གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱད་མཚར་བའི་སྙན་ངག

2009-04-23 09:07:00 མི་གསལ། ཀློག་གྲངས། མཆན ཡོད།

  ནུབ་ཕྱོགས་ཀྱི་ས་ཆ་མང་ཆེ་སའི་རྩོམ་པ་པོ་རྣམས་ཀྱིས་སྙན་ངག་གི་ཁྱད་མཚར་གླེང་དུས། རེ་རེ་བཞིན་གཤམ་གྱི་གཏམ་རྒྱུད་འདི་བརྗོད་རྒྱུར་
ཧ་ཅང་དགའ།
     ཧ་ཅང་གྲང་བའི་དགུན་ཁ་ཞིག་ལ། ནེའུ་ཡོའོ་ཡི་གྲལ་དག་པའི་སྲང་ལམ་དུ་མིག་ཟུང་གི་གསལ་ཆ་སྒྲིབ་པའི་སྤྲང་བོ་ཞིག་ཡོད་ལ་དེའི་སྐེ་རུ་བསྐོན་
པའི་བྱང་བུའི་སྟེང་ལ"ང་རང་གི་མིག་ཞར་ཡོད"ཅེས་འཁོད་འདུག ཉིན་ཞིག་སྙན་ངག་པས"ང་ཡང་དབུལ་བས་ཅང་མེད་མོད། འོན་ཀྱང་ངས་ཁྱོད་ལ་
གསེར་དངུལ་ལས་གཞན་ཞིག་སྟེར"ཞེས་སྤྲང་བོའི་སྐེ་བྱང་སྟེང་སྐད་ཆ་གཅིག་བྲིས་ཏེ་ཐོན་སོང༌།
       ཉིན་དེར། སྤྲང་བོར་མི་མང་བོ་ཞིག་གི་གདུང་སེམས་དང་གནང་སྦྱིན་ཐོབ་སྟེ་གསེར་དངུལ་མང་བོ་ཐོབ་པས་སྤྲང་བོའི་འཚོ་བ་དང་གཞི་ནས་ཁ་
བྲལ་ཐུབ་སོང༌། ཉིན་ཞིག་ཁོ་རང་ཡང་བསྐྱར་སྙན་ངག་པ་དང་འཕྲད་དེ་ཁོས་སྙན་ངག་པར་ཡ་མཚན་ངང་འདྲི་རྒྱུར"ཁྱོད་ཀྱིས་བྱང་བུར་བྲིས་པ་ཅི་ཞིག་
ཡིན"ཞེས་དྲིས་པར། སྙན་ངག་པ་དགོད་ཞོར་དུ"དཔྱིད་ཀྱི་དཔལ་མོ་ཐོན་ལ་ཉེ་ན་ཡང༌། ང་ཡིས་དེ་དག་མཐོང་བའི་སྐབས་མི་འདུག"ཅེས་བྱང་བུའི་
སྐད་ཆ་གཅིག་པོ་ཤར་མར་བཏོན།
                     (ལྕགས་ཐར་གྱིས་བསྒྱུར)

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།