲག་འགུལ་ཆེ་ཆུང་སྣ་ཚོགས་བྱུང་བ་དང་ཀུན་གྱིས་ཡིག་ཆ་དེར་དེའི་ཁ་བྱང་དང་འཚམ་པའི་མིང་ཞིག་སྟེ"བདེ་འཇགས་རྐང་ཚ"ཞེས་པ་བཏགས། དེ་རྗེས་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྐང་ཚའི་དགེ་སློབ་འགས"བདེ་འཇགས་རྐང་ཚ"བསྐྱར་པར་བྱས་ཏེ་མཚོ་བྱང་ཁུལ་གྱི་ཁུལ་དཔོན་གྱིས་གཙོ་བའི་མགོ་ཁྲིད་རིམ་པར་བསྐུར་བས་སྲིད་གཞུང་ཕྱོགས་ནས་ཀྱང་དེ་ལ་དོ་ཁུར་བྱས་ཏེ་འགན་ཁུར་བ་གཙོ་བོ་དག་ལ་སྐྱོན་ངོས་ལེན་དང་སྒྱུར་བཅོས་བྱེད་དུ་བཅུག་པ་དང་བོད་ཀྱི་མཁས་པ་དཔའ་རིས་སངས་རྒྱས་སོགས་ཀྱིས་ཀྱང་ཆེད་དུ་རྩོམ་བྲིས་ཏེ་དགག་པ་ནན་པ་བརྒྱབ།
            སྤྱིར་ན"བདེ་འཇགས་རྐང་ཚ"ནི"བདེ་འཇགས་རྐང་ཚ"གཅིག་བུར་ཟད་ཀྱང་འོན་ཀྱང་དེ་དང་ཆ་འདྲ་བའི་གད་སྙིགས་རྫོབ་པོ་དག་གིས་རང་རེའི་ཉེ་རིང་ཀུན་ན་བཅོས་དཀའ་བའི་ན་ཚ་སྣ་ཚོགས་སློང་གིན་ཡོད་པར་ཀུན་གྱིས་ཅིས་ཀྱང་གཟབ་དགོས་པར་སྣང༌།

(གོང་གི་པར་གྱི་ཡོང་ཁུངས་ད་ལྟ་བ་ཡིན)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།